༢༠༢༤ལོའི་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་སི་ཁྲོན་ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་གྲོས་རིམ།
| 2024-01-22 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བ་དང་པོའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐེངས་གཉིས་པའིའཐུས་མི་ཚོགས་ཆེན་དངོས་སུ་མགོ་བརྩམས།
ཕྱི་དྲོའི་ཆུ་ཚོད་གསུམ་པར། སྐུ་ཚབ་ཚོགས་པ་ཁག་གིས་བཅའ་སྡོད་བྱེད་སར་ཚོགས་འདུ་འཚོགས་རྒྱུ་དང་། དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀར། སྔོན་རྩིས་འཆར་ཟིན་གནས་ཚུལ་སྙན་ཞུའི་ཚོགས་འདུ་འཚོག་རྒྱུ།
དགོང་མོའི་ཆུ་ཚོད་བརྒྱད་ཐོག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོག་རྒྱུ་རེད།
སྲིད་གྲོས་ཕྱོགས་ནས། སྔ་དྲོའི་ཆུ་ཚོད་དགུ་པར། སྲིད་གྲོས་ཨུ་ཡོན་ཚོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐེངས་གཉིས་པའི་གྲོས་ཚོགས་ཀྱི་མགོ་ཚུགས་མཛད་སྒོའི་ཐོག་ཞུགས་རྒྱུ་དང་།
ཕྱི་དྲོའི་ཆུ་ཚོད་གསུམ་པའི་ཐོག སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོག་གཉིས་པ་འཚོགས་རྒྱུ།
དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག གྲོས་ཚོགས་སྡུད་མཁན་གྱི་ཚོ་ཆུང་ཚོགས་འདུ་འཚོག་རྒྱུ་རེད།




