ཝང་ཧུའུ་ཉིང་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིར་ཐུག་འཕྲད་གནང་བ།
| 2025-12-31 来源:ཀྲུང་གོ་བོད་ཀྱི་དྲ་བ། | 分享: |
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཚེས28ཉིན་ནས་ཚེས29བར་ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ལ་ཐུག་འཕྲད་གནང་བ་དང་། ཚོགས་ཞུགས་འཐུས་མི་དང་དྲན་རྟེན་སྐུ་པར་བསྐྱོན། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ནང་བསྟན་སྡེ་ཡི་འབྲེལ་ཡོད་མི་སྣ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་པའི་ཐུགས་བཞེད་བསྟན།
ཝང་ཧུའུ་ཉིང་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་འཚིགས་ཚུན་གྱི་བྱ་བར་གདེང་འཇོག་གནང་བར་མ་ཟད། རྗེས་མའི་བྱ་བར་བླང་བྱ་བཏོན། ཝང་ཧུའུ་ཉིང་གིས། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དགོས། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། ནང་བསྟན་སྡེ་ཡི་འབྲེལ་ཡོད་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱེད་རྒྱུར་ཁྲིད་སྟོན་བྱེད་པ་དང་། རྒྱལ་ཁབ་དང་ལོ་རྒྱུས། མི་རིགས། རིག་གནས། ཆོས་ལུགས་བཅས་ལ་ལྟ་བ་ཡང་དག་པ་བཅངས་པར་བྱེད་པ། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཁས་ལེན་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་དགོས། རང་རྒྱལ་གྱི་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་ཀྱི་བསྟན་པ་དང་འདུལ་ཁྲིམས། དོ་དམ་ལམ་ལུགས། གུས་སྲོལ་གོམས་སྲོལ། བྱ་སྤྱོད་སྒྲིག་ལམ་སོགས་ཀྱི་ཐད་ཀྲུང་གོའི་ཁྱད་ཆོས་མངོན་པ་དང་དུས་རབས་ཀྱི་བླང་བྱ་དང་འཚམ་པར་བྱེད་དགོས། ཕྱོགས་ཡོངས་ནས་ཆོས་ལུགས་ནན་གྱིས་སྐྱོང་རྒྱུ་དོན་འཁྱོལ་བྱེད་པ་དང་། ཁྲིམས་སྐྱོང་སྐོར་གྱི་དྲིལ་སྒྲོག་དང་སློབ་གསོ་ལ་ཤུགས་སྣོན་དགོས། ཆབ་སྲིད་ཐད་བློས་འགེལ་རུང་བ་དང་ཆོས་ལུགས་ཐད་མཁྱེན་རྒྱ་ཆེ་བ། ཀུན་སྤྱོད་ཐད་ཀུན་གྱིས་ཁས་ལེན་ཐུབ་པ། གནད་འགག་ཆེ་སྐབས་ནུས་པ་ཐོན་པ་བཅས་ཀྱི་ནང་བསྟན་འཇོན་མིའི་དཔུང་སྡེ་ཞིག་འཛུགས་སྐྱོང་བྱེད་དགོས། ནང་བསྟན་གྱི་ཕྱིར་གཏད་མཛའ་མཐུན་སྤེལ་རེས་ལ་ཤུགས་བསྣན་ནས་ཀྲུང་གོའི་ཆོས་ལུགས་གནས་ཚུལ་དྲིལ་སྒྲོག་ལེགས་པོར་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཆོས་ལུགས་ཚོགས་པའི་སྦྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་ལེགས་པོར་བྱེད་དགོས་པའི་ཐུགས་བཞེད་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཨུ་ཡོན་ནམ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ་ཐུག་འཕྲད་ལ་ཞུགས། །




