ཀྲུའུ་ཞི་ཞི་ཅིན་ཕིང་གི་༢༠༢༤ལོའི་ལོ་སར་ཤིས་ཚིག་ལ་དོ་སྣང་ཆེན་པོ་ཐོབ།
| 2024-01-04 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
༢༠༢༤ལོའི་ལོ་སར་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་༢༠༢༣ལོར་ཀྲུང་གོར་ཐོབ་པའི་ཐུན་མོང་མ་ཡིན་པའི་གྲུབ་འབྲས་ལ་ཕྱིར་དྲན་གནང་བ་དང་། རྒྱལ་ཡོངས་མི་དམངས་ཀྱིས་མདུན་སྐྱོད་ཁྲོད་ཕུགས་འདུན་བརྩོན་ལེན་དང་གྲུབ་འབྲས་གཏོད་པའི་སྐུལ་མ་གནང་། བྱམས་བརྩེ་ཆེ་བའི་ཐུགས་རེ་དང་། བརྩེ་བ་ཟབ་མོའི་སྨོན་འདུན་གྱིས་མི་ལ་སྟོབས་ཤུགས་བསྩལ་བ་དང་སེམས་ཤུགས་སྐུལ་བ་རེད། རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས། རྒྱང་སྐྱོད་གསར་པའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོར་བྱེད་པ་དང་། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྲོད་གཟི་བརྗིད་སྔར་ལས་ཆེན་པོ་གཏོད་དགོས་ཞེས་བཤད།
༢༠༢༣ལོར་ཕྱིར་དྲན་བྱེད་དུས། སྤྱི་ཁྱབ་ཧྲུའུ་ཅིས། ལོ་འདིར་ང་ཚོས་གོམ་སྟབས་བརྟན་པོ་སྤོས་བར་མ་ཟད། ངོ་མཚར་དང་གཏིང་ཤུགས་མངོན་ཡོད་ཅེས་གསུངས། ཚང་མས་འདས་པའི་ལོ་གཅིག་ནང་དཀའ་སྤྱད་སྡུག་རུས་བྱས་པ་དང་། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པས། མི་སེམས་སྐུལ་མ་ཐེབས་པ་ཞིག་རེད་ཅེས་བཤད།
ཧྥུའུ་ཅན་ཞའོ་མན་གྲོང་ཁྱེར་མི་སེར་ཀྲང་ཧྭ་ཅོན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སར་ཤིས་ཚིག་ནང་ང་ཚོར་བཀྲ་ཤིས་སྨོན་འདུན་གནང་བས། མི་སེམས་ལ་དྲོད་སྣང་སྟེར་བ་དང་། སྐུལ་མ་ཆེན་པོ་ཐེབས་བྱུང་། ༢༠༢༣ལོར། ང་ཚོའི་ཉེ་འགྲམ་དུ་སྤྱི་གླིང་ཆུང་ཆུང་ཇེ་མང་རེད། སྐྱིད་སྣང་དང་ཐོབ་སྣང་ཇེ་ཆེར་རེད་ཅེས་བཤད།
ཀུའེ་ཀྲོའུ་སི་ནན་རྫོང་སན་ཏའོ་ཧྲུའེ་ཞང་གི་ཀྲོའོ་ཀྲའེ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཁྲེང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་མངོན་ཡོད་ཅེས་གསུངས། འདི་ང་ཚོ་ཀྲོའོ་ཀྲའེ་གྲོང་ཚོར་ཡང་སྒོས་སུ་མངོན་གསལ་རེད། ང་ཚོས་ཐོན་ལས་མ་ལག་འཐུས་ཚང་དང་། ཟུར་སྣོན་རིན་ཐང་འཕར་མ་ཇེ་མཐོར་སོང་ཡོད། རྗེས་མར་ང་ཚོས་འབད་འབུངས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་ཡིན་ཞེས་བཤད།
ཀྲེ་ཅང་ཉིང་པོ་གྲོང་ཁྱེར་གྱི་མཐོ་རིམ་གྲངས་འཛིན་འཁོར་སྟེགས་གནད་འགག་ལྷུ་ལག་གསར་གཏོད་ལྟེ་གནས་ཀྱིས་ཀྲུའུ་རེན་ཀྲུའུ་ཝེ་ཝེ་ཡིས། འདས་པའི་ལོ་གཅིག་ནང་། ང་ཚོས་དཀའ་སྡུག་དང་འགྲན་སློང་ཁྲོད་ནས། མཐོ་རིམ་འཁོར་སྟེགས་ཀྱི་ལྟེ་བའི་ལྷུ་ལག་ཁག་གཅིག་འགག་སྒྲོལ་ཐུབ་ཡོད། ༢༠༢༤ལོར། ང་ཚོས་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་ལྟེ་གནས་སྒྲིག་འཛུགས་བྱས་ནས། མཐོ་རིམ་གྲངས་འཛིན་འཁོར་སྟེགས་རྨང་གཞིའི་ཞིབ་འཇུག་དང་ཐོན་ལས་དགོས་མཁོའི་བར་གྱི་མི་འདང་བའི་གནད་འགག་གསར་གཏོད་བརྒྱུད་རིམ་ཐོགས་མེད་བྱས་ཏེ། དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བཤད།
ལོ་འདིའི་ནང་། ཀྲུང་གོས་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་ཀྱིས་འབད་བརྩོན་རྩེར་སྙེག་བྱས་ནས། ག་ས་གང་དུ་གསར་གཏོད་མང་པོ་བྱས་ཡོད། ལོ་གསར་པའི་འགོ་ཚུགས་མ་ཐག འབྲི་ཆུའི་དཔལ་འབྱོར་ཁུལ་དུ་ཅུའུ་ཅང་གྲུ་ཁར་བྲེལ་བ་ཆེན་པོ་ཤར་བཞིན་འདུག་ལ། ཐའེ་ཧུའུ་མཚེའུའི་འགྲམ་དུ་འབད་བརྩོན་རྟགས་ཅན་གྱི་ཚན་ཞིབ་ལས་ཀ་སྐོར་དང་པོ་འགོ་བཙུགས་ཡོད་པ་རེད།
ཀྲུང་གོའི་གྲུ་གཟིངས་སྡེ་ཚོགས་བདུན་ཐིག་གཉིས་སའོ་ཡི་མཐོ་རིམ་བཟོ་སྐྲུན་པ་ཀྲང་ཝའེ་ཡིས། འདས་པའི་ལོ་གཅིག་ནང་། འབད་བརྩོན་རྟགས་ཅན་གྱིས་ཐེངས་དང་པོའི་རྒྱལ་སྤྱིའི་རྒྱ་མཚོ་ཆེན་མོའི་གླིང་བསྐོར་བའི་མི་སྡོད་ཟབ་འཛུལ་ཚན་ཞིབ་ལས་འགན་གྲུབ་པ་དང་། ལོ་གསར་པའི་ནང་ང་ཚོས་ཀྲུའུ་ཞི་ཞི་ལགས་ཀྱི་བཀའ་གསུང་ཡིད་ལ་དམ་པོར་བཅངས་ནས། རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་དེ་ལས་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་བཤད།
ཅང་ཞི་ཅིའུ་ཅང་གྲོང་ཁྱེར་གྲུ་ཁའི་མཚོ་འདྲེན་དོ་དམ་ཅུས་ཀྱི་འགོ་འཛིན་གཞོན་པ་ཏིང་པིང་ལིན་གྱིས། ལོ་གསར་པའི་ནང་། ང་ཚོས་འབྲི་ཆུའི་ཆུ་ལམ་བཟང་པོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱབ་རྟེན་དང་ཞབས་ཞུ་དེ་ལས་ཆེན་པོ་བྱ་རྒྱུ་ཡིན་ཞེས་བཤད།
སའི་གོ་ལའི་ཆེས་ལྷོ་མཐའ་རུ་ཀྲུང་གོའི་ལྷོ་སྣེ་རྟོག་ཞིབ་ལས་འགན་ཐེངས་བཞི་བཅུ་པ་སྒྲུབ་བཞིན་པའི་སྒང་རེད། ཚན་ཞིབ་ས་ཚུགས་ནས། རུ་མི་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་པའི་ཤིས་ཚིག་ལ་བལྟས་པས་སྐུལ་མ་ཆེན་པོ་ཐེབས་ཡོད། ཀྲུང་གོའི་ལྷོ་སྣེ་རྟོག་ཞིབ་ལས་འགན་ཐེངས་བཞི་བཅུ་པའི་འགོ་ཁྲིད་ཀྲང་པེ་ཁྲིན་གྱིས། ༢༠༢༤ལོར། རང་རྒྱལ་གྱི་ལྷོ་སྣེ་ཚན་ཞིབ་བྱ་གཞག་བསྒྲུབས་ནས་ལོ་བཞི་བཅུ་འཁོར་བ་ཡིན་ལ། རང་རྒྱལ་གྱིས་ཚན་ཞིབ་ས་ཚུགས་ལྔ་པ་སྟེ་ལོ་སི་རྒྱ་མཚོའི་ས་ཚུགས་གསར་པ་འཛུགས་སྐྲུན་ཚ་ཚ་འུར་འུར་བྱེད་བཞིན་པའི་སྒང་རེད། ང་ཚོས་ཚན་ཞིབ་ལས་འགན་ཁག་ནན་ཏན་གྱིས་བསྒྲུབས་ནས། ཁྱོན་ཡོངས་ནས་ལྷོ་སྣེ་ལ་རྒྱུན་ཆད་མེད་པར་རྒྱུས་ལོན་ཟབ་མོ་བྱེད་རྒྱུ་ཡིན་ཞེས་བཤད།
ལོ་འདིའི་ནང་། ལུས་རྩལ་བ་ཚོས་གྲུབ་འབྲས་བཟང་པོ་བླངས་ནས་ངོ་མཚར་རྣམ་པ་མང་པོ་བསྟན་སྟེ་ཀྲུང་གོའི་གསོན་ཤུགས་རབ་ཏུ་མངོན་ཡོད། ལིའང་ཏུའུ་དང་ཨར་ལི་ཐུའུ་ཡི་ཤེས་དཔལ་གྱི་གཟི་མདངས་དང་དབྱིན་ཞུས་རུས་བརྐོས་ཡི་གེ་རྒྱུན་འཛིན་སོགས་ཕྱོགས་གང་ཅིའི་ཐད་ནས་ཤེས་དཔལ་གྱི་ངོ་མཚར་དོད་ཅིང་རིག་གནས་ཀྱི་སྟོབས་ཤུགས་མངོན་ངར་མཚོན་ཡོད།
ཀྲུང་གོའི་བུད་མེད་སླེ་གྲུག་རུ་ཁག་གི་རུ་མ་ཀྲང་རུའུ་ཡིས་ཕྱི་གསར་དུས་ཆེན་རྗེས་ནས་ང་ཚོས་མཉམ་དུ་སློ་ལོག་སྦྱོང་བརྡར་བྱས་ནས་ཕེ་རིས་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་རྩོད་ནང་ཞུགས་རྒྱུར་་གྲ་སྒྲིག་བྱ་རྒྱུ་ཡིན། ངས་མུ་མཐུད་ནས་འགྲན་རྩོད་ལྷུར་ལེན་དང་འབད་བརྩོན་ཆེན་པོ་བྱས་ནས་གྲུབ་འབྲས་ལེན་ཐུབ་པར་བྱ་རྒྱུ་དང་། ཨོ་རྩལ་འགྲན་ཚོགས་ཐོག་གྲུབ་འབྲས་ཡག་མོ་ལོན་ནས་མེས་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་བྱས་རྗེས་འཇོག་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད།
དབྱིན་ཞུས་དངོས་མང་བཤམས་སྟོན་ཁང་གི་རྒྱུན་ལས་འགོ་འཛིན་གཞོན་པ་ཀྲའོ་ཆིང་རོང་གིས་ང་ཚོས་བཀའ་བཅོལ་སེམས་སུ་བཟུང་ནས། དབྱིན་ཞུས་རུས་བརྐོས་ཡི་གེ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་། དྲིལ་བསྒྲགས་བྱེད་ཐབས་མང་པོ་དང་ལྟ་ཉན་ལ་བརྟེན་ནས་རུས་བརྐོས་ཡི་གེའི་གཏམ་རྒྱུད་ངོ་མཚར་བཤད་རྒྱུ་ཡིན་ཞེས་བཤད།
མདུན་སྐྱོད་ཀྱི་ལམ་བུའི་ཐོག དཀའ་ངལ་གྱི་ཆར་རླུང་འཚུབ་རྒྱུ་སྤྱི་འགྲོས་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་གསུང་བཤད་གནང་ནས་ཚང་མ་ལ་འགྲན་སློང་དང་དཀའ་ངལ་སེལ་བའི་ཆོད་སེམས་རྒྱས་སུ་བཅུག་ཡོད། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་རྫོང་། ཆུ་མ་ཁའི་ས་འགུལ་གནོད་ཁུལ་དུ་གཙང་སེལ་བྱེད་བཞིན་པའི་སྒང་རེད། པེ་ཅིན་གྲོང་ཁྱེར་ཧྥང་ཧྲན་ཆུས་ཧྲི་ཏུའུ་གྲོང་རྡལ་དུ་ཆུ་ལམ་གཤོང་བ་སོགས་གནོད་རྗེས་བསྐྱར་སྐྲུན་ལས་གཞི་ལས་མཚམས་ནམ་ཡང་འཇོག་མེད།
པེ་ཅིན་གྲོང་ཁྱེར་ཧྥང་ཧྲན་ཆུས་ཧྲི་ཏུའུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིའང་དབྱི་གོ་ཡིས། ལོ་གསར་པའི་ནང་དུ་ང་ཚོས་ས་ཁུལ་འདིའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དག་སྒྲིག་ཡག་མོ་བཟོ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ལགས་ཀྱིས་ལོ་གསར་ཤིས་ཚིག་ནང་གསུངས་པ་ནང་བཞིན། ཚང་མས་དཀའ་ངལ་ལ་མི་སྐྲག་ཅིང་ཕན་ཚུན་རོགས་རེས། འགྲན་སློང་ཁ་གཏད་འཇལ་བ། ངལ་སེལ་འགག་སྒྲོལ་བཅས་བྱས་ནས་གནོད་རྗེས་བསྐྱར་སྐྲུན་ཡག་མོ་བཟོ་ཐུབ་པ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་འཕེལ་རྒྱས་བྱུང་ཐུབ་ངེས་ཡིན་ཞེས་བཤད།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་རྫོང་ཀྲུང་ཁྲོན་ཤང་ཚའོ་ཐན་གྲོང་སྡེའི་མི་སེར་ཞིན་ཆིང་དབྱིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ས་ཡོམ་སོགས་རང་བྱུང་གནོད་འཚེ་ཁོང་གིས་སེམས་ནང་བཞག་ཡོད་གསུངས་བྱུང་། དེ་གོ་དུས་ང་ཚོ་ལ་སེམས་གསོ་སྐྲག་མོ་རེད་བྱུང་། ཏང་དང་རྒྱལ་ཁབ།ས་གནས་ཁག་གི་མི་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་ང་ཚོ་ལ་རོགས་བྱེད་སར་སླེབས་བྱུང་བས། ང་ཚོས་ཁྱིམ་གཞིས་འཛུགས་སྐྲུན་ཡག་མོ་བཟོ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ལགས་ཀྱིས་ཐུགས་ཁུར་གནང་བ་དང་། ཏང་དང་སྲིད་གཞུང་གིས་རོགས་རམ་ཡོད་པས། མ་འོངས་པའི་འཚོ་བ་ཇེ་བདེ་ཇེ་སྐྱིད་ཡོང་ངེས་ཡིན་ཞེས་བཤད།
ལོ་གསར་ཤར་བས་ག་ས་གང་ལ་རྣམ་པ་གསར་པ་ཆགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱི་ལོ་གསར་ཤིས་ཚིག་གནང་ནས་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ལ་སྐུལ་མ་གནང་ཞིང་། ཚང་མས་ལོ་གསར་པའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་བརྟན་པོའི་འོག ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ངེས་ཡིན་ཞེས་བཤད།
ཐེན་ཅིན་གྲོང་ཁྱེར་ཧོ་ཤིས་ཆུས་ཡོའེ་ཞོའུ་སྲང་ལམ་ལས་སྒྲུབ་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ་སུང་ཅེ་ཡིས། ༢༠༢༤ལོར་ང་ཚོས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར། རྒན་གསོའི་ལས་ཀ་ཟབ་སྤེལ་དང་དམ་པ་དོན་གཉེར་ཡོང་བར་བྱེད་དགོས་ལ། དམངས་འཚོའི་དོན་དག་ཆུང་ཆུང་རེ་རེ་ཡག་པོ་སྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།
བྱང་ཤར་སློབ་ཆེན་གྱི་བརྒྱུད་རིམ་བཟོ་ལས་ཀྱི་ཕྱོགས་བསྡུས་རང་བྱེད་ཅན་གྱི་རྒྱལ་ཡོངས་ཀྱི་ཚོད་ལྟ་ཁང་གཙོ་བོའི་འབུམ་རམས་པ་ཞིབ་འཇུག་སློབ་མ་ཀྲང་ཁེ་ཧྲེང་གིས། ལོ་གསར་པའི་ནང་ངས་རྒྱལ་ཁབ་འཐབ་ཇུས་ལ་མཁོ་བའི་སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་ཨུ་ཐུབ་བལྟས་ནས། བྱང་ཤར་ཁྱོན་ཡོངས་དར་རྒྱས་ཡོང་བར་རང་གི་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་བཟོ་ལས་སྤེལ་ཁུལ་གྱི་ཚགས་ཤ་ཐོན་སྐྱེད་རྟེན་གཞིའི་ལས་སྒྲུབ་པ་བསྟན་འཛིན་པད་སྒྲོན་གྱིས། ལོ་གསར་པའི་ནང་། ང་ཚོས་མུ་མཐུད་དུ་ཚང་མར་ཡོང་འབབ་མང་པོ་དང་ཕྱུག་པོར་གྱུར་ནས་འབྱོར་འབྲིང་དུ་བསྐྱོད་རྒྱུར་སྣེ་ཁྲིད་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅིའི་དབུ་ཁྲིད་འོག་འཚོ་བ་ཇེ་ཡག་ཇེ་སྐྱིད་འགྱུར་བར་ཡིད་ཆེས་ཡོད་ཅེས་བཤད་པ་རེད།




