རྒྱལ་སྤྱིའི་དམག་དོན་འགྲན་བསྡུར-2022ལོ་ཨུ་རུ་སུར་མཇུག་འགྲིལ་བ།
| 2022-08-30 来源:མི་དམངས་དྲ་བ། | 分享: |
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། རྒྱལ་སྤྱིའི་དམག་དོན་འགྲན་བསྡུར-2022ལོའི་མཇུག་འགྲིལ་མཛད་སྒོ་ཨུ་རུ་སུའི་མོ་སི་ཁོ་ཀྲོའུ་ཨའོ་ཅིན་ཙུའོ་ཝོ་ཆུས་ཀྱི་རྒྱལ་གཅེས་པའི་སྤྱི་གླིང་དུ་གཉེར་བ་རེད།
ཉིན་དེའི་ཕྱི་དྲོར་འགྲན་བསྡུར་གྱི་ནང་དོན་གཙོ་བོའི་ཐན་ཁེ་རྣམ་གྲངས་གཉིས་ཀྱི་མཐའ་བསྡུར་ཨ་ལ་པི་ནུའོ་ཡི་འབེན་རར་འགོ་ཚུགས་ཤིང་། ཀྲུང་གོ་དང་། ཨུ་རུ་སུ། བྷེ་ཨུ་རུ་སུ། ཨུ་ཟ་བྷེ་ཁི་སི་ཐན་བཅས་རྒྱལ་ཁབ་བཞིའི་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་དང་ཚོགས་ཆུང་མཉམ་དུ་འགྲན་བསྡུར་བྱས་པ་དང་། ཀྲུང་གོ་རུ་ཁག་གི་ཐན་ཁེ་ཚོགས་ཆུང་3གྱིས་གཞོགས་འདེགས་དམ་ཟབ་དང་རྩལ་ནུས་འདོན་སྤེལ་བརྟན་པོ་བྱས་པས་མཐུད་རྒྱུག་འགྲན་བསྡུར་གྱི་ཨང་གསུམ་པ་ཐོབ་པ་རེད། མཐར་ཀྲུང་གོའི་རུ་ཁག་ལ་རྣམ་གྲངས་འདིའི་སྤྱིའི་དཔྱད་འདེམས་ནང་ཨང་གཉིས་པ་ཐོབ་པ་རེད།
སྐབས་འདིའི་འགྲན་བསྡུར་དེ་ཟླ་8ཚེས་13ཉིན་ནས་ཚེས་27ཉིན་བར་གཉེར་བ་དང་ཀྲུང་གོ་དང་། ཨུ་རུ་སུ། དབྱི་རན་སོགས་རྒྱལ་ཁབ་12ཀྱིས་མཉམ་དུ་གཉེར་འགན་ཁུར་བ་ཞིག་ཡིན་པ་དང་རྒྱལ་ཁབ་དང་ས་ཁུལ་37ནས་ཡོང་བའི་རུ་ཁག་270ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། ཀྲུང་གོའི་དམག་དཔུང་གིས་རུ་ཁག་9ཡི་དཔོན་དམག་ཁྱོན་205ཕྱི་རྒྱལ་དུ་འགྲན་བསྡུར་ནང་ཞུགས་པར་མངགས་ཡོད།
རྒྱལ་སྤྱིའི་དམག་དོན་འགྲན་བསྡུར་ནི་ཨུ་རུ་སུའི་རྒྱལ་སྲུང་པུས་གཉེར་བའི་རྒྱལ་སྤྱིའི་རང་བཞིན་གྱི་དམག་དོན་འགྲན་བསྡུར་ཞིག་ཡིན་པ་དང་ལོ་9འཕེལ་རྒྱས་བཏང་བ་བརྒྱུད་དེ་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ངེས་ཅན་ལྡན་པའི་སྒོ་དབྱེ་རྣམ་པའི་རྒྱལ་སྤྱིའི་དམག་དོན་སྤེལ་རེས་ཀྱི་མཉམ་ལས་ལས་སྟེགས་ཤིག་ཏུ་གྱུར་ཡོད།






