ཞི་ཅིན་ཕིང་གིས་ནཱ་ཕུའུ་ལུའོ་ཚི་ཅིར་རྟེན་འབྲེལ་གློག་འཕྲིན་བཏང་བ།
| 2025-06-07 来源:ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། | 分享: |
སྤྱི་ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ལུའོ་ཨེར·ནཱ་ཕུའུ་ལུའོ་ཚི་ཅི་ལ་གློག་འཕྲིན་བཏང་གནང་ནས་ཁོང་ཕོ་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། ཕོ་ལན་ནི་ཀྲུང་གོ་གསར་པ་ཁས་ལེན་བྱེད་སྔ་ཤོས་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཟབ་པ་དང་ཕན་ཚུན་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་76སོང་རིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་པས། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། མཛའ་གྲོགས་རོགས་ཟླ་ཡིན་པའི་ཀྲུང་གོ་དང་ཕོ་ལན་གྱིས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་དགོས། ང་རང་ནས་ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ནཱ་ཕུའུ་ལུའོ་ཚི་ཅི་དང་ལྷན་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཕོ་ལན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་བརྟན་ལྷིང་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐོག འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་དེ་བས་མང་བ་སྣོན་འདོད་ཡོད་ཅེས་བསྟན་གནང་ཡོད།




