ཞི་ཅིན་ཕིང་གཟུགས་ལམ་ཐོག་ནས་༢༠༢༢ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གཟུགས་ལམ་གྲོས་ཚོགས་ནང་ཞུགས།
| 2022-01-19 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཟླ་བ་དང་པོའི་ཚེས་བཅུ་བདུན་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གཟུགས་ལམ་ཐོག་ནས་༢༠༢༢ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གཟུགས་ལམ་གྲོས་ཚོགས་ནང་ཞུགས་པ་དང་། ཡིད་ཆེས་བརྟན་པོས་མདུན་དུ་བསྐྱོད་ནས་རིམས་ནད་འཇགས་རན་པའི་སྐྱིད་པའི་མ་འོངས་བསུ་ཞེས་པའི་གསུང་བཤད་གནང་བ་རེད། གྲོས་ཚོགས་མཇུག་སྒྲིལ་སྐབས། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་འགོ་འཛིན་གྱི་འགན་གཅིག་ལྕོགས་བཞེས་མཁན་ཝང་དབྱི་ཡིས་ཀྲུང་དབྱང་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་དུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་ལྟ་བ་གལ་ཆེན་དང་དེའི་དོན་སྙིང་དང་ཕན་ཐོགས་ཚུལ་ལ་འགྲེལ་བརྗོད་བྱེད་པ་རེད།
འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་ད་ལོར་ཕྱོགས་མང་ཕྱི་འབྲེལ་བྱེད་སྒོ་གཙོ་བོའི་ནང་ཞུགས་ཐེངས་དང་པོ་ཡིན་པ་མ་ཟད། ༢༠༡༧ལོ་དང་༢༠༢༡ལོའི་རྗེས། ཀྲུང་གོའི་ཆེས་མཐོའི་དབུ་ཁྲིད་པ་ཡང་བསྐྱར་འཛམ་གླིང་དཔལ་འབྱོར་གྱི་ཕྱོགས་སྟོན་མ་ལག་ཏུ་གྲགས་པའི་ཏཱ་ཝུའོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ནང་ཞུགས་པ་ཡང་རེད། རིམས་ནད་ལས་ཇི་ལྟར་རྒྱལ་བ་དང་། རིམས་ནད་རྗེས་འཛམ་གླིང་འཛུགས་སྐྱོང་ཇི་ལྟར་བྱེད་པ། དུས་རབས་ཀྱི་གནད་དོན་འདིར་གཞིགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་རྒྱུས་དང་མཚན་ཉིད་རིག་པའི་མཐོ་ཚད་ནས་ཀྲུང་གོའི་དྲི་ལན་གནང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་མཐུན་སྒྲིལ་བྱས་ནས་རིམས་ནད་ལས་རྒྱལ་དགོས་པའི་ཁ་ཕྱོགས་ཡང་དག་དང་། འཛམ་གླིང་དཔལ་འབྱོར་བརྟན་པོ་སླར་གསོའི་རྩ་བའི་ཐབས་ཇུས། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་དངོས་གཉེར་ཐབས་ལམ། རྒྱལ་ཁབ་བར་གྱི་མཉམ་གནས་བྱེད་པའི་ལམ་བུ་ཡང་དག་བཅས་བཏོན་པས། ཕྱོགས་སོ་སོའི་རིམས་ནད་ལས་རྒྱལ་བ་དང་དཔལ་འབྱོར་སླར་གསོའི་ཡིད་ཆེས་ཇེ་བརྟན་གཏོང་བ་དང་། འཛམ་གླིང་མི་དམངས་ཀྱི་ཞི་བས་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེའི་རེ་བ་བསྐངས་ཡོད།
གཅིག་ནི། སྟོབས་ཤུགས་གཅིག་བསྡུས་བྱས་ནས། འཛམ་གླིང་མཐར་ཐུག་རམས་ནད་ལས་རྒྱལ་བར་ཡིད་ཆེས་གཏོད་དགོས། ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས་རིམས་ནད་འགོག་བཅོས་ཀྱི་མིག་དཔེ་སྟོན་ཡོད་པ་མ་ཟད། ད་དུང་རྒྱལ་སྤྱིའི་མཉམ་ལས་ཇེ་དྲག་གཏོང་བའི་ཐད་མཐུན་བསྒྲིལ་གྱིས་རིམས་འགོག་བྱེད་པའི་མིག་དཔེ་བཏོན་ཡོད། ཀྲུང་གོ་ནམ་ཡང་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཀྱི་མདུན་གྲས་སུ་ལངས་པ་དང་། འགོག་ཁབ་འདྲ་མཉམ་བགོ་བཤའི་སྐས་རིམ་རུ་ཁག་གི་འགན་འཁུར་བ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ལ་སྲིད་ཇུས་བསྒྲོགས་འགྲེལ་དང་། རིམས་ནད་འགོག་བཅོས་ཀྱི་གོམ་པ་དང་པོ་སྤོས་ཡོད།
གཉིས་ནི། སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ཇེ་དྲག་བཏང་ནས། འཛམ་གླིང་དཔལ་འབྱོར་སླར་གསོར་མཐུན་རྐྱེན་བསྐྲུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིག་སྔར་རྐང་བཙུགས་པ་དང་མིག་རྒྱང་རིང་པོས་འཛམ་གླིང་དཔལ་འབྱོར་སླར་གསོར་འཕྲད་པའི་འགལ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་དང་། འཛམ་གླིང་འཕེལ་ཕྱོགས་ཆེན་པོ་དང་དཔལ་འབྱོར་འཁོར་སྐྱོད་ཆོས་ཉིད་ལ་ཚན་རིག་དང་མཐུན་པའི་སྒོས་ཁོང་དུ་ཆུད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་རྒྱལ་སྤྱི་རིང་ལུགས་ཀྱི་མཐོ་ཚད་དུ་ལངས་པ་དང་། ཀྲུང་གོ་འཛམ་གླིང་དཔལ་འབྱོར་ཚོགས་པ་ཆེན་པོ་གཉིས་པ་ཡིན་པའི་འགན་འཁྲི་གསལ་པོ་མངོན་ཡོད་ལ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་བཅོས་བསྒྱུར་ལ་ཁ་ཕྱོགས་ཡང་དག་སྟོན་ཡོད།
གསུམ་ནི། རྒྱལ་ཁབ་གཅིག་ཡང་རྗེས་སུ་ལུས་མི་བཅུག་ནས། གོ་ལ་ཡོངས་ཐུན་མོང་འཕེལ་རྒྱས་ཐད་བྱས་རྗེས་བཞག་ཡོད། ན་ནིང་གི་ཟླ་བ་དགུ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཐོག་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་བཏོན་ཡོད། རྗེས་ཀྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་རོམ་རྩེ་འཛོམས་གྲོས་ཚོགས་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་འགོ་འདིའི་འདུ་ཤེས་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན་འགྲེལ་བརྗོད་བྱས་ཡོད། ཐེངས་འདིའི་གླེང་སྟེགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འགོ་ནི་འཛམ་གླིང་ཡོངས་ལ་སྒོ་འབྱེད་པའི་སྤྱི་པའི་ཐོན་རྫས་ཡིན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་བྱ་གཞག་གི་ལག་བསྟར་པ་བརྟན་པོ་དང་བྱས་རྗེས་འཇོག་མཁན་ཡིན་པ་འཛམ་གླིང་ཡོངས་ལ་བསྒྲགས་ཡོད།
བཞི་ནི་དྲང་བདེན་གྱི་ལམ་བུ་གཏོད་ནས། རྒྱལ་ཁབ་ཁག་ཞི་བདེ་མཉམ་གནས་དང་མཉམ་ཁེ་མཉམ་ཕན་ཡོང་བར་བྱེད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་བའི་འཕེལ་རྒྱས་དང་མཉམ་ཁེ་མཉམ་ཕན་ད་གཟོད་དྲང་བདེན་གྱི་ལམ་བུ་ཡིན་པ་ནན་གྱིས་གསུངས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནི་ལངས་ཕྱོགས་གསལ་པོ་དང་གནད་ལ་འཁེལ་བ། རྒྱལ་ཁབ་མང་ཤོས་ཀྱིས་འཇམ་འཐབ་གསར་པར་ངོ་རྒོལ་དང་འཛམ་གླིང་ཁ་བྲལ་ལ་ངོ་རྒོལ་གྱི་ཐུན་མོང་གི་འདོད་བློ་བཏོན་ཡོད་ལ། ཡང་བསྐྱར་ཀྲུང་གོ་ནམ་ཡང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་ལ་ལངས་པ་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་གྱི་ཕྱོགས་ལ་ལངས་ཡོད་པ། འཛམ་གླིང་ཞི་བདེའི་འཛུགས་སྐྱོང་པ་དང་འཛམ་གླིང་འཕེལ་རྒྱས་ཀྱི་བྱས་རྗེས་པ། རྒྱལ་སྤྱིའི་གོ་རིམ་སྲུང་སྐྱོང་པ། སྤྱི་པའི་ཐོན་རྫས་མཁོ་འདོན་པ་ཡིན་པར་མཚོན་ཡོད།
ལྔ་ནི་ཀྲུང་གོའི་འཕེལ་ཕྱོགས་སྒྲོག་འགྲེལ་གསལ་པོ་བཏོན་པ། འཛམ་གླིང་ཡོངས་དང་གོ་སྐབས་མཉམ་སྤྱོད་དང་མ་འོངས་མཉམ་གཏོད་བྱེད་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ལས་ཀྲུང་གོ་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་མིག་སྔའི་འཕེལ་ཕྱོགས་ཡག་པོ་མཚམས་སྦྱོར་དང་། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འདུ་ཤེས་སྒྲོག་འགྲེལ་གནང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཀྲུང་གོའི་འཕེལ་རྒྱས་མདུན་ལམ་དང་སྲིད་ཇུས་ཁྲིད་ཕྱོགས་ཀྱི་ཁུངས་བཙན་སྒྲོག་འགྲེལ་གྱིས་ཕྱོགས་སོ་སོས་ཀྲུང་གོའི་མ་འོངས་པར་བསམ་ཤེས་དང་ཡིད་ཆེས་ཇེ་དྲག་གཏོང་ངེས་རེད་ཅེས་གསུངས་ཡོད།





