ཞི་ཅིན་ཕིང་གིས་༢༠༢༣ལོའི་མཚོ་འགག་ངོགས་གཉིས་ཁེ་ལས་པའི་རྩེ་འཛོམས་གྲོས་ཚོགས་འཚོགས་ནས་ལོ་བཅུ་འཁོར་བའི་ལོ་ཚོགས་ལ་ཤིས་འཕྲིན་སྤྲིངས།
| 2023-11-15 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཚེས་བཅུ་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་༢༠༢༣ལོའི་མཚོ་འགག་ངོགས་གཉིས་ཁེ་ལས་པའི་རྩེ་འཛོམས་གྲོས་ཚོགས་འཚོགས་ནས་ལོ་བཅུ་འཁོར་བའི་ལོ་ཚོགས་ལ་ཤིས་འཕྲིན་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས། མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་ནི་ཀྲུང་ཧྭ་མི་རིགས་དཔལ་འབྱོར་གྱི་ཁོངས་་གཏོགས་དཔལ་འབྱོར་ཡིན་ལ། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ནི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་ཡིན། མཚོ་འགག་ངོགས་གཉིས་ཁེ་ལས་པའི་རྩེ་འཛོམས་གྲོས་ཚོགས་ནི་མཚོ་འགག་ངོགས་གཉིས་ཁེ་ལས་དང་དེ་བཞིན་བཟོ་ཚོང་ལས་རིགས་མི་སྣས་སྤེལ་རེས་མཉམ་ལས་བྱེད་སའི་སྟེགས་བུ་གལ་ཆེན་ཡིན་པས། མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་སྤེལ་དང་མཚོ་འགག་ངོགས་གཉིས་མཉམ་འདྲེས་དང་འཕེལ་རྒྱས་སྐུལ་སྤེལ་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། དེར་བརྟེན་རྩེ་འཛོམས་གྲོས་ཚོགས་ཀྱིས་མཚོ་འགག་ངོགས་གཉིས་ཀྱི་ཁེ་ལས་པའི་ལས་རིགས་དང་བཟོ་ཚོང་ལས་རིགས་མཐུན་སྒྲིལ་རྒྱ་ཆེར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་དར་རྒྱས་དང་། མི་སེར་སྤུན་ཟླར་ཕན་བདེ་ཆེན་པོར་སྐྲུན་པ། མེས་རྒྱལ་གཅིག་གྱུར་གྱི་རླབས་ཆེན་བྱ་གཞག་བཅས་ལ་བྱས་རྗེས་གསར་པ་འཇོག་པའི་ཐུགས་རེ་གནང་།
ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱུང་བ་ཡིས་ མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཐད་བར་མཐོངས་རྒྱ་ཆེར་འདོན་ཞིང་། ཀྲུང་ཧྭ་མི་རིགས ་བསྐྱར་དར་རླབས་པོ་ཆེར་མངོན་འགྱུར་ཡོང་བར་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་འབད་འབུངས་བྱེད་དགོས། ང་ཚོས་མུ་མཐུད་དུ་མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་སྤེལ་རེས་མཉམ་ལས་མདུན་སྤེལ་གཏོང་ཞིང་་། མཚོ་འགག་ངོགས་གཉིས་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རྒྱས་ཟབ་སྤེལ་བྱེད་པ། ཐའེ་ཝན་སྤུན་ཟླར་ཕན་ཆེན་པོ་འདོགས་པའི་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་བཏང་ནས ། ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་ཁེ་ལས་བཅས་འཕེལ་རྒྱས་གསར་པར་འདྲེས་འགྲིག་དང་སྤུས་མཐོའི་འཕེལ་རྒྱས་མངོན་འགྱུར་ཐུབ་པར་ནུས་པ་གང་ཡོད་འདོན་་དགོས། མཚོ་འགག་ངོགས་གཉིས་ཀྱི་ཁེ་ལས་པས་མི་རིགས་རིང་ལུགས་ཆེན་པོ་རྒྱུན་འཁྱོངས་དང་། ལོ་རྒྱུས་ཀྱི་འཕེལ་འགྲོས་ལ་གདེང་ཚོད་ཡང་དག་ཐུབ་པ། དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས་བཏང་ནས། མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་བྱ་གཞག་རླབས་ཆེན་མཉམ་དུ་བསྐྲུན་པའི་རེ་བ་ཡོད་ཅེས་ནན་གསུང་གནང་།
༢༠༢༣ལོའི་མཚོ་འགག་ངོགས་གཉིས་ཁེ་ལས་པའི་རྩེ་འཛོམས་གྲོས་ཚོགས་འཚོགས་ནས་ལོ་བཅུ་འཁོར་བའི་ལོ་ཚོགས་ཐོག་རྣམ་པ་གསར་པའི་ཐོག་ནས་མཉམ་འདྲེས་འཕེལ་རྒྱས་དང་སྤུས་མཐོའི་འཕེལ་རྒྱས་གཏོང་དགོས་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས། ཚེས་བཅུ་བཞི་ཉིན་ཅང་སུའུ་ནན་ཅིང་དུ་ཚོགས་མགོ་ཚུགས་པ་རེད།




