ཟླ་དང་པོའི་ཚེས་ཉེར་བཞི་ཉིན་གྱི་༢༠༢༤ལོའི་སི་ཁྲོན་ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་གྲོས་རིམ།
| 2024-01-24 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

མི་དམངས་འཐུས་ཚོགས་ཀྱི་ཕྱོགས་ནས།ཟླ་བ་དང་པོའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱི་དྲོའི་ཆུ་ཚོད་གསུམ་ལ་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་སྔ་རྗེས་སུ་འཐུས་མི་ཚོགས་པ་ཁག་གི་ཚོགས་འདུ་འཚོག་རྒྱུ་རེད།
ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀྱི་ཐོག་ལ་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུ་རེད།
སྲིད་གྲོས་ཕྱོགས་ནས།ཟླབ༡ཚེས་༢༤ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་པས་ཨུ་ཡོན་ཚོགས་ཆུང་གི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་ཞུ་ལ་བཏོན་པའི་བསམ་འཆར་ཉན་པའི་ཚོགས་འདུ་དང་། གྲོས་གཞི་ཞིབ་བཤེར་ཚོགས་འདུ་ཐེངས་གཉིས་པ། ཚོགས་ཆུང་གི་ཚོགས་འདུ་བཅས་འཚོག་རྒྱུ་རེད།
ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་ཐོག་ཀྲུའུ་ཞིའི་ཚོགས་འདུ་འཚོག་རྒྱུ་དང་། ཕྱི་དྲོའི་ཆུ་ཚོད་གསུམ་པའི་ཐོག་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་ཚོགས་ཐེངས་གཉིས་དང་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་འཚོག་རྒྱུ་རེད།
ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་ལྔ་བཅུའི་ཐོག་ཀྲུང་གུང་གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཚོགས་ཆུང་གི་ཚོགས་འདུ་སྡུད་མཁན་གྱི་ཚོགས་འདུ་འཚོག་རྒྱུ་རེད།
ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་ཐོག་ཚོགས་ཆུང་གི་ཚོགས་འདུ་འཚོག་རྒྱུ་དང་། དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀྱི་ཐོག་ཚོགས་ཆུང་གི་ཚོགས་འདུ་སྡུད་མཁན་གྱི་ཚོགས་འདུ་འཚོག་རྒྱུ་རེད།




