སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་དོ་སྣང་ཆེན་པོ་ཐོབ།
| 2025-05-22 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས་དུས་རབས་གསར་པ་དང་བགྲོད་ལམ་གསར་པར་ཧོ་ནན་གྱིས་ཏང་ཀྲུང་དབྱང་གི་དབུས་རྒྱུད་ས་ཁུལ་དར་རྒྱས་ཇེ་མགྱོགས་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས་སོགས་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྤུས་མཐོའི་འཕེལ་རྒྱས་དང་ཕན་འབྲས་ཆེ་བའི་བཅོས་སྐྱོང་ཐོག་ནས་ཀྲུང་ཧྭ་དབུས་རྒྱུད་ཀྱི་ས་གཞི་ཆེན་མོའི་ཐོག་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱ་གཞག་གསར་པ་གཏོད་གང་ཐུབ་བྱེད་དགོས་ཞེས་ནན་གསུང་གནང་ཡོད་པས། རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བཅས་བྱས་ནས་སྤུས་མཐོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། ཕན་འབྲས་མཐོ་བའི་བཅོས་སྐྱོང་ལས་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས་ཞེས་བཤད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེངས་འདིའི་རྟོག་ཞིབ་ཀྱི་ས་ཚིགས་དང་པོ་ནི་ལུའོ་དབྱང་གྲོང་ཁྱེར་འཁོར་རྟེན་ཚོགས་པ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་རེད། སྤྱི་གཉེར་ཁང་འདི་སྔོན་མ་ལོ་ལྔའི་འཆར་གཞི་ཨང་དང་པོའི་རིང་ལ་བཙུགས་པའི་ལུའོ་དབྱང་འཁོར་རྟེན་བཟོ་གྲྭ་རེད། ད་ལྟའི་བར་དུ་ཀྲུང་གོའི་འཁོར་རྟེན་ལས་རིགས་ཀྱི་ཟིན་ཐོ་མང་པོ་བཟུང་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བཟོ་སྐྲུན་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྟེན་གཞི་གཙོ་བོ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་འོས་འཚམ་འཛིན་དགོས་ཞེས་གསུངས་ཡོད། ཁོང་གིས་བཟོ་པ་ཚོས་བདག་པོའི་སྙིང་སྟོབས་གོང་དུ་སྤེལ་ནས་ཁེ་ལས་འཕེལ་རྒྱས་ཁྲོད་ནས་འབད་བརྩོན་ཧུར་ཐག་དང་བྱས་རྗེས་མང་པོ་འཇོག་པའི་སྐུལ་ལྕག་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ད་དུང་བཟོ་སྐྲུན་ལས་རིགས་ཡག་མོ་ལས་དགོས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་རང་གིས་ཁོང་དུ་ཆུད་དགོས། རེ་བ་དེ་དག་ཁྱོད་ཚོར་བཅོལ་ཡོད་ཅེས་གསུངས་པ་རེད། པའེ་མ་དགོན་ནི་ཧན་ཤར་མའི་སྐབས་སུ་ཕྱག་བཏབ་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདི་ནས་ནང་བསྟན་ཀྲུང་གོ་ཅན་དང་དགོན་པའི་རིག་དངོས་སྲུང་སྐྱོང་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་། ཁོང་གིས་ལོ་རྒྱུས་ལས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་བསྐྱངས་པ་དེ་ཡང་དག་པ་ཡིན་པ་བདེན་དཔང་བྱས་ཡོད། ཆོས་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཉམ་འདྲེས་བྱུང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་སྣེ་ཁྲིད་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད།ད་བར་ལོ་ཆིག་སྟོང་ལྔ་བརྒྱ་ཡོད་པའི་ལུང་མན་བྲག་ཕུག་ནི་འཛམ་གླིང་རིག་གནས་ཤུལ་བཞག་གལ་ཆེན་རེད། ད་ལྟའི་བར་ཨང་སྒྲིག་བྲག་ཕུག་ཉིས་སྟོང་སུམ་བརྒྱ་ཞེ་ལྔ་དང་། རིགས་སོ་སོའི་རྡོ་བརྐོས་འབུམ་གཅིག་ཁྲི་གཅིག བརྐོས་ཡིག་ཉིས་སྟོང་བརྒྱད་བརྒྱ་ལྷག་གསོག་འཇོག་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདི་ན་ཕེབས་ནས། བྲག་ཕུག་གི་སྤྱིའི་བཀོད་པ་དང་། མཚོན་བྱེད་རང་བཞིན་གྱི་བྲག་ཕུག་དང་རྡོ་བརྐོས་ལ་གཟིགས་ཞིབ་གནང། ཡུལ་སྐོར་བ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་མཐོང་དུས་སྤྲོ་བས་རྒྱས་ཤིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ལ་འཚམས་འདྲི་ཞུས། སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་དངོས་ཀྱི་ཡུལ་སྐོར་རིག་གནས་སྲུང་སྐྱོང་ལས་སྒྲུབ་པ་དང་སྙིང་ཉེ་བས་བརྗེ་རེས་གནང་། ཁོང་གིས་ཀྲུང་ཧྭ་རིག་གནས་ཀྱི་གཅེས་ནོར་འདི་དག་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ། དྲིལ་བསྒྲགས་ཡག་པོ་བྱེད་དགོས་ཞེས་ནན་གསུངས་གནང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་ལ་མདུན་ལྗོངས་ཡངས་པོ་ཡོད་པས། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཀ་མཐོན་བོའི་འཕེལ་རྒྱས་ལ་སྐུལ་སྤེལ་དང་། རྒྱབ་རྟེན་ཐོན་ལས་དང་། དམངས་འཚོ་ཐོན་ལས། བདེ་སྐྱིད་ཐོན་ལས་ངོ་མ་སྐྲུན་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤུས་ཀ་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་བླང་བྱ་རེད། རྙོག་དྲ་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་ལ་དམིགས་ནས། སྤུས་ཀ་མཐོ་བའི་འཕེལ་རྒྱས་ཀྱི་གཏན་ཁེལ་རང་བཞིན་ལ་བརྟེན་ནས་རིགས་སོ་སོའི་གཏན་ཁེལ་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས། དངོས་གཉེར་དཔལ་འབྱོར་གྱི་རྨང་གཞི་ཇེ་བརྟན་གཏོང་བ་ནས། རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྱོང་ཇེ་དྲག་གཏོང་བའི་བར། དེ་ནས་འབབ་རྒྱུད་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་རྒྱུན་མཐུད་ཇེ་དྲག་གཏོང་བ་བཅས་ལ། སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་ཧོ་ནན་གྱི་སྤུས་ཀ་མཐོ་བའི་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་པོ་བཏོན་ཡོད།
ཧོ་ནན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་མ་ཅན་གྱིས། ང་ཚོས་དབུས་རྒྱུད་ས་ཁུལ་མགྱོགས་པོར་དར་རྒྱས་དང་། རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཀ་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས། དངོས་གཉེར་དཔལ་འབྱོར་གྱི་རྨང་གཞི་སྔར་ལས་ཇེ་བརྟན་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་བརྟན་པོ་བྱེད་པ། ས་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅིས་ཧོ་ནན་ལ་བཀོད་པའི་འཆར་གཞི་དེ་ལག་ལེན་བསྟར་གང་ཐུབ་བྱ་རྒྱུ་ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཧོ་ནན་གྱི་མི་གྲངས་སྤྱི་འབོར་དང་། མི་གྲངས་འདུས་ཚད། མི་གྲངས་འགྲོ་འོང་ཚད་བཅས་ཚང་མ་ཅུང་ཆེ་བས། ངེས་པར་དུ་ནན་ནན་ཏན་ཏན་གྱིས་སྤྱི་ཚོགས་བཅོས་སྐྱོང་ཇེ་དྲག་གཏོང་དགོས་ཞེས་ནན་གསུངས་གནང་། མིག་སྔར། ཧོ་ནན་གྱིས་ཏང་འཛུགས་སྐྱོང་གིས་སྐུལ་ཁྲིད་བྱས་ནས། ཐོན་ཁུངས་དང་ཞབས་ཞུ། དོ་དམ་གཞི་རིམ་ལ་ཕྱོགས་ཤིང་། ཞིང་ཆེན་ཡོངས་ཀྱི་འདུས་ཁུལ་ལྔ་སྟོང་ཉིས་བརྒྱ་ལྷག་ལ་ཆེད་ལས་དྲྭ་མིག་དོ་དམ་པ་འབུམ་ལྔ་ལྷག་ཡོད་པ་དང་། སྤྱི་ཚོགས་རྩ་འཛུགས་ཁྲི་བཞི་སྟོང་དགུ་དང་དང་བླངས་པ་བྱེ་བ་གཅིག་ས་ཡ་བཞི་གཞི་རིམ་བཅོས་སྐྱོང་ནང་ཞུགས་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གཏན་འབེབས་བརྒྱད་ནི་ཏང་ཀྲུང་དབྱང་གི་དམངས་ཀྱི་ཡིད་ཆེས་ཐོབ་པའི་བྱེད་ཐབས་ཤིག་རེད། དེ་ནི་དུས་རབས་གསར་པའི་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་མཚོན་བྱེད་རང་བཞིན་ལྡན་པའི་བྱེད་ཐབས་ཅིག་ཀྱང་རེད། སློབ་སྦྱོང་དང་ཞིབ་བཤེར། དག་ཐེར་བཅས་ཀྱི་ཐད་ཧུར་བརྩོན་བྱས་ཏེ། སློབ་སྦྱོང་སྤུས་ལེགས་དང་ཞིབ་བཤེར་ནན་མོ། དག་ཐེར་ལ་ཕན་འབྲས་ཐོབ་པར་བྱེད་དགོས་ཞེས་གསུངས།
ཧོ་ནན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་སུའུ་ཁྲང་ཆིང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། སློབ་སྦྱོང་སློབ་གསོ་གཟབ་ནན་སྤེལ་ནས། ཀུན་སྤྱོད་ཀྱི་བླང་བྱ་ནན་མོ་དེ་བྱེད་ཐབས་ནན་མོར་བསྒྱུར་བ་དང་། སྒྲིག་ལམ་ནན་མོར་མཇུག་འབྲས་ཡག་པོ་ཐོབ་པ་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ནན་མོ་རང་རྟོགས་སྒོས་བརྩི་སྲུང་བྱེད་པ་དང་། ཀུན་སྤྱོད་འཛུགས་སྐྱོང་བྱེད་པའི་ཕན་འབྲས་གསར་པས་སྤུས་མཐོའི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་བཏོད་དགོས་ཞེས་བཤད།
ད་ལོར། རང་རྒྱལ་གྱི་ས་ཁུལ་ཁ་ཤས་སུ་ཐན་པ་བྱུང་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་ཆུ་མཁོ་འདོན་དང་ཞིང་ལས་ཞིང་ཆུ་དྲངས་པའི་དགོས་མཁོ་སྐོང་དགོས། ཐན་པ་ཡོད་ན་ཆུ་ལོག་ཀྱང་ཡོད་སྲིད་པས། ཞོད་འགོག་ཐན་འགོག་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་གསུང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལག་བསྟར་བྱེད་པ་དང་། ས་གནས་ཁག་གིས་ཐན་པར་ཁ་གཏད་འཇལ་བའི་དུས་མཚུངས་སུ། ཞོད་འགོག་ལ་གྲ་སྒྲིག་ཡག་པོ་བྱས་ནས། འཆར་འགོད་འཐུས་ཚང་བྱེད་བཞིན་ཡོད།
ཧྲའན་ཞི་ཞིང་ཆེན་གྱི་ཝེ་ནན་གྲོང་ཁྱེར་གྱི་ཞོད་འགོག་ཐན་འགོག་ལྟེ་གནས་ཀྱི་ཀྲུའུ་རེན་དབྱང་པིང་ལུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་ཆུ་ལེགས་སྒྲིག་ཇེ་དྲག་གཏོང་དགོས་ཞེས་ནན་གསུང་གནང་ཡོད། ང་ཚོས་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་གི་ནུས་པ་འདོན་སྤེལ་བྱས་ནས། མུའུ་ས་ཡ་ལྔ་འབུམ་བཞི་ཁྲི་གསུམ་ལ་དཔྱིད་ཆུ་འདྲེན་ནས། མི་དང་ཕྱུག་ཟོག་གི་འཐུང་ཆུ་གཙོ་བོར་འགན་སྲུང་བྱས་ཡོད།དེ་དང་དུས་མཚུངས་སུ། ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་གྱི་ཉེན་བརྡ་དང་། མངོན་མེད་ཉེན་ཁ་སྔོག་བཤེར་དང་དག་ཐེར་བྱེད་པ་སོགས་ལས་དོན་ཡག་པོ་བསྒྲུབས་ནས། ཞོད་འགོག་ཐན་འགོག་གི་འགོག་རགས་གཉིས་རྒྱུན་ཆད་མེད་པར་ཇེ་བརྟན་གཏོང་བཞིན་ཡོད་ཅེས་བཤད་པ་རེད།




