ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་སྐོར་གླེང་བའི་༢༠༢༣ལོའི་དཔར་མ་འགྲེམས་སྤེལ་བྱས།
| 2023-12-25 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་སྐོར་གླེང་བའི་༢༠༢༣ལོའི་དཔར་མ་དེ། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས། ཆེད་དོན་གསུངས་རྩོམ་གཅེས་བསྡུས་འདིའི་ནང་། བློ་མཐུན་ཞི་ཅིན་ཕིང་གིས་༢༠༡༣ལོའི་ཟླ་བ་དགུ་པ་ནས་༢༠༢༣ལོའི་ཟླ་བ་བཅུ་གཅིག་པའི་བར་གྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སྐོར་གྱི་གསུང་རྩོམ་གལ་ཆེན་དོན་བརྒྱད་བཀོད་ཡོད་ཅིང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་ནི་ཀྲུང་གོ་ནས་བྱུང་བ་ཡིན་ལ། གྲུབ་འབྲས་དང་གོ་སྐབས་ནི་འཛམ་གླིང་ཡོངས་ལ་དབང་བ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་བཏོན་ཡོད་ལ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་ཐུན་མོང་གི་ཕུགས་འདུན་ལ་དམིགས་ནས། འཛམ་གླིང་ལ་ཤར་ཕྱོགས་རྒྱལ་ཁབ་ཀྱི་བློ་གྲོས་རབ་ཏུ་འཛོམས་པའི་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བའི་ཇུས་གཞི་མཁོ་འདོན་བྱས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་ནང་སྒོས་སུ་མཉམ་སྐྲུན་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཤེས་དཔལ་དང་རིག་གནས། སྤྱི་ཚོགས་ཀྱི་ལམ་ལུགས། འཕེལ་རྒྱས་དུས་རིམ་གྱི་ཁྱད་པར་མི་འདྲ་བ་ལས་རྣམ་པ་བརྒལ་ནས་རྒྱལ་ཁབ་ཁག་སྤེལ་རེས་བྱེད་པའི་ཐབས་ལམ་གསར་པ་བཏོད་ཡོད་ལ། རྒྱལ་སྤྱིའི་མཉམ་ལས་ཀྱི་སྒྲོམ་གཞི་གསར་པ་བཙུགས་ཤིང་། མིའི་རིགས་ཐུན་མོང་འཕེལ་རྒྱས་ཀྱི་མཐུན་རྐྱེན་ཆེ་ཤོས་ཕྱོགས་གཅིག་ཏུ་བསྡུས་ནས། ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པའི་འཛམ་གླིང་གི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་སྟེགས་བུར་གྱུར་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་བར་གཉིས་ཁེ་མཉམ་རྒྱལ་མངོན་འགྱུར་བྱུང་ཡོད་པས། འཛམ་གླིང་གི་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད་པར་མ་ཟད། ད་རུང་ཀྲུང་གོའི་སྒོ་འབྱེད་དང་འཕེལ་རྒྱས་ལ་རྣམ་པ་གསར་པ་གཏོད་ཡོད། དོན་དངོས་ལས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནི་ལོ་རྒྱུས་ཀྱི་འཕེལ་འགྲོས་ཡང་དག་པར་རྐང་ཚུགས་ཡོད་ལ། དུས་རབས་ཡར་ཐོན་གྱི་ཆོས་ཉིད་དང་མཐུན་པས། འཇིག་རྟེན་མིའི་ལམ་དག་པར་སྐྱོད་བཞིན་ཡོད་པར་ར་སྤྲོད་མངོན་པར་མཚོན ། བློ་མཐུན་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཛུབ་སྟོན་རྩ་དོན་དང་ནང་དོན་ཕུན་སུམ་ཚོགས་པོ། དམིགས་འབེན་དང་ཐབས་ལམ་སོགས་ལ་འགྲེལ་བརྗོད་ཟབ་མོ་གནང་ཡོད་པས། རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་བྱ་གཞག་སྤུས་ཚད་མཐོན་པོར་གཏོང་བ།འཛམ་གླིང་གི་རྒྱལ་ཁབ་ཁག་གིས་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུ་མངོན་འགྱུར་ཡོང་བར་སྐུལ་འདེད། སྒོ་རབ་འབྱེད་ཅིང་གུ་ཡངས་དང་ཕན་ཚུན་མཉམ་འབྲེལ་མཉམ་མཐུད། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད།




