ཟླ་བ་དང་པོའི་ཚེས་ཉེར་གསུམ་ཉིན་གྱི་༢༠༢༤ལོའི་སི་ཁྲོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་གྲོས་རིམ།
| 2024-01-23 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཟླ་བ་དང་པོའི་ཚེས་ཉེར་གསུམ་ཉིན་གྱི་༢༠༢༤ལོའི་སི་ཁྲོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་གྲོས་རིམ།
ཟླ་བ་དང་པོའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་མི་ཚོགས་པ་ཁག་གིས་འཐུས་མི་ཚོགས་པའི་སྡོད་གནས་སུ་གྲོས་ཚོགས་འཚོགས་ཏེ། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་དོན་སྙན་ཞུར་མུ་མཐུད་དུ་གྲོས་ཞིབ་དང་། འཆར་གཞིའི་སྙན་ཞུ་དང་མ་ཟིན་ལ་ཞིབ་བཤེར། དེ་བཞིན་སྔོན་རྩིས་སྙན་ཞུ་དང་མ་ཟིན་ལ་ཞིབ་བཤེར་བཅས་བྱ་རྒྱུ་རེད། ཕྱི་དྲོའི་ཆུ་ཚོད་གསུམ་པར་འཐུས་མི་ཚོགས་ཆེན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོག་རྒྱུ་རེད།
སྲིད་གྲོས་ཕྱོགས་ནས། ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པར་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུ་དང་ཚོགས་ཆུང་གི་ཚོགས་འདུ་འཚོག་རྒྱུ་རེད། ཕྱི་དྲོའི་ཆུ་ཚོད་གསུམ་པའི་ཐོག སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཟུར་ཞུགས་བྱ་རྒྱུ་རེད།




