ཀྲུའུ་ཞི་ཞི་ཅིན་ཕིང་གིས་༢༠༢༣ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་ཚོང་འདུའི་འཛམ་གླིང་ཞབས་ཞུ་ཉོ་ཚོང་རྩེ་འཛོམས་གྲོས་ཚོགས་ཐོག་གཟུགས་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བར་དོ་སྣང་ཆེན་པོ་ཐོབ།
| 2023-09-04 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཀྲུའུ་ཞི་ཞི་ཅིན་ཕིང་གིས་༢༠༢༣ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་ཚོང་འདུའི་འཛམ་གླིང་ཞབས་ཞུ་ཉོ་ཚོང་རྩེ་འཛོམས་གྲོས་ཚོགས་ཐོག་གཟུགས་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བར་དོ་སྣང་ཆེན་པོ་ཐོབ་ཅིང་། ཚོགས་ཞུགས་སྐུ་མགྲོན་ཚོས། ཀྲུའུ་ཞི་ཞི་ལགས་ཀྱི་ཤིས་ཚིག་ནང་འཛམ་གླིང་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་གནས་བབ་ལ་གསལ་བཤད་ཟབ་མོ་གནང་སྟེ། སྒོ་འབྱེད་དང་མཉམ་ལས། གསར་གཏོད། མཉམ་སྤྱོད་བཅས་ཕྱོགས་བཞི་ནས་ཞབས་ཞུའི་ཉོ་ཚོང་སྤུས་མཐོའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོ་བསྟན་པས། ཀྲུང་གོ་དང་འཛམ་གླིང་གི་རྒྱབ་ཁབ་ཁག་དང་མཉམ་དུ་མ་འོངས་ལས་རྣམ་པར་རྒྱལ་བའི་ཆོད་སེམས་བརྟན་པོ་མཚོན་ཡོད་ཅེས་བཤད་པ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་བྱུང་དང་བྱུང་བཞིན་ཡོད་པས། འཛམ་གླིང་དཔལ་འབྱོར་སླར་གསོའི་སྟོབས་ཤུགས་ཆུང་ཞིང་། ཞབས་ཞུའི་ཉོ་ཚོང་ནི་རྒྱལ་སྤྱིའི་ཉོ་ཚོང་གི་གྲུབ་ཆ་གལ་ཆེན་ཡིན་ལ། ཞབས་ཞུའི་ལས་རིགས་ནི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་ཡིན། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ཚད་མཐོན་པོར་རྒྱུན་འཁྱོངས་དང་། སྤུས་མཐོའི་འཕེལ་རྒྱས་ཀྱིས་ཕྱོགས་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཁག་གི་སྒོ་འབྱེད་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད་ཅེས་གསུངས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོར་བཅའ་སྡོད་བྱས་པའི་མཐུན་སྦྱོར་པ་ཁྲང་ཆི་ཏེ་ཡིས། ཀྲུའུ་ཞི་ཞི་ལགས་ཀྱི་གསུང་བཤད་ཤིན་ཏུ་གཏིང་ཟབ་པས། ཀུན་ལ་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་བཅུག་སོང་། ཀྲུང་གོས་གོམ་གང་མདུན་སྤོས་སྒོས་སྒོ་འབྱེད་རྒྱ་བསྐྱེད་པའི་དམ་བཅའ་བཞག་པར་དགའ་འོས་པ་ཞིག་རེད་ལ། འདི་ཡིས་ཉོ་ཚོང་དང་ཞབས་ཞུ་ལ་སྔར་ལས་གོ་སྐབས་བསྐྲུན་ནས། ཀྲུང་གོར་ཕན་ཐོགས་ཤིང་འཛམ་གླིང་ཡོངས་ལའང་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད།
ཨེར་ལན་གྱི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་པོ་ཨན་ཏའེ་ཝུན་གྱིས། ཀྲུའུ་ཞི་ཞི་ལགས་ཀྱིས་སྒོ་འབྱེད་ཀྱི་གལ་ཆེའི་རང་བཞིན་དང་ཀྲུང་གོའི་སྒོ་འབྱེད་ཐད་ཀྱི་དམ་བཅའ་བརྟན་པོ་གསུངས་པ་དེ། ངས་བསམས་ན་ང་ཚོ་དང་ཀྲུང་གོའི་ཉོ་ཚོང་བར་གྱི་གོ་སྐབས་ཆེན་པོ་ཞིག་ཡིན་པར་མ་ཟད། མ་འོངས་པའི་ལོ་འགའི་ནང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཡོང་བའི་གོ་སྐབས་ཆེན་པོ་རེད་ཅེས་བཤད། དབྱིན་ཇིའི་ཚོང་ལས་དང་ཉོ་ཚོང་པུའུ་ཡི་རྒྱལ་དོན་བློན་ཆེན་ཏོ་སྨི་ཉི་ཁེ་ཡུའེ་ཧན་ཞུན་གྱིས། ཀྲུང་གོས་དངུལ་རྩའི་ཞབས་ཞུ་དང་འཕྲིན་སྦྱོར་གསར་པ། སློབ་གསོ་དང་དེ་མིན་ཨང་ཀི་ཅན་གྱི་ཞབས་ཞུའི་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཆུ་ཚད་ཅུང་མཐོན་པོ་ཡོད་པས། དེས་སྔར་ལས་སྲིད་ཇུས་གསལ་བཏོན་དང་ཚོང་རའི་ནང་ཞུགས་རྒྱ་བསྐྱེད་ནས་མི་ཆོས་སྤེལ་རེས་ཇེ་ཟབ་བཏང་ནས། ཀྲུང་གོའི་དཔལ་འབྱོར་དང་དེ་མིན་དབྱིན་ཇིའི་དཔལ་འབྱོར་བཅས་ལ་གལ་འགངས་ཤིན་ཏུ་ཆེ་ཞེས་བཤད།
བལ་པོས་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེན་མོ་པུས་ཧྲི་ནུའུ་ཧྲི་ལེ་སི་ཐཱ་ཡིས། ཀྲུང་གོས་སྤུས་མཐོའི་སྒོ་འབྱེད་གཏོང་བར་འབད་པ་ཆེན་པོ་བྱེད་པ་དང་། ཕྱོགས་སོ་སོའི་ཁྱབ་ཁོངས་ཁག་གི་ཁྱོན་ཡོངས་སྒོ་འབྱེད་མཉམ་ལས། མི་རྣམས་ཕན་ཚུན་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་ཇེ་དྲག་བཏང་ནས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཞེས་བཤད།
ཚོང་དོན་པུའུ་ཡི་རྒྱལ་སྤྱིའི་ཉོ་ཚོང་དང་དཔལ་འབྱོར་མཉམ་ལས་ཞིབ་འཇུག་གླིང་གི་འགོ་འཛིན་ཀུའུ་ཤེའོ་མིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས་པ་དང་། འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་མཉམ་དུ་སྤྱད་ནས། འཛམ་གླིང་ལ་སྒོ་འབྱེད་མཉམ་ལས་དང་ཉིས་ཁེ་མཉམ་རྒྱལ་གྱི་འདུ་ཤེས་སྔར་ལས་གསལ་པོ་ཞིག་སྤྲད་པ་ཡོད་ཅེས་བཤད། ཞི་ཅིན་ཕིང་གིས། ང་ཚོས་སྔར་ལས་སྒོ་འབྱེད་དང་གུ་ཡངས་ཀྱི་འཕེལ་རྒྱས་ཁོར་ཡུག་འཛུགས་སྐྱོང་བྱ་རྒྱུའི་ནན་གསུང་གནང་བར་མ་ཟད། འཛམ་གླིང་ཡོངས་ལ་ཁ་ཕྱོགས་པའི་ཚད་གཞི་མཐོན་པོའི་རང་མོས་ཉོ་ཚོང་ཁུལ་གྱི་མ་ལག་རྒྱ་བསྐྱེད་དང་། གོ་རིམ་ལྡན་པའི་སྒོ་ནས་རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་སྒོ་འབྱེད་བྱེད་ཚད་ཇེ་མགྱོགས་གཏོང་བ་སོགས་ཀྱི་སྒོ་འབྱེད་བྱེད་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་གནང་ཡོད།
དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་ཉོ་ཚོང་དང་ཞིང་ལས་སྤྱི་ཁྱབ་སིའི་ཉོ་ཚོང་སྲིད་ཇུས་སིའི་འགོ་འཛིན་ཡུའེ་ཧན་ཏེ་ལ་མོན་ཏེ་ཡིས། ང་ཚོས་ཀྲུང་གོའི་བྱེད་ཐབས་ལག་ལེན་བསྟར་ནས། མུ་མཐུད་དུ་ཉོ་ཚོང་དང་ཞབས་ཞུའི་ཚོང་ར་སྒོ་འབྱེད་བྱེད་བཞིན་ཡོད་པས། དེས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་ཡོང་བར་གལ་འགངས་ཤིན་ཏུ་ཆེ་བར་ཤེས་ཐུབ་ཅེས་བཤད།
ཨ་ཟེར་བྷེ་ཇན་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་པུའུ་ཡི་འགོ་འཛིན་སྨི་ཁ་དབྱིས་ཨེར་ཇ་པ་ལོ་ཧྥུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཞབས་ཞུའི་ལས་རིགས་ཀྱི་ཚོང་ར་སྒོ་འབྱེད་དང་འཕེལ་རྒྱས་དེ་ལས་ཆེན་པོ་གཏོང་དགོས་པའི་ཐུགས་རེ་གནང་ཡོད་པས། དེས་མི་རྣམས་ལ་ཆོད་སེམས་ཆེན་པོ་སྐྱེད་དུ་འཇུག ཀྲུང་གོའི་དཔལ་འབྱོར་འཕར་སྣོན་བྱུང་བ་དང་བསྟུན་ནས། མ་དངུལ་གཏོང་མཁན་ལ་གོ་སྐབས་དེ་ལས་མང་པོ་སྤྲོད་ཐུབ་ངེས་རེད་ཅེས་བཤད།
ཀྲུང་གོའི་དབྱིན་ཇིའི་ཚོང་ཚོགས་ཀྱི་ཀྲུའུ་ཞི་ཀྲུའུ་ལི་ཨན་ཧྥེ་ཧྲེ་ཨེར་གྱིས། ནང་སྒོས་སློབ་གསོ་དང་ཚན་རྩལ་སོགས་ཀྱི་ཞབས་ཞུའི་ཁྱབ་ཁོངས་ཐད་ང་ལ་སེམས་འགུལ་ཆེན་པོ་ཐེབས་བཅུག་བྱུང་། ང་ཚོའི་ཚོང་ཚོགས་ཀྱི་ཁོངས་མིར་ཆ་བཞག་ནས་བཤད་ན། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་བཅོས་གཏོང་ཐུབ་རྒྱུ་དང་། ཀྲུང་གོར་མ་གཏོང་ལས་དར་རྒྱ་བསྐྱེད་གཏོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད། དེང་སང་ཞབས་ཞུ་ཉོ་ཚོང་ཨང་ཀི་ཅན་དང་རིག་ནུས་ཅན། འབག་མེད་ཅན་བཅས་ཇེ་མགྱོགས་འགྲོ་བའི་སྒང་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཚིག་ནང་དུ། ང་ཚོས་སྒུལ་ནུས་གསར་པ་གསོ་སྐྱོང་ཇེ་མགྱོགས་ད་ང། ཞབས་ཞུ་ལས་རིགས་འབག་མེད་ཅན་དང་མཉམ་བསྲེས་ཅན་ལ་འཕེལ་རྒྱས་བཏང་ནས་གསར་གཏོད་ཀྱི་གསོན་ཤུགས་སྔ་ལས་མང་པོ་གཏོང་དགོས་ཞེས་ནན་གསུང་གནང་།
དབྱིན་ཐེར་ཨེར་སྤྱི་གཉེར་ཁང་གི་སྤྱི་འདོམས་གཞོན་པའམ་དབྱིན་ཐེར་ཨེར་ཀྲུང་གོའི་སྤྱི་གཉེར་ཁང་གི་ལས་དོན་སྤྱི་ཁྱབ་སྤྱི་གཉེར་ཀྲོའུ་པིན་གྱིས། སྔ་ལས་སྒོ་འབྱེད་དང་སྔ་ལས་ཁོག་ཡངས་ཀྱི་ཁོར་ཡུག་ནང་དུ་ཞབས་ཞུའི་ཉོ་ཚོང་དང་ཨང་ཀིའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར། ཧུར་སེམས་དང་སྐུལ་མ་ཆེན་པོ་ཐེབས་ཤིང་། ང་ཚོས་གོ་སྐབས་སྔ་ལས་མང་པོ་དང་ ཀྲུང་གོར་ང་ཚོའི་མཉམ་ལས་རོགས་ཟླ་དང་མཉམ་དུ་ལས་རིགས་འདི་སྔ་ལས་འཕེལ་རྒྱས་གཏོང་བའི་རེ་བ་ཡོད་ཅེས་བཤད།
འབག་མེད་མ་འོངས་རྒྱལ་སྤྱི་ཉོ་ཚོང་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་པ་མཱ་ཅི་ལི་ཡིས། ངས་ཉོ་ཚོང་དང་རིག་གནས། ཇུས་འགོད་ཀྱི་ལས་གཉེར་བྱེད་བཞིན་ཡོད། འདི་ན་ཚོང་ལས་གོ་སྐབས་ཡག་མོ་རྙེད་ཐུབ་པ་དང་། སྟེགས་བུ་འདི་ནས་ཀྲུང་གོ་དང་ཨི་རན་བར་གྱི་ཞབས་ཞུ་ཉོ་ཚོང་འཕེལ་རྒྱས་གཏོང་བར་ཕན་པ་ཆེན་པོ་ཡོད་ས་རེད་ཟེར།
ཕ་ཀི་སི་ཐན་རྒྱལ་དམངས་དངུལ་ཁང་པེ་ཅིན་གྲོང་ཁྱེར་གྱི་སྐུ་ཚབ་ཁང་གི་དབུ་བཞུགས་སྐུ་ཚབ་ཞེ་ཧོ་ཧུ་ཧ་མ་ཏི་ཞ་ལི་ཁེ་ཡིས། ཀྲུང་གོའི་དངུལ་རྩལ་ལས་རིགས་རྒྱ་སྐྱེད་སྒོ་འབྱེད་གཏོང་བཞིན་ཡོད་པ་ཤེས་བྱུང་། ཀྲུང་གོ་ནི་གཞི་ཁྱོན་ཆེ་བའི་དཔལ་འབྱོར་ཚོགས་པ་ཞིག་ཡིན་པས། སུ་ཞིག་ལ་མཚོན་ནའང་ཀྲུང་གོའི་ཚོང་རའི་ནང་ཞུགས་ཐུབ་ན་འཕེལ་རྒྱས་གོ་སྐབས་ཡག་མོ་ཡོད་ངེས་རེད་ཟེར།
པེ་ཅིན་དངུལ་ཁང་ལས་འཛིན་འགོ་འཛིན་ཧོ་ཞུའེ་ཝུན་གྱིས། དངུལ་ཁང་ལས་རིགས་འཕེལ་རྒྱས་གཏོང་བར་ཨང་ཀི་ཅན་སྒུལ་ནུས་འཛུགས་སྐྱོང་ཇེ་མགྱོགས་གཏང་དགོས། ང་ཚོས་ཞབས་ཞུ་ཉོ་ཚོང་དང་དངུལ་ཁང་ལས་རིགས་ནང་ཨང་ཀི་ཅན་འཕེལ་རྒྱས་གཏོང་བར་གྲུབ་འབྲས་ཡག་མོ་ཐོབ་བྱུང་ཟེར།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོས་ཀྲུང་གོའི་ཚོང་ར་ཆེན་པོ་གོ་སྐབས་སུ་འཛིན་ནས་འཛམ་གླིང་ཡོངས་ལ་འཕེལ་རྒྱས་ཀྱི་ནུས་པ་གསར་པ་འདོན་ཡིན་ལ། སྤུས་མཐོའི་འཕེལ་རྒྱས་བཏང་ནས་འཛམ་གླིང་ཡོངས་ལ་སྔར་ལས་ཀྲུང་གོའི་ཞབས་ཞུ་མང་པོ་དང་ཡང་དག་འདོན་རྒྱུ་ཡིན་ཞེས་གསུངས།
ཚོང་དོན་པུའུ་ཞབས་ཞུ་ཉོ་ཚོང་སིའི་འགོ་འཛིན་ཝང་ཏུང་ཐང་གིས། ང་ཚོས་རྒྱལ་སྤྱིའི་ཆུ་ཚད་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་ལ་རང་མོས་སྒོས་དམིགས་སུ་འཛིན་ནས། ཞབས་ཞུ་ཉོ་ཚོང་ཁྱབ་ཁོངས་ནང་བཅོས་བསྒྱུར་སྒོ་འབྱེད་ཟབ་མོ་བྱེད་དགོས་ལ། ཞབས་ཞུ་ཉོ་མཚོང་གསར་གཏོད་སྟེགས་བུ་འཕེལ་རྒྱས་གཏོང་ཞིང་། ཞབས་ཞུ་ཉོ་ཚོང་ཁྱབ་ཁོངས་ནང་གི་བྱེད་ཐབས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་བཏང་ནས་ཞབས་ཞུ་ཉོ་ཚོང་སྤུས་མཐོའི་འཕེལ་རྒྱས་གཏོང་བ་ཡིན་ཞེས་བཤད།
པེ་ཅིན་གྲོང་ཁྱེར་གྱི་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་འགོ་འཛིན་གཞོན་པ་ཞ་ལིན་མའོ་ཡིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གསལ་པོ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། པེ་ཅིན་གྱི་ཞབས་ཞུའི་ཉོ་ཚོང་དང་དེང་རབས་ཞབས་ཞུའི་ལས་རིགས། བཟོ་སྐྲུན་ལས་རིགས་རྩེ་གྲས། དེང་རབས་ཞིང་ལས་ཟུང་འབྲེལ་འཕེལ་རྒྱས་བཅས་ལ་ཧུར་བརྩོན་བྱེད་པ་དང་། སྒོ་འབྱེད་ཁོག་ཡངས་ཀྱི་འཕེལ་རྒྱས་ཁོར་ཡུག་ལེགས་པར་སྐྲུན་ཞིང་། སྤུས་མཐོའི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་གོའི་ཞབས་ཞུ་སྔར་ལས་མང་པོ་དང་ཡག་པོ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
པེ་ཅིན་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝུན་ཞན་གྱིས། ང་ཚོས་འཕེལ་རྒྱས་ཀྱི་ཁོར་ཡུག་ཡག་ཤོས་བསྐྲུན་གང་ཐུབ་བྱེད་པ་དང་། ཞབས་ཞུའི་ལས་རིགས་ཀྱི་རྒྱུན་རྣམ་གསར་པ་དང་བྱེད་ཐབས་གསར་པ་སྔར་ལས་མང་པོ་ཁྲའོ་དབྱང་ཆུས་སུ་ནང་འགུགས་འཛུགས་བྱས་ནས། རྒྱལ་སའི་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་མང་པོ་འཇོག་རྒྱུ་ཡིན་ཞེས་བཤད།
འཛམ་གླིང་དཔལ་འབྱོར་སྒོ་འབྱེད་ན་དར་རྒྱས་འགྲོ་ཞིང་། སྒོ་བརྒྱབ་ན་ཉམས་རྒུད་དུ་འགྲོ་བར་ངེས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་མང་ཉོ་ཚོང་ལམ་ལུགས་སྲུང་སྐྱོང་བྱེད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་ཆུ་ཚད་མཐོར་གཏོང་བར་རྒྱུན་འཁྱོངས། འཛམ་གླིང་གི་རྒྱལ་ཁབ་སོ་སོར་འཛམ་གླིང་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་མཉམ་སྤྱོད་བྱས་ནས། འཛམ་གླིང་ཡོངས་སུ་སྔར་ལས་དར་ཞིང་རྒྱས་པའི་མ་འོངས་པ་ཞིག་གཏོད་པར་འབད་པ་ལྷོད་མེད་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།



