ཧུང་ཡོན་རྫོང་གིས་རིན་ཐང་བྲལ་བའི་དངོས་མིན་ཤུལ་བཞག་སྟེ་བོད་ཀྱི་ཟློས་གར་རིག་གནས་ཅེས་པའི་འཁྲབ་སྟོན་དགོང་ཚོགས་འཚོགས་པ།
| 2024-04-27 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

མི་དམངས་མང་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་བའི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཆེད། ཟླ་4ཚེས་25ཉིན། ཧུང་ཡོན་རྫོང་གིས་རིན་ཐང་བྲལ་བའི་དངོས་མིན་ཤུལ་བཞག་སྟེ་བོད་ཀྱི་ཟློས་གར་རིག་གནས་ཅེས་བརྗོད་གཙོའི་མངོན་མིན་རིག་གནས་བོད་ཀྱི་ཟློས་གར་འཁྲབ་སྟོན་དགོང་ཚོགས་འཚོགས་པ་དང་། དགོང་ཚོགས་སུ《རྟ་རྒྱུག་རྒྱན་འཇོག》དང་《ཤན་འདན་སྟག་སེང་ཁ་སྤྲོད། 》《སྲོང་བཙན་སྒམ་པོ། 》སོགས་སྲོལ་རྒྱུན་གྱི་ཟློས་གར་དང་དེ་མིན་རྨེ་བའི་སྐོར་བྲོ་དང་ལ་གཞས་སོགས་འཁྲབ་སྟོན་བྱེད་པའི་རྣམ་པའི་ཐོག་ནས་བོད་མི་རིགས་ཀྱི་གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་གར་སྟེགས་སྟེང་དུ་སྤོས་པ་དང་། བོད་རིགས་ཀྱི་སྲོལ་རྒྱུན་གླུ་གར་གྱི་ཁྱད་འཕགས་ཉམས་འགྱུར་མིག་གི་དགའ་སྟོན་དུ་བཀྲམ་སྟེ། རང་རྫོང་གི་བོད་ཀྱི་ཟློས་གར་རིག་གནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ་དང་།རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་ཀྱི་དགོས་མཁོ་ཀྱང་སྐོང་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་ཧུང་ཡོན་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་།རྒྱུན་མཐུད་དུ་དམངས་ཁྲོད་ཀྱི་བོད་ཀྱི་ཟློས་གར་རུ་ཁག་གི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་སྲིད་ཇུས་ཁག་དོན་འཁྱོལ་བྱས་པས་དེ་ཚོས་བོད་ཀྱི་ཟློས་གར་འཁྲབ་སྟོན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་དུས་མཚུངས་སུ་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་དོ།

འཕྲིན་སྤེལ་བ།ཚེ་རིང་སྒྲོན།




