ཞི་ཅིན་ཕིང་མ་ལེ་ཞི་ཡར་ཕེབས་པའི་འདྲ་པར།
| 2025-04-17 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་15ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཁྭ་ལང་ཕུའུ་རུ་འབྱོར་ནས་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་པུའུ་ལ་ཞིན་གྱིས་གདན་ཞུས་ལྟར་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་བ་རེད། 

ཆེད་གཏོང་གནམ་གྲུ་ཁྭ་ལྭ་ལུང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་ཕྱི་འབྲེལ་པུའི་པུའུ་ཀྲང་མུའུ་ཧན་མོ་ཏེ།ཕེབས་རོགས་པུའུ་ཀྲང་དང་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་ཞུས་པ་རེད། 
མ་ལེ་ཞི་ཡའི་བྱིས་པས་ཚོས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་མ་ཟད།མ་ལེ་ཞི་ཡའི་གཞོན་ནུ་ལོ་ཆུང་གིས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞབས་བྲོ་འཁྲབ་སྟོན་བྱས་ཤིང་།ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་ནས་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
རླངས་འཁོར་ལ་བསྡད་དེ་གནམ་ཐང་ནས་བཞུགས་སའི་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ་ས་གནས་དེ་གའི་ཀྲུང་གོའི་དངུལ་གཏོང་ཁེ་ལས་མི་སྣ་དང་ཕྱི་རྒྱལ་གྱི་སློབ་མས་འགྲོ་ལམ་ཕྱོགས་གཉིས་སུ་ཀྲུང་གོ་དང་མ་ལེ་ཞི་ཡའི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་ནས་ཞི་ཅིན་ཕིང་ལགས་མ་ལེ་ཞི་ཡར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།ད་དང་ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་བརྩེ་ཁྲི་ལོ་བརྟན་པ་ཤོག་ཅེས་བྲིས་ཡོད་པའི་འཕྲེད་འགེལ་སྦྱར་ཡིག་དམར་པོ་མཐོན་པོར་བསྒྲེངས་པ་དང་། ཕྱིར་སྡོད་ཀྲུང་གོ་དང་ཀྲུང་གོ་བས་སྤྲོ་སེམས་འཁོལ་བའི་སེང་བྲོ་འཁྲབ་སྟོན་བྱས་ནས་ འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་རེད།




མཇལ་འཕྲད་གནང་རྗེས་ཞི་ཅིན་ཕིང་དབྱི་པུའུ་ལ་ཞིན་གྱིས་སྤེལ་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ།
གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་ཀྱིས་ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་པོས་མཉམ་ལས་ཡིག་ཆ་བརྗེ་རེས་བྱས་པ་ཐུན་མོང་ཐོག་བདེན་དཔང་གནང་།
ཟླ་4ཚེས་16ཉིན་གྱི་སྔ་དྲོ་དབྱི་པུའུ་ལ་ཞིན་གྱིས་མ་ལེ་ཞི་ཡའི་རྒྱལ་ཁབ་ཕོ་བྲང་ཐང་ཆེན་དུ་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་སྤེལ་རྗེས་ཞི་ཅིན་ཕིང་དབྱི་པུའུ་ལ་ཞིན་དང་མཇལ་འཕྲད་གནང་།


གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་ཀྱིས་ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་པོས་མཉམ་ལས་ཡིག་ཆ་བརྗེ་རེས་བྱས་པ་ཐུན་མོང་ཐོག་བདེན་དཔང་གནང་།





