བསམ་བློ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད་བྱེད།
| 2023-06-02 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཀྲུང་ཧྭའི་རིག་གནས་ཀྱི་ཆུ་མཛོད་རིང་དུ་འབབ་ཅིང་། ནང་དོན་ཕུན་སུམ་ཚོགས་པོ་ལྡན་པ་དེ་ནི་ཀྲུང་ཧྭའི་མི་རིགས་ཀྱི་ཐུན་མོང་མིན་པའི་སྙིང་སྟོབས་མཚོན་བྱེད་ཡིན་ཞིང་། དེང་རབས་ཀྲུང་གོའི་རིག་གནས་ཀྱི་གཞི་རྩ་དང་། འཛམ་གླིང་ཧྲིལ་པོར་གནས་པའི་ཀྲུང་གོ་བའི་བློ་སེམས་འབྲེལ་བའི་གསེར་ཟམ་ཡིན་ལ། ཀྲུང་གོའི་རིག་གནས་གསར་གཏོད་བྱེད་པའི་བང་མཛོད་ཅིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅིང་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་འཕེལ་རྒྱས་ལ་མཐོང་ཆེན་པོ་གནང་སྟེ། ཁོང་གིས་ལོ་རྒྱུས་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་མཐོང་ཆེན་བྱེད་དགོས་ལ། ཀྲུང་ཧྭའི་མི་རིགས་ཀྱི་སྙིང་སྟོབས་གསོན་ཤུགས་རབ་ཏུ་འབར་པའི་འབྱུང་ཁུངས་སྲུང་སྐྱོང་ཡག་མོ་བྱེད་དགོས་ཞེས་གསུངས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅིང་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ལོ་རྒྱུས་འཕེལ་འགྲོས་མངོན་པར་མཁྱེན་ཞིང་། རིག་གནས་རང་རྟོགས་བརྟན་པོ་དང་། ཁོག་ཡངས་དཀྱེལ་ཆེན་གྱི་ལོ་རྒྱུས་གཟིགས་དཔོག འཐབ་ཇུས་ཟབ་མོའི་དགོངས་འཆར་བཅས་ནས། རིག་གནས་འཛུགས་སྐྱོང་ཐད་ལ་འདུ་་ཤེས་དང་བསམ་བློ། འཐབ་ཇུས་གསར་པ་གང་མང་བཏོན་ཏེ། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དང་ཀྲུང་གོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་ཅིང་། ཀྲུང་ཧྭའི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་གསར་གཏོད་རང་བཞིན་ལུགས་བསྒྱུར་དང་། གསར་གཏོད་ཅན་གྱི་འཕེལ་རྒྱས་བྱེད་པར་སྣེ་ཁྲིད་པ། སྐྱེད་སྟོབས་འབར་བའི་ལག་ལེན་རླབས་པོའི་ཁྲོད་དུ། དུས་རབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་སྐྱེད་དུ་བཅུག་ཅིང་། ཀྲུང་ཧྭའི་རིག་གནས་ལ་གཟི་བརྗིད་གསར་དུ་འབར་བཅུག་ཡོད། ཀྲུང་ཧྭའི་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་ཁ་ཤས་ནང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་བསྐྲུན་དང་རྒྱུན་འཛིན་བྱས་ཡོད། དེ་ནི་ཀྲུང་ཧྭའི་མི་རིགས་ཀྱི་རྩ་བ་དང་བླ་སྲོག་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་སྣེ་ཁྲིད་པ་དང་ལག་ལེན་པ་ཡིན་ལ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བློ་སེམས་དཀར་བའི་རྒྱུན་འཛིན་པ་དང་དར་སྤེལ་གཏོང་མཁན་ཡང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་དམ་དུ་འཛིན་ནས། ཀྲུང་གོ་ལ་བགྲོད་ལམ་ཡིད་ཆེས་དང་རིགས་གཞུང་ཡིད་ཆེས། ལམ་ལུགས་ཡིད་ཆེས་བཅས་བརྟན་པོ་ཡོད་ལ། དེའི་ངོ་བོ་ནི་ལོ་ངོ་ལྔ་སྟོང་ལྷག་གི་རིག་གནས་རྒྱུན་འཛིན་རྨང་གཞིའི་ཐོག་བཙུགས་པའི་རིག་གནས་ཡིད་ཆེས་རེད་ཅེས་གསུངས་པ་རེད།
རིག་གནས་ཡིད་ཆེས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཕེལ་རྒྱས་ཁྲོད་ཆེས་གཞི་རྩ་དང་གཏིང་ཟབ་པ། ཆེས་ཡུན་རིང་བའི་སྟོབས་ཤུགས་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་རིག་གནས་ཀྱི་འབྱུང་ཁུངས་འཚོལ་བའི་ལས་གཞི་ལ་དམིགས་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་གཙོ་སྐྱོང་གནང་ནས། ཆོད་དོན་གལ་ཆེན་བཏོན་ཡོད་དེ། ཀྲུང་ཧྭའི་རིག་གནས་ཀྱི་འབྱུང་ཁུངས་འཚོལ་ཞིབ་ཀྱི་ལས་གཞི་སོགས་ལས་གཞི་གལ་ཆེན་གྱི་ཞིབ་འཇུག་གྲུབ་འབྲས་ལས་རང་རྒྱལ་གྱི་ལོ་ངོ་ས་ཡའི་མིའི་རིགས་ཀྱི་ལོ་རྒྱུས་དང་ལོ་ངོ་ཁྲིའི་རིག་གནས་ལོ་རྒྱུས། ལོ་ངོ་ལྔ་སྟོང་ལྷག་གི་རིག་གནས་ལོ་རྒྱུས་བཅས་བདེན་དཔང་བྱས་ཡོད། ས་གནས་སུ་རྟོག་ཞིབ་བྱེད་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་དངོས་སུ་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་རྒྱུན་འཛིན་ལས་ཀ་ལ་རྟོག་ཞིབ་ཐེངས་མང་བྱས་པ་རེད། ཆུས་ཧྥུའུ་ཁུང་ཙི་ཞིབ་འཇུག་ཁང་ནས་དར་སྐུད་ཚོང་ལམ་ཏུན་ཧོང་བར། དེ་ནས་ཁྲའོ་ཀྲོའུ་ཀོང་ཅི་ཆའོ་ཡི་བར། ས་ཆ་རེར་སླེབས་དུས། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་ཀར་རྒྱུས་ལོན་དང་རྟོག་ཞིབ་གནང་བ་རེད། ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་རྒྱུན་འཛིན་ལ་སེམས་ཁུར་བྱས་ནས། ཝུའུ་དབྱིས་རི་བོའི་ཀྲུའུ་ཞི་གླིང་དང་མེ་ཀྲོའུ་སན་སུའུ་མཆོད་ཁང་ནས་ཨན་དབྱང་དབྱིན་ཞུས་ཤུལ་བཞག་བར། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱེད་པའི་ཐད་དུས་དང་རྣམ་པར་ཀུན་ཏུ་ཐུགས་ཁུར་དང་བསམ་གཞིགས་གཏོང་བཞིན་ཡོད་པ་མཚོན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་གསལ་པོས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་བསྐྲུན་ཅན་ལ་བསྒྱུར་བ་དང་། གསར་གཏོད་འཕེལ་རྒྱས་ཡོང་བར་ཁ་ཕྱོགས་གསལ་པོ་བསྟན་པ་དང་། རྩ་བའི་སྲུང་བྱ་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་དངོས་སུ་སྣེ་ཁྲིད་འོག ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལས་གཞི་ལག་བསྟར་སྐོར་གྱི་བསམ་འཆར་ཁྱབ་བསྒྲགས་བྱས་ནས། ཐེངས་དང་པོར་ཀྲུང་དབྱང་གི་ཡིག་ཆའི་ཐོག་ནས་ཀྲུང་གོའི་རིག་གནས་རྒྱུན་འཛིན་དང་ཀྲུང་གོའི་རིག་གནས་དར་སྤེལ་བཏང་བ་རེད། དེ་རྗེས། ཟློས་གར་རོལ་དབྱངས་རྒྱུན་འཛིན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་སྲིད་ཇུས་དུ་མ་དང་རིག་དངོས་སྲུང་སྐྱོང་བེད་སྤྱོད་བཅོས་སྒྱུར་ཇེ་དྲག་གཏོང་བའི་སྐོར་གྱི་བསམ་འཆར་དུ་མ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་སྐབས་ལོ་རྒྱུས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་ཇེ་དྲག་གཏོང་བའི་སྐོར་གྱི་བསམ་འཆར། ལྕགས་རི་རིང་པོ་དང་མིས་བཟོས་གཙང་པོ། རྒྱང་སྐྱོད། རྨ་ཆུ། འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྱོང་འཆར་འགོད་སོགས་སྔ་རྗེས་སུ་བཏོན་པ་རེད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དེ་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཆར་འགོད་རྩ་གནད་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་བཀོད་དེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པར་གཞི་འཛིན་ས་དང་འཕེལ་རྒྱས་ཀྱི་ལམ་ཡོད་པར་བྱས་ཤིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྔོག་འདོན་དང་འགྲེལ་བརྗོད་ཇེ་དྲག་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཆེས་་གཞི་རྩའི་རིག་གནས་དང་དེང་རབས་རིག་གནས་ཕན་ཚུན་འཚམ་མཐུན་དང་དེང་རབས་སྤྱི་ཚོགས་དང་ཕན་ཚུན་མཐུན་སྦྱོར་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་གསོ་སྐྱོང་བྱེད་པའི་འགོ་ཁུངས་གལ་ཆེན་དུ་འགྱུར་བར་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཚོགས་ཡོངས་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་དེ། གསར་གཏོད་རང་བཞིན་གྱི་ལུགས་བསྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྟོབས་ཤུགས་དང་སྒུལ་ཤུགས་བྱེད་པའི་རྣམ་པ་ཆགས་ཡོད།
༢༠༢༢ལོར། རྒྱལ་ཁབ་རིག་གནས་ལས་གཞི་གལ་ཆེན་བསྐྱར་དར་རིག་མཛོད་ཅེས་པ་དཔར་འགྲེམས་བྱས་ཤིང་། བསྐྱར་དར་རིག་མཛོད་ནང་དུ་ཀྲུང་གོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཤུགས་རྐྱེན་ཐེབས་པ་དང་དུས་རབས་འཕེལ་རྒྱས་ལ་སྣེ་ཁྲིད། མི་རིགས་བསྐྱར་དར་ཡོང་བའི་བསམ་བློའི་གྲུབ་འབྲས་གཅིག་ཏུ་བསྡུས་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་ཆོས་ཉིད་དང་བསམ་བློའི་འགོ་ཁུངས། རིག་གནས་ཀྱི་རྩ་བ་གསལ་སྟོན་གནང་ཡོད་པ་རེད།
ལོ་རྒྱུས་དེབ་ཐེར་བསྒྲིགས་ནས། མ་འོངས་བློ་སྒོ་འབྱེད་ཅིང་། ཞི་བས་གཤིས་རྒྱུད་སྐྱོང་། ༢༠༢༡ལོའི་ལོ་འཇུག་བར་དུ། རྒྱལ་ཡོངས་སུ་བསྡོམས་པས་གསུང་རབ་ས་ཡ་གཉིས་འབུམ་བདུན་ལྷག་ཡོངས་བཤེར་ཐོ་འགོད་བྱས་པ་དང་། བསྡོམས་པས་གསུང་རབ་ཤོག་ལེབ་ས་ཡ་གསུམ་འབུམ་བརྒྱད་ཁྲི་ལྔ་ལྷག་ཞིག་གསོ་བྱས་ཡོད་ལ། གསུང་རབ་སྲུང་སྐྱོང་རྒྱལ་ཁབ་ཚད་གཞི་དང་། ལས་རིགས་ཚད་གཞི་བཅུ་བདུན་གཏན་ཁེལ་དང་ཁྱབ་བསྒྲགས་བྱས་ཡོད། རྒྱལ་ཁབ་དཔེ་མཛོད་ཁང་གི་གཅེས་ནོར་སྲུང་སྐྱོང་བྱས་ནས། ཀྲུང་ཧྭའི་ངོ་མཚར་རྒྱུན་འཛིན་བྱེད་ཅེས་པའི་གསུང་རབ་སྲུང་སྐྱོང་ཆེད་དོན་ཐེབས་རྩའི་གྲུབ་འབྲས་འགྲེམ་སྟོན་ཐོག ཡུང་ལེ་ཚིག་མཛོད་ཆེན་མོའི་ཧུའུ་ཡིག་དེབ་སོགས་རྒྱལ་ཁབ་རིམ་པའི་གཅེས་ནོར་མང་པོ་འགྲེམ་སྟོན་བྱེད་པ་དང་། ཚན་རྩལ་སྤྱད་ནས་གཅེས་ནོར་གསུང་རབ་ཉམས་གསོ་བྱེད་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། རིག་གནས་སྙིང་སྟོབས་ལ་བརྟེན་ནས་རིག་གནས་ཀྱི་རྒྱུན་བསྲིངས། མིག་སྔར། རང་རྒྱལ་གྱིས་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲོང་ཁྱེར་བརྒྱ་དང་བཞི་བཅུ་དང་། ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་དྲུག་སྟོང་བརྒྱད་བརྒྱ་བཅུ་དགུ་ཁྱབ་བསྒྲགས་བྱས་ཡོད། རྒྱལ་ཡོངས་སུ་སྤོ་མི་ཉན་པའི་གསར་བརྗེའི་རིག་དངོས་ཁྲི་གསུམ་སྟོང་དྲུག་ལྷག་ཡོད་པ་དང་། རྒྱལ་དབང་གསོག་འཇོག་བྱས་པའི་སྤོ་ཐུབ་པའི་གསར་བརྗེའི་རིག་དངོས་ཆ་ས་ཡ་གཅིག་ལྷག་ཡོད།
གནའ་མིའི་སྲོལ་ལ་བརྟེན་ནས་རང་ཉིད་ཀྱི་བློ་སྒོ་འབྱེད། གསུང་རབ་ནང་གི་ཀྲུང་གོ་དང་། གནའ་བོའི་ཀྲུང་གོ་འཚོལ་ཞེས་པ་སོགས་ལེ་ཚན་མཆོག་གྱུར་ཁག་གཅིག་གིས་དུས་རབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་རྒྱས་བཅུག་པ་རེད། ཀྲུང་ཧྭའི་རིག་གནས་ཐོན་ཁུངས་བང་མཛོད་ནང་ནས་བརྗོད་བྱ་བདམས་པ་དང་། སྙིང་བཅུད་ལེན་པས། སྲོལ་རྒྱུན་རིག་གནས་ནང་དོན་གྱི་སྒྱུ་རྩལ་དང་གསར་གཏོད་རིག་གནས་ཐོན་རྫས་མངོན་པ་རེད། ཀྲུང་གོའི་སྲོལ་རྒྱུས་ཇ་བཟོ་ལག་རྩལ་དང་འབྲེལ་ཡོད་གོམས་སྲོལ་དེ་གཟུགས་མེད་རིག་གནས་ཤུལ་བཞག་སྙན་ཞུ་ཐུབ་པ་དང་བསྟུན། རང་རྒྱལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་ཐོའི་ནང་ཚུད་པའི་གྲངས་ཁ་ཞེ་གསུམ་དུ་འཕར་ནས། མུ་མཐུད་དུ་འཛམ་གླིང་གི་ཨང་དང་པོར་གནས་ཡོད།
དོན་དངོས་ལ་རྐང་ཚུགས་པ་དང་ལོ་རྒྱུས་ཀྱི་རྩ་བ་བཟུང་ནས། མ་འོངས་ལ་མཛུབ་སྟོན་བྱེད། ཀྲུང་ཧྭའི་ས་གཞི་ཆེན་མོ་རུ་རིག་གནས་ཀྱི་འོད་སྣང་གིས་བསྐྱར་དར་ལམ་བུ་གསལ་དུ་བཅུག ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་ཁྲོད་ནས་དར་སྤེལ་གཏོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སུ་རྐང་ཚུགས་དགོས་ཞེས་གསུངས། གོམ་སྟབས་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤེལ་རིམ་ཁྲོད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་སྐྱོད་གསར་པའི་ཐོག་སྐྱོད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་དང་ཡུན་རིང་འཕེལ་རྒྱས་ཡོང་བར་ནུས་ཤུགས་འདོན་བཞིན་ཡོད།


