英文藏文APP W020161009565839193236.jpg | 微信 111111111.jpg

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་༢༠༢༥ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ་དང་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས།

2025-12-29 来源:ཤམ་བྷ་ལ་ཆ་འཕྲིན། 作者:措拉 分享:

  ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གིས་༢༠༢༥ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ་དང་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་པ་རེད།

༢༠༢༥ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ་ནི།

  གཅིག ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་གཏན་འབེབས་བྱས་པའི་སྐོར་གྱི་གྲོས་འགོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས། མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་རླབས་ཆེན་འཆར་འགོད་བཀོད་ཡོད།

  གཉིས། ཀྲུང་གོའི་མི་དམངས་ཀྱིས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་ཧྥ་ཞི་སི་ལ་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུའི་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་གཟིགས་ཞིབ་དང་ལེན་དམག་དཔུང་ལ་གཟིགས་ཞིབ་གནང་།

གསུམ། ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་དང་སློབ་གསོ་སྤེལ་ནས། ཏང་གི་ཀུན་སྤྱོད་མུ་མཐུད་དེ་ཇེ་བཟང་དུ་ཕྱིན།

  བཞི། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་གཙོ་བོ་གྲུབ་ནས་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་བདེ་བླག་ངང་མཇུག་བསྒྲིལ།

  ལྔ། ཐེན་ཅིན་གྱི་ཧྲང་ཧའོ་མཉམ་ལས་རྩ་འཛུགས་རྩེ་འཛོམས་གྲོས་ཚོགས་ནས་པེ་ཅིན་གྱི་འཛམ་གླིང་བུད་མེད་རྩེ་འཛོམས་གྲོས་ཚོགས་སོགས་ཕྱི་འབྲེལ་བྱེད་སྒོའི་ཚོགས་འདུ་གལ་ཆེན་རབ་དང་རིམ་པ་བདེ་བླག་ངང་འཚོགས། ཞི་ཅིན་ཕིང་གིས་འཛམ་གླིང་བཅོས་སྐྱོང་གྲོས་གཞི་བཏོན་པས། རྒྱལ་སྤྱི་ཐོག་རང་རྒྱལ་གྱི་སྙན་གྲགས་སྔར་ལས་རྒྱས་ཤིང་། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་འདུ་ཤེས་མི་སེམས་གཏིང་ལ་ཆགས་ཡོད།

དྲུག བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བ་དང་ཞིན་ཅང་ཡུ་གུ་རིགས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་དགའ་སྟོན་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་གིས་ཚོགས་པ་ཁྲིད་ནས་ཚོགས་ཆེན་ནང་ཞུགས།

བདུན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་དེ་ཐའེ་ཝན་ཕྱིར་ལེན་དྲན་གསོའི་ཉིན་མོར་གཏན་འཁེལ་བྱེད་པའི་གྲོས་ཐག་བཅད།

བརྒྱད།  ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས་སྒོ་ཁྲལ་མི་ལེན་པ་འཁོར་སྐྱོད་བྱས་ཤིང་། རང་རྒྱལ་གྱིས་ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་སྒོ་འབྱེད་བློ་བརྟན་འགྱུར་མེད་ཀྱིས་མུས་སུ་རྒྱ་བསྐྱེད་པ།

དགུ། གནམ་དཔྱད་ཨང་རྟགས་གཉིས་པས་བར་སྣང་ཟབ་སའི་ཕུགས་འདུན་སྙེག་པ་དང་། ལྷ་གྲུ་ཨང་རྟགས་ཉེར་གཉིས་པ་བབ་བསྟུན་བར་སྣང་དུ་བཏང་།  ཧྥུའུ་ཅན་མ་གྲུ་དངོས་སུ་མཚོ་དམག་དམག་འཐབ་ནང་དུ་ཚུད་ཅིང་། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་གོང་དུ་སྤེལ། གནད་འགག་སྲོག་ཤིང་ལག་རྩལ་རང་བདག་ཚོད་འཛིན་ནུས་པ་མངོན་གསལ་ཇེ་མཐོར་ཕྱིན།

བཅུ།  སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དངོས་སུ་འཚོགས་ཤིང་།  རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀོང་ཏུང་དང་ཞང་ཀང་།  ཨོ་མེན་བཅས་ས་ཆ་གསུམ་མཉམ་འབྲེལ་སྒོས་ཐོག་མར་སྤེལ་བས།  ཀོང་ཏུང་དང་ཞང་ཀང་།  ཨོ་མེན་གྱི་མཚོ་ཁུག་ཆེན་མོ་འཛུགས་སྐྲུན་གྱི་ལམ་ཚད་རྡོ་རིང་གལ་ཆེན་དུ་གྱུར་ཐུབ་པ་བཅས་རེད།

༢༠༢༥ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་མོ་བཅུ་ནི།

གཅིག ཀྲུང་གོའི་གཙོ་འཛིན་ཕྱི་འབྲེལ་གྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་དར་སྲོལ་ལ་སྣེ་ཁྲིད་ཅིང་། ཞི་ཅིན་ཕིང་གིས་འཛམ་གླིང་བཅོས་སྐྱོང་གྲོས་འགོ་བཏོན།  འཛམ་གླིང་གྲོས་འགོ་བཞི་ཡིས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་མདུན་མར་སྤེལ།

གཉིས། ཀྲུང་གོས་ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སི་ལ་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་དྲན་གསོའི་ཚོགས་ཆེན་འཚོགས་ཤིང་། འཛམ་གླིང་ས་ཆ་མང་པོས་འཛམ་གླིང་འཁྲུག་ཆེན་གཉིས་པ་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུར་འཁོར་བར་རྟེན་འབྲེལ་ཞུས།

གསུམ།  ཨི་ཟེ་རེལ་དང་ཨ་རིས་ཨི་རན་ལ་འཇབ་རྒོལ་བྱས་ཤིང་། ཅ་ཧྲ་ས་ཁུལ་དམག་འཁྲུག་ཐབས་ཆག་མཚམས་བཞག་བྱས།

བཞི།  ཨུ་རུ་སུ་དང་ཡུག་རེན་གདོང་གཏུག་དེ་རྒྱག་གྲོས་ཁྱུད་མོར་འཁོར་ཞིང་།ཨ་རིའི་སྲིད་ཇུས་ཀྱི་འགྱུར་ལྡོག་ལས་ཨ་རི་དང་ཡོ་རོབ་བར་འགལ་ཟླ་ཇེ་ཐུར་གྱུར།

ལྔ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བྷོད་གསེར་རྒྱལ་ཁབ་ཀྱིས་ཁོངས་གཏོགས་རྒྱལ་ཁབ་གསར་པ་བསུས། གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་མཐུན་སྦྱོར་གྱིས་རྒྱལ་སྤྱིའི་སྙན་གྲགས་ཇེ་ཆེར་བཏང་།

དྲུག གོ་ལ་ཧྲིལ་བོའི་ཐལ་དྲགས་པའི་ནམ་ཟླའི་ཁྱད་ཆོས་མུ་མཐུད་དུ་མངོན། ཀྲུང་གོས་རང་བདག་གི་བྱས་རྗེས་འདོན་པའི་དམིགས་འབེན་གསར་པས་གོ་ལ་ཧྲིལ་བོའི་ནམ་ཟླའི་བཅོས་སྐྱོང་གི་སྣེ་ཁྲིད་རྒྱུ་ཁྱབ་བསྒྲགས་བྱས།

བདུན། ཨ་རིས་སྒོ་ཁྲལ་གང་མོས་བསྟར་པས་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་ལ་གནོད་འཚེར་ཚབས་ཆེན་བཟོས། ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་མདུན་སྐྱོད་ཀྱིས་འཛམ་གླིང་དཔལ་འབྱོར་ལ་གོ་སྐབས་དང་གཏན་འཁེལ་རང་ནུས་པ་བསྐྲུན།

བརྒྱད། ཀའོ་ཧྲི་ཙའོ་མིའོ་ཡི་ནོར་འཁྲུལ་གཏམ་བཤད་ཀྱིས་འཐབ་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་གཞི་ལ་འགྲན་བསླངས་བྱས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇར་པན་དམག་རྒྱལ་རིང་ལུགས་རོ་ལངས་རྒྱག་པར་གཟབ་དགོས་པའི་དྲན་སྐུལ་བཏང་།

དགུ ཨ་རིའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་གསར་པས་ཕྱེད་གླིང་ནུབ་མ་དམིགས་སུ་བཀར་བ་ནན་གྱིས་བཏོན་ནས་ལ་ཏིང་མེ་གླིང་གི་དམག་དོན་བཀོད་འདོམས་ཇེ་དྲག་བཏང་།

བཅུ། ཨ་རིའི་རྒྱལ་ཕྲན་མནའ་འབྲེལ་སྲིད་གཞུང་གིས་མཚམས་བཞག་དུས་ཡུན་གྱིས་ཡང་བསྐྱར་ཟིན་ཐོ་གསར་པ་བསྐྲུན། སྤྱི་ཚོགས་ཀྱི་འགལ་བ་ཛ་དྲག་ཇེ་ཆེར་སོང་ཞིང་ཆབ་སྲིད་ཀྱི་དྲག་ཤུགས་དོན་རྐྱེན་མང་དུ་བྱུང་བ་བཅས་རེད།


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942