མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་ ཚད་རིམ6.0ཅན་གྱི་ས་ཡོམ་བྱུང་འདུག
| 2022-03-26 来源:མཚོ་སྔོན་བོད་སྐད་བརྙན་འཕྲིན་དྲ་བ། | 分享: |
ཟླ3ཚེས26ཉིན་གྱི་ཆུ་ཚོད00:21སྟེང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་ཚད་རིམ་6.0ཅན་གྱི་ས་ཡོམ་བྱུང་བ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨིད10ཟིན་ཞིང་། ས་ཡོམ་གྱི་ལྟེ་བ་ནི་བྱང་གི་འཕྲེད་ཐིག་ཏུའུ38.50དང་ཤར་གྱི་གཞུང་ཐིག་ཏུའུ97.33་གྱི་གནས་ཡིན་པ་རེད། མཚོ་ནུབ་ཁུལ་གྱི་ཉེན་འགོག་རུ་ཁག་དང་འཕྲལ་བསྟུན་རུ་ཁག སྤྱི་སྡེ་སོགས་སྡེ་ཁག་སོ་སོས་དེ་མ་ཐག་གནོད་སེལ་རོགས་སྐྱོབ་སྟོབས་ཤུགས་གཅིག་སྡུད་ཀྱིས་ས་ཡོམ་བྱུང་སར་ཕྱིན་ཡོད་པ་རེད། ད་སྔ་མི་ལ་ཤི་རྨས་དང་སྡོད་ཁང་འགྱེལ་རྡིབ་བྱུང་བའི་གནས་ཚུལ་ཐོན་མེད།
关键词 >>





