པེ་ཅིན་༢༠༢༢ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཚེས་བཞི་ཉིན་གྱི་དགོང་མོར་འཚོག་རྒྱུ་རེད།
| 2022-03-04 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བ་གསུམ་པའི་ཚེས་བཞི་ཉིན་གྱི་དགོང་མོར། པེ་ཅིན་༢༠༢༢ལོའི་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དེ་རྒྱལ་ཁབ་ལུས་རྩལ་ར་བ་ནས་འཚོག་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོའི་ནང་ཞུགས་པ་མ་ཟད་པེ་ཅིན་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་རྒྱུ་རེད།
སྐབས་དེར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཁོངས་གཏོགས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྣ་འཛོམས་འཕྲིན་ལམ་དང་གསར་འགྱུར་འཕྲིན་ལམ། ནོར་སྲིད་འཕྲིན་ལམ། རིག་གནས་སྒྱུ་རྩལ་འཕྲིན་ལམ། ལུས་རྩལ་འཕྲིན་ལམ། ལུས་རྩལ་འགྲན་བསྡུར་འཕྲིན་ལམ། ཨོ་ལིན་ཕིག་འཕྲིན་ལམ། རྒྱལ་སྲུང་དམག་དོན་འཕྲིན་ལམ། ཞིང་ལས་ཞིང་སྡེའི་འཕྲིན་ལམ། དྭངས་གསལ་རབ་གསལ་འཕྲིན་ལམ་སོགས་བརྙན་འཕྲིན་འཕྲིན་ལམ་དང་། ཀྲུང་དབྱང་མི་དམངས་རླུང་འཕྲིན་ཁང་གི་ཀྲུང་གོའི་རང་སྒྲ་དང་ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་གི་གོ་ལ་ཧྲིལ་པོའི་ཆ་འཕྲིན་རླུང་འཕྲིན་སོགས་རླུང་འཕྲིན་གྱིས་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་རེད། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གཟུགས་ལམ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་དྲྭ་ཚིགས་སོགས་ཀྲུང་དབྱང་གི་འཕྲིན་སྦྱོར་གསར་པའི་སྟེགས་བུ་གཙོ་བོས་དུས་གཅིག་ཏུ་བརྒྱུད་གཏོང་བྱ་རྒྱུ་རེད།





