ནག་ཆུའི་རྫོང་འདིར་ཚད་རིམ་༤.༧ཅན་གྱི་ས་འགུལ་བྱུང་འདུག
| 2025-08-26 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཀྲུང་གོའི་ས་འགུལ་བརྟག་དཔྱད་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ་༨པའི་ཚེས་༢༦ཉིན་གྱི་སྔ་དྲོའི་ཆུ་ཚོད་༨དང་སྐར་མ་༣གྱི་ཐོག་ཏུ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་དུ་ཚད་རིམ་༤.༧ཅན་གྱི་ས་འགུལ་བྱུང་ཡོད་ལ། འགུལ་ཁུངས་ཀྱི་གཏིང་ཟབ་ཚད་ལ་སྤྱི་ལེ་༡༠ཡིན་པ་དང་།ས་འགུལ་ལྟེ་གནས་ནི་བྱང་གི་འཕྲེད་ཐིག་ཏུའུ་༣༣.༩༧དང་ཤར་གྱི་གཞུང་ཐིག་ཏུའུ་༨༧.༧༧ཡིན་པ་རེད།


ཉེ་འཁོར་གྲོང་ཚོ་དང་གྲོང་རྡལ་ཆ་ནས། ཐེངས་འདིའི་ས་འགུལ་བྱུང་བའི་མཐའ་འཁོར་གྱི་སྤྱི་ལེ་༢༠ནང་དུ་ཧེ་ཧྲི་ཡ་གྲོང་ཚོ་ཡོད་པ་དང་།སྤྱི་ལེ་༥༠ཡི་ནང་དུ་ཤང་དང་གྲོང་རྡལ་བཅའ་སྡོད་བྱ་ཡུལ་མེད་པ་རེད། སྤྱི་ལེ་༡༠༠ནང་དུ་མཚོ་སྦྲེལ་བྱང་མ་ཤང་དང་། དཀར་མཚོ་ཤང་བཅས་ཡོད་པ་རེད།
མཐའ་འཁོར་གྱི་རྫོང་མཁར་ཆ་ནས། ས་འགུལ་ལྟེ་གནས་ནས་བར་ཐག་སྤྱི་ལེ་༡༣༢ཀྱི་མཚམས་སུ་ཉི་མ་རྫོང་ཡོད་ལ། ས་འགུལ་ལྟེ་གནས་ནས་ནག་ཆུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་༢༤༨དང་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་༤༨༨ཡོད་པ་རེད།
ས་འགུལ་ལྟེ་གནས་ཀྱི་ས་བབ་ཆ་ནས། ས་འགུལ་ལྟེ་གནས་ཀྱི་སྤྱི་ལེ་༥ཡི་ཁྱབ་ཁོངས་སུ་ཆ་སྙོམས་ཀྱི་མཚོ་འཕགས་སྨི་༥༡༦༦ཙམ་ཡོད་པ་རེད།

ས་འགུལ་ལྟེ་གནས་ཀྱི་ས་བབ་ཆ་ནས། ས་འགུལ་ལྟེ་གནས་ཀྱི་སྤྱི་ལེ་༥ཡི་ཁྱབ་ཁོངས་སུ་ཆ་སྙོམས་ཀྱི་མཚོ་འཕགས་སྨི་༥༡༦༦ཙམ་ཡོད་པ་རེད།
ས་འགུལ་བྱུང་མྱོང་བའི་ལོ་རྒྱུས་ཆ་ནས། ཀྲུང་གོའི་ས་འགུལ་བརྟག་དཔྱད་དྲ་བས་སྤེལ་བའི་ཟིན་ཐོ་ལྟར་ན། ས་འགུལ་ལྟེ་བའི་མཐའ་འཁོར་གྱི་སྤྱི་ལེ་༢༠༠ནང་དུ་ཉེ་བའི་ལོ་༥རིང་ལ་ཚད་རིམ་༣ཡན་གྱི་ས་འགུལ་ཁྱོན་བསྡོམས་ཐེངས་༨༦བྱུང་ཡོད་ལ། དེ་དག་ལས་ས་འགུལ་ཆེ་ཤོས་ནི་༢༠༢༤ལོའི་ཟླ་༦པའི་ཚེས་༡ཉིན་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ་བྱུང་བའི་ཚད་རིམ་༥.༩་ཅན་གྱི་ས་འགུལ་ཡིན་པ་དང་། ཐེངས་འདིའི་ས་འགུལ་ལྟེ་བ་དང་བར་ཐག་སྤྱི་ལེ་༡༣༡ཡོད་པ་རེད། ས་འགུལ་རིམ་པའི་ཆེ་ཆུང་ལྟར་ས་འགུལ་༥༠བྱུང་མྱོང་བའི་ཟིན་ཐོའི་རི་མོ་གཤམ་གསལ་ལྟར།

རྩོམ་སྒྲིག་པ། མཚོ་ལྷ།
ཞུ་ཆེན། མགོན་པོ་ཚེ་རིང་།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ




