༢༠༢༡ལོའི་འཛམ་གླིང་བཟོ་ལས་འབྲེལ་དྲའི་ཚོགས་ཆེན་དེ་ཚེས་བཅོ་བརྒྱད་ཉིན་ལིའོ་ཉིང་ཧྲེང་དབྱང་དུ་འཚོག་འགོ་ཚུགས།
| 2021-10-19 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

༢༠༢༡ལོའི་འཛམ་གླིང་བཟོ་ལས་འབྲེལ་དྲའི་ཚོགས་ཆེན་དེ་ཚེས་བཅོ་བརྒྱད་ཉིན་ལིའོ་ཉིང་ཧྲེང་དབྱང་དུ་འཚོག་འགོ་ཚུགས། ཚོགས་ཆེན་སྐབས་སུ་ཆེད་དོན་གླེང་སྟེགས་དང་བཟོ་ལས་འབྲེལ་དྲའི་གསར་གཏོད་གྲུབ་འབྲས་འགྲེམ་སྟོན་ཐེངས་བཅུ་བཞི་སྤེལ། དངོས་ཟོག་དང་འཕྲིན་སྦྱོར་ཀུན་འདུས། མི་དང་འཕྲུལ་ཆས་སྤེལ་རེས་སོགས་ཐབས་ལམ་སྣ་མང་སྤྱད་དེ། ཉེ་བའི་ལོ་ཤས་རིང་གི་བཟོ་ལས་འབྲེལ་དྲའི་ལག་རྩལ་གསར་པ་དང་ཕན་འབྲས་གསར་པ། དཔེ་མཚོན་ཉེར་སྤྱོད་སྣང་བརྙན་སོགས་གཅིག་བསྡུས་སྒོས་མཚོན་པར་བྱས་ཡོད།




