2022ལོའི་ལྷ་ས་གྲོང་ཁྱེར་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་སྤེལ་འགོ་ཚུགས་པ།
| 2022-07-26 来源:མི་དམངས་དྲ་བ། | 分享: |

འདི་ནི་2022ལོའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོའི་སྐྱེས་པའི་རྩེར་སོན་ཚོགས་ཆུང་གི་འགྲན་ཞུགས་བདམས་ཐོན་པའི་འགྲན་བསྡུར་བྱེད་འགོ་ཚུགས་པ།
ཚེས་23ཉིན། 2022ལོའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་འགོ་ཚུགས་པ་དང་། རྒྱལ་ཡོངས་ས་ཁུལ་ཁག་ནས་ཡོང་བའི་རྐང་འཁོར་བཞོན་པར་དགའ་པོ་ཡོད་མཁན་300ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད། བདམས་ཐོན་པ་ཚོ་ལྷ་ས་གྲོང་ཁྱེར་དོན་གྲུབ་དངུལ་རྩ་གྲོང་ནས་ཐོན་ཏེ། ལྷོ་སྐོར་ལམ་དང་། གཙང་རལ་ཟམ་ཆེན། གཙང་འགྲམ་ལམ། ཤར་སྐོར་ལམ། ཀྲུང་ཧྭའི་རིག་གནས་སྤྱི་གླིང་། ལྷ་ས་སྐྱིད་ཆུའི་ཟམ་པ་ཨང་གསུམ་པ་བཅས་བརྒྱུད་མཐར་དོན་གྲུབ་དངུལ་རྩ་གྲོང་དུ་ལོག་ཡོད། འགྲན་བསྡུར་གྱི་ལམ་ཐག་ཧྲིལ་པོར་ཁྱོན་སྤྱི་ལེ་72.3ཡོད།
关键词 >>








