༢༠༢༥ལོའི་སི་ཁྲོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་གྲ་སྒྲིག་བྱས་ཚར།
| 2025-01-18 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

༢༠༢༥ལོའི་སི་ཁྲོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཚོགས་ལ་རན། དེ་རིང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པ་སོ་སོའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ་རེད།
སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་ཁྱབ་བསྒྲགས་བྱས་ཤིང་། ཐེངས་འདིའི་གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་དོན་ཚན་དགུ་ཡོད་དེ། གཅིག་ནི་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་ལ་གསན་པ་མ་ཟད་གྲོས་ཞིབ་བྱ་རྒྱུ། གཉིས་ནི་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས་བཟུང་གི་གྲོས་གཞིའི་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་མ་ཟད་གྲོས་ཞིབ་བྱ་རྒྱུ། གསུམ་ནི་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པའི་ནང་ཟུར་ཞུགས་བྱས་ནས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་དང་འཆར་གཞི། སྔོན་རྩིས་སྙན་ཞུ་དང་ཞིང་ཆེན་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་ལ་གསན་པ་མ་ཟད་བགྲོ་གླེང་བྱ་རྒྱུ། བཞི་ནི་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་གྲོས་ཞིབ་བྱས་ནས་གྲོས་འཆམ་འབྱུང་རྒྱུ་དང་། ལྔ་ནི་སྲིད་གྲོས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྒྱུ། དྲུག་ནི་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ནས་བཟུང་གྲོས་འདོན་ལས་ཀའི་གནས་ཚུལ་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྒྱུ། བདུན་ནི་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་འདོན་ཨུ་ལྷན་གྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་འདོན་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྒྱུ། བརྒྱད་ནི་མི་དོན་དོན་ཚན། དགུ་ནི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡི་གསུང་བཤད་བཅས་རེད།
སི་ཁྲོན་ཞིང་ཆེན་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐོག་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་ཁྱབ་བསྒྲགས་བྱས་ཤིང་། ཐེངས་འདིའི་གྲོས་ཚོགས་ལ་གྲོས་རིམ་བདུན་ཡོད་དེ། གཅིག སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་ཀའི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། གཉིས། སི་ཁྲོན་ཞིང་ཆེན་གྱི་༢༠༢༤ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་གནས་ཚུལ་དང་༢༠༢༥ལོའི་འཆར་གཞིའི་མ་ཟིན་གྱི་སྙན་ཞུ་བྱ་རྒྱུ། གསུམ། སི་ཁྲོན་ཞིང་ཆེན་གྱི་༢༠༢༤ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་༢༠༢༥ལོའི་སྔོན་རྩིས་འཆར་གཞིའི་མ་ཟིན་སྙན་ཞུ་དང་སི་ཁྲོན་ཞིང་ཆེན་གྱི་༢༠༢༥ལོའི་སྔོན་རྩིས་མ་ཟིན་ལ་གྲོས་ཞིབ་བྱ་རྒྱུ། བཞི། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་ལ་གྲོས་ཞིབ་བྱ་རྒྱུ། ལྔ། སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུ་ལ་གྲོས་ཞིབ་བྱ་རྒྱུ། དྲུག སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་ལ་གྲོས་ཞིབ་བྱ་རྒྱུ། བདུན། འདེམས་བསྐོའི་དོན་ཚན་བཅས་རེད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།




