ཀུའུ་ཐེ་ལི་སིས་དོན་རྐྱེན་འདིའི་ཐད་འབོད་སྐུལ་བྱས།
| 2023-06-08 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་6ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་ཧེའར་སུང་ས་ཁུལ་དུ་གནས་པའི་ཁཱ་ཧོ་ཧྥུ་ཁཱ་ཆུ་ཤུགས་གློག་ཁང་གི་ཆུ་རགས་ལ་གཏོར་སྐྱོན་ཐེབས་པའི་སྐོར་ལ་གསལ་བསྒྲགས་སྤེལ་བ་རེད། ཀུའུ་ཐེ་ལེ་སིས་དོན་རྐྱེན་འདི་ནི་མི་ཆོས་དང་། དཔལ་འབྱོར། སྣོད་བཅུད་བཅས་ཀྱི་གནོད་འཚེ་ཆེན་པོ་གསུམ་རེད་ཅེས་བཤད།
ཀུའུ་ཐེ་ལེ་སིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ལ་ཆུ་རགས་དེར་གཏོར་སྐྱོན་ཕོག་པའི་རྒྱུ་རྐྱེན་ཞིབ་དཔྱད་བྱེད་པའི་ཆ་འཕྲིན་ཁུངས་བཙུན་མེད་མོད། འོན་ཀྱང་། ཆུ་རགས་ལ་གཏོར་སྐྱོན་ཐེབས་པའི་རྐྱེན་གྱིས་ཆུ་ལོག་བྱུང་བ་དང་། ཁོར་ཡུག་ལ་གཏོར་སྐྱོན་ཕོག་པ། ཞིང་སར་གཏོར་སྐྱོན་ཕོག་པ་དང་། ལྷག་པར་དུ་ཀྲ་པོ་རོ་ཚ་བའི་ཉིང་རྡུལ་གློག་ཁང་གི་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་དང་ཡུག་རེན་སྲིད་གཞུང་གིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་བཞིན་ཡོད།
ཁོང་གིས་མི་སེར་དང་མི་སེར་གྱི་སྒྲིག་ཆས་ལ་དམིགས་པའི་ཕར་རྒོལ་བྱེད་མཚམས་འཇོག་དགོས་པ་དང་། ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་། རྒྱལ་སྤྱིའི་བཅའ་ཁྲིམས། འབྲེལ་ཡོད་གྲོས་ཆོད་བཅས་གཞིར་བཟུང་། ཨུ་རུ་སུ་དང་ཡུག་རེན་བར་གྱི་གདོང་གཏུག་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཡང་བསྐྱར་གནང་བ་རེད།



