༢༠༢༢ལོའི་དག་གཙང་དྲྭ་བ་ཞེས་པའི་མུ་འབྲེལ་ཆེད་དོན་བྱ་སྤྱོད་ཀྱིས་ལས་འགན་གཙོ་བོ་བཅུ་གཙིགས་སུ་འཛིན།
| 2022-03-18 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཚེས་བཅུ་བདུན་ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གི་ཁྱབ་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་འབྲེལ་དྲྭའི་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་པའི་༢༠༢༢ལོའི་དག་གཙང་དྲ་བ་ཞེས་པའི་མུ་འབྲེལ་ཆེད་དོན་བྱ་སྤྱོད་ཀྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཆེད་དོན་བྱ་སྤྱོད་ཀྱིས་གནོད་པ་ཚབས་ཆེན་དང་རྒྱ་ཆེ་བའི་གནད་དོན་གཙིགས་སུ་བཟུང་ནས་དག་ཐེར་བྱ་རྒྱུ་རེད། དེའི་ནང་དྲྭ་རྒྱའི་ཐད་གཏོང་དང་བརྙན་ཐུང་ཁྱབ་ཁོངས་ཀྱི་གནས་ཚུལ་རྙོག་འཛིང་། ཐད་གཏོང་དོ་དམ་ལས་ཁུངས་ཀྱི་ཆ་འཕྲིན་དང་ནང་དོན་རྙོག་འཛིང་ལ་དག་ཐེར་བྱེད་པ། དྲྭ་རྒྱའི་དཀྲོག་གཏམ་ལ་རྡུང་རྡེག་གཏོང་བ་དང་། དབྱར་གནང་སྐབས་ལོ་ན་མ་སོན་པའི་དྲྭ་ཞུགས་ཁོར་ཡུག་དག་ཐེར་བྱེད་པ། བཀོལ་སྤྱོད་མ་ལག་གི་ཆ་འཕྲིན་ཞབས་ཞུའི་གནས་ཚུལ་རྙོག་འཛིང་ལ་དག་ཐེར་བྱེད་པ། དྲྭ་རྒྱའི་ཁྱབ་སྤེལ་སྒྲིག་ལམ་ཚད་ལྡན་གཏོང་བ། རྩིས་ལུགས་ཕྱོགས་བསྡུས་དག་ཐེར། དཔྱིད་གསར་དུས་ཆེན་རིང་གི་དྲྭ་ཞུགས་ཁོར་ཡུག་དག་ཐེར་བཅས་བྱས་ནས། བཞུར་ཚད་རྫུན་བཟོ་དང་སྤྱི་འབྲེལ་ངན་པ། དྲྭ་མི་རྫུན་མ་བཅས་ལ་རྡུང་རྡེག་དང་། འབྲེལ་དྲྭ་སྤྱོད་མཁན་གྱི་རྩིས་ཨང་བཀོལ་སྤྱོད་ལ་ཆེད་དོན་དག་ཐེར་བྱ་སྤྱོད་སྤེལ་རྒྱུ་རེད།




