༢༠༢༤ལོའི་སི་ཁྲོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་འཚོག་འགོ་ཚུགས།
| 2024-01-21 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་༡ཚེས་༢༡ཉིན་གྱི་སྔ་དྲོའི་ཆུ་ཚོད་༩པའི་ཐོག་སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཁྲེང་ཏུའུ་རུ་ཚོགས་འགོ་ཚུགས་ཤིང་།ཐེངས་འདིའི་གྲོས་ཚོགས་ཚོགས་ཡུན་ཉིན་བཞི་དང་ཕྱེད་ཀ་ཡིན་ལ། ཚེས༢༥ཉིན་གྱི་སྔ་དྲོར་གྲོས་ཚོགས་མཇུག་བསྒྲིལ་རྒྱུ་རེད།
ཉིན་འདིའི་ཚོགས་འདུའི་གྲོས་རིམ་གཙོ་བོ་ནི། ༼གཅིག༽སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གསན་རྒྱུ་དང་གྲོས་ཞིབ་གནང་རྒྱུ། ༼གཉིས།༽ སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གསན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ། ༼གསུམ།༽ཚོ་ཆུང་བགོས་ནས་གྲོས་ཚོགས་འཚོག་རྒྱུ།(བཞི།)གྲོས་གཞིར་ཞིབ་བཤེར་བྱེད་པའི་ཚོགས་འདུ་ཐེངས་དང་པོ་འཚོག་རྒྱུ།
ཚེས་༢༡ཉིན་གྱི་སྔ་དྲོར་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་པའི་འཐུས་མིའི་ཚོགས་པ་ཁག་གིས་ཚོགས་འདུ་འཚོགས་རྒྱུ་དང་། ཕྱི་དྲོར་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་ཚོགས་འདུ་འཚོག་རྒྱུ་བཅས་རེད།




