2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ད་བར་བུད་མེད་འགྲན་བསྡུར་ནང་ཞུགས་ཚད་མཐོ་ཤོས་དང་། རྣམ་གྲངས་ནང་ཞུགས་མཁན་མང་ཤོས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་ཏུ་གྱུར་པ།
| 2022-02-17 来源:མི་དམངས་དྲ་བ། | 分享: |

ཟླ་2ཚེས་15ཉིན། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དགུན་དུས་ཀྱི་རྣམ་གྲངས་གཉིས་ཀྱི་སྐྱེས་པའི་སྤྱི་ལེ་4×7.5ཡི་རྒྱུག་མཐུད་འགྲན་བསྡུར་རྒྱལ་ཁབ་ཀྱི་དགུན་དུས་རྣམ་གྲངས་གཉིས་ལྟེ་གནས་སུ་གཉེར་བ་དང་ནོར་ཝེ་རུ་ཁག་ལ་ཨང་དང་པོ་ཐོབ་ཅིང་། འདི་ནི་དེ་ཉིན་ཨང་དང་པོ་ཐོབ་མཁན་ནོར་ཝེའི་རུ་ཁག་གི་རུ་མིས་འགྲན་བསྡུར་ཚར་རྗེས་མཉམ་པར་རྒྱག་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུའི་ཐོག པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་ད་བར་བུད་མེད་འགྲན་བསྡུར་ནང་ཞུགས་ཚད་མཐོ་ཤོས་དང་རྣམ་གྲངས་ནང་ཞུགས་མཁན་མང་ཤོས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་ཡིན་པ་ངོ་སྤྲོད་བྱས་པ་རེད།
རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་མཱ་ཁེ·ཡཱ་ཏང་སིས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་བུད་མེད་ལུས་རྩལ་པའི་འགྲན་ཞུགས་བསྡུར་གྲངས་45.4%ཟིན་པ་དང་རྣམ་གྲངས་ཆུང་གྲས་109ཚང་མའི་ནང་བུད་མེད་ལུས་རྩལ་པ་ཞུགས་པའི་རྣམ་གྲངས་ཀྱིས་53%བཟུང་ཡོད་ཅེས་བཤད་པ་དང་། ཁོང་གིས་བུད་མེད་ལུས་རྩལ་པ་དེ་བས་མང་བ་འགྲན་བསྡུར་ནང་ཞུགས་པར་སྐུལ་མ་གཏོང་རྒྱུ་ནི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་གལ་ཆེན་ཞིག་རེད། ང་ཚོས་རྒྱལ་སྤྱིའི་རྣམ་གྲངས་རྐྱང་པའི་ལུས་རྩལ་རྩ་འཛུགས་དང་། རྒྱལ་ཁབ(ས་ཁུལ)ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་། བརྒྱུད་གཏོང་ཕྱོགས། ཨོ་ལིམ་ཕིག་བརྒྱུད་གཏོང་ཞབས་ཞུ་ཀུང་སི་བཅས་དང་མཉམ་ལས་དམ་ཟབ་བྱས་ཏེ་ཞིབ་ཕྲའི་ཆ་མང་པོ་ཞིག་ནས་ཕོ་མོ་འདྲ་མཉམ་ཡོང་བར་སྐུལ་འདེད་བཏང་ཡོད་པ་དཔེར་ན། མཆོང་སྟེགས་གངས་ཤུད་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་བུད་མེད་ཀྱི་འགྲན་བསྡུར་ནང་ཐོན་པ་དང་། དེའི་ནང་མཚོན་རྟགས་རང་བཞིན་གྱི་པར་རིས་མང་པོ་མངོན་ཡོད་ཅེས་བཤད་པ་རེད།
པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་ཡན་ཅ་རུང་གིས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསར་དུ་བསྣན་པའི་རྣམ་གྲངས་ཀྱིས་བུད་མེད་ལུས་རྩལ་པ་འདྲ་མཉམ་ངང་འགྲན་བསྡུར་ནང་ཞུགས་པའི་གནད་དོན་ལ་བསམ་གཞིག་གང་ལེགས་བྱས་ཡོད། གསར་དུ་བསྣན་པའི་རྣམ་གྲངས་ཆུང་གྲས་7གྱི་ནང་ནས་རྣམ་གྲངས་2ནི་བུད་མེད་ཀྱི་རྣམ་གྲངས་རྐྱང་པ་དང་རྣམ་གྲངས4ནི་མཉམ་བསྲེས་ཚོགས་པའི་རྣམ་གྲངས་ཡིན་ཞིང་། སྐྱེས་པའི་རྣམ་གྲངས་1ལས་མེད། དེ་ཐོག་ནས《ཨོ་ལིམ་ཕིག་གི་2020ལོའི་གྲོས་རིམ》ནང་ལུས་རྩལ་ཁྲོད་ཀྱི་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་རྒྱུའི”སྐོར་གྱི་འདུ་ཤེས་གང་ལེགས་མཚོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཡོངས་བསྒྲགས་ཚོགས་འདུར་ཞུགས་མཁན་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལུས་རྩལ་པ་ཨུ་ལྷན་གྱི་ཀྲུའུ་ཞི་དབྱང་དབྱང་གིས། ལུས་རྩལ་པ་ཨུ་ལྷན་གྱི་ཨུ་ཡོན་ཁྱོན་19ཡོད་པའི་ནང་ནས་14བུད་མེད་ཡིན་པ་དང་འགྲན་བསྡུར་གྱི་ཅིང་ལི་ཁྱོན་11ཡོད་པའི་ནང་ནས་7བུད་མེད་རེད། དགུན་དུས་ཨོ་རྩལ་འགྲན་ཚོགས་མིག་སྔའི་བར་ཐམས་ཅད་བདེ་བླག་བྱུང་བ་དང་། བུད་མེད་ཀྱིས་འགྲན་བསྡུར་འཁོར་སྐྱོད་འགན་ལེན་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པས་ཁོང་ཚོ་ནི་སྤོབས་པ་སྐྱེ་འོས་པ་ཞིག་རེད་ཅེས་བཤད།







