འདམ་པའི་ཉིན་སྟེང་གི་དགུན་དུས་ཀྱི་མཛེས་ཉམས།
| 2025-11-11 来源:ཀྲུང་གོ་བོད་ཀྱི་དྲ་བ། | 分享: |
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་གནས་པའི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་དུ་དགུན་དུས་ཀྱི་མཛེས་ཉམས་མངོན་པ་དང་། འདམ་པའི་ཉིན་སྟེང་ལྗོངས་ཁུལ་དེ་གངས་རི་གསུམ་དང་མཐའ་འཁོར་གྱི་གཙང་བོ། མཚོ་དང་མཚེའུ། མཐོ་སྒང་དང་སྤང་ཁུལ་གྱིས་གྲུབ་ཅིང་། ཐུན་མོང་མ་ཡིན་པའི་གདོད་མའི་སྐྱེ་ཁམས་ཁོར་ཡུག་དང་རྔམ་བརྗིད་ལྡན་པའི་རང་བྱུང་མཛེས་ལྗོངས་གིས་མཚན་སྙན་རྒྱས། འདམ་པའི་ཉིན་སྟེང་ལྗོངས་ཁུལ་ནི་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཡིན་ལ། ཉིན་སྟེང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནང་གཏོགས་ཤིང་། 2003ལོའི་ཟླ7པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཉིན་སྟེང་འཛམ་གླིང་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་པར་ཆོག་མཆན་བཀོད། །
འདི་ནི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་དུ་ཡུལ་སྐོར་པས་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཉི་རྩེ་རྒྱག་དུས་ཀྱི་གངས་རིའི་གྲུབ་གཟུགས་ཆུ་ནང་དུ་འཆར་བའི་རྣམ་པ་རེད།
འདི་ནི་ས་སྲོད་དུས་སུ་གངས་རིའི་གྲུབ་གཟུགས་ཆུ་ནང་དུ་འཆར་བའི་རྣམ་པ་རེད།
འདི་ནི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་དུ་རྐང་ཐང་དུ་བསྐྱོད་བཞིན་པའི་ཡུལ་སྐོར་པ་འགའ་རེད།
འདི་ནི་འདམ་པའི་ཉིན་སྟེང་གི་མཚོ་མོ་ཞིག་དང་གངས་རི་གསུམ་གྱི་མཛེས་ལྗོངས་རེད།
འདི་ནི་བར་སྣང་ནས་འདམ་པའི་ཉིན་སྟེང་ལྗོངས་ཁུལ་གྱི་ནགས་ཚལ་པར་བླངས་པའི་རྣམ་པ་རེད།
འདི་ནི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་གྱི་མཚོ་ཁ་ཞིག་ཏུ་གནའ་བ་སྐོར་ཞིག་གིས་ཆུ་འཐུང་བཞིན་པའི་ཚུལ་རེད།
འདི་ནི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་དུ་རྒྱུ་བཞིན་པའི་ལྗོངས་གཟིགས་རླངས་འཁོར་ཞིག་རེད།
འདི་ནི་ཞོགས་པ་སྐྱ་རེངས་ཤར་དུས་གངས་རིའི་གྲུབ་གཟུགས་ཆུ་ནང་དུ་འཆར་བའི་རྣམ་པ་རེད།
འདི་ནི་གངས་རིའི་འདབས་སུ་རྩྭ་ཟ་བཞིན་པའི་རྟ་ཁྱུ་རེད།
འདི་ནི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་དུ་གུར་ཕུབ་ནས་ཕྱི་རོལ་དུ་སྡོད་པའི་ཡུལ་སྐོར་པ་ཡིན།
འདི་ནི་གངས་རིའི་འདབས་ཀྱི་སྒྲོལ་མ་ལྷ་མཚོའི་སྟོན་ལྗོངས་ཡིན།
འདི་ནི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་གྱི་མཚོ་འགྲམ་གྱི་ཡུལ་སྐོར་པ་ཡིན།
འདི་ནི་བར་སྣང་ནས་མཚོ་འགོ་དགོན་དང་མཚོ་འགོ་སྤང་ཁུལ་པར་བླངས་པའི་རྣམ་པ་རེད།
འདི་ནི་བོད་ཀྱི་གསར་བུ་འགའ་ཡུལ་སྐོར་པ་དང་བྲོ་འཁྲབ་བཞིན་པའི་ཚུལ་རེད།
འདི་ནི་གངས་རིའི་གྲུབ་གཟུགས་གངས་དཀར་མཚོ་མོ་ནང་དུ་འཆར་བའི་རྣམ་པ་རེད།
འདི་ནི་བར་སྣང་ནས་པར་བླངས་པའི་འདམ་པའི་ཉིན་སྟེང་གི་ནོར་ར་ཞིག་རེད།
འདི་ནི་པར་བ་ཚོས་ས་སྲོད་དུ་གངས་རིའི་གྲུབ་གཟུགས་ཆུ་ནང་དུ་འཆར་བའི་རྣམ་པ་པར་ལེན་བཞིན་པའི་ཚུལ་རེད།
འདི་ནི་བར་སྣང་ནས་གངས་རི་དང་ནགས་ཚལ་པར་བླངས་པའི་རྣམ་པ་རེད།
འདི་ནི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་དུ་གནམ་སྔོན་པོ་དང་སྤྲིན་དཀར་པོ། གངས་རི་དང་ནགས་ཚལ་ཕན་ཚུན་བརྒྱན་པའི་རྣམ་པ་རེད།
འདི་ནི་གངས་རིའི་འདབས་ཀྱི་མཚེའུ་དང་སྒྲོལ་མ་ལྷ་མཚོ་རེད།
འདི་ནི་གངས་འདབས་ཀྱི་ཉིན་སྟེང་གྲོང་ཚོའི་སྟོན་ལྗོངས་རེད།
འདི་ནི་གངས་འདབས་ཀྱི་འཁྱགས་རོམ་ས་གཤིས་རྣམ་པ་རེད།
འདི་ནི་གནམ་སྔོན་པོ་དང་གངས་རི། ནགས་ཚལ་ཁྲོད་ཀྱི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་གྱི་མཚོ་མོ་ཞིག་རེད།
འདི་ནི་རྒྱང་རིང་ནས་པར་བླངས་པའི་གངས་རི་དང་གནམ་སྔོན་པོ། ནགས་ཚལ་བཅས་རེད།
འདི་ནི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་གྱི་ནགས་ར་ཞིག་རེད།
འདི་ནི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་གྱི་མཚོ་མོ་ཞིག་གི་འགྲམ་དུ་གུར་ཕུབ་པའི་ཡུལ་སྐོར་པ་རེད།
འདི་ནི་ཡུལ་སྐོར་པ་རྣམས་འདམ་པའི་ཉིན་སྟེང་ལྗོངས་ཁུལ་དུ་རྒྱུ་བཞིན་པའི་ཚུལ་རེད།
འདི་ནི་ཡུལ་སྐོར་པས་ས་སྲོད་དུས་སུ་པར་བླངས་པའི་གངས་རིའི་གྲུབ་གཟུགས་ཆུ་ནང་དུ་འཆར་བའི་རྣམ་པ་རེད།
འདི་ནི་འདམ་པའི་ཉིན་སྟེང་གི་ནགས་ཚལ་རེད།
འདི་ནི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་དུ་རྒྱུ་བཞིན་པའི་ཡུལ་སྐོར་པ་ཚོ་རེད།
འདི་ནི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་གྱི་སྤྲེའུ་ཞིག་རེད།
འདི་ནི་བར་སྣང་ནས་པར་བླངས་པའི་འདམ་པའི་ཉིན་སྟེང་ལྗོངས་ཁུལ་གྱི་མཚོ་མོ་གཉིས་རེད།




