ཞི་ཅིན་ཕིང་གིས་ཨ་རིའི་ལོ་ཆུང་གཞོན་ནུའི་སློབ་གསོ་སྤེལ་རེས་ཚོགས་པས་ཀྲུང་གོར་འཚམས་འདྲི་ཞུས་པའི་དགེ་སློབ་ལ་འཕྲིན་ལན་སྤྲིངས།
| 2026-01-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བ་དང་པོའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཧྥུའོ་ལུའོ་ལི་ཏ་ཀྲོའུ་མའེ་ཨ་སྨི་རྡོ་རྗེ་ཕ་ལམ་མཁའ་ལམ་ཆུ་ལམ་སྣེ་ཁྲིད་སློབ་གླིང་དང་ཧྥུའོ་ལུའོ་ལི་ཏེ་སློབ་ཆེན། མའེ་ཨ་སྨི་ཏེ་ཏི་སློབ་གླིང་བཅས་ལས་གྲུབ་པའི་ལོ་ཆུང་གཞོན་ནུའི་སློབ་གསོ་སྤེལ་རེས་ཚོགས་པས་ཀྲུང་གོར་འཚམས་འདྲི་གནང་བའི་དགེ་སློབ་ལ་འཕྲིན་ལན་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་སྤེལ་རེས་ཚོགས་པའི་དགེ་སློབ་རྣམས་ཀྲུང་གོ་རུ་སྤྲོ་སྣང་བསྐྱེད་ཅིང་གྲུབ་འབྲས་མངོན་པར་ཐོབ་པའི་འགྲུལ་བཞུད་སྐྱིད་པོ་ཞིག་བྱུང་ལ། ཁྱེད་ཚོས་ཀྲུང་གོའི་རིག་གནས་ལ་སྤྲོ་སྣང་ཆེན་པོ་དང་ལྷག་བསམ་བཟང་པོ་བཅངས་ཡོད་པ་ཚོར་ཐུབ་པས་ང་རང་སྤྲོ་བ་ཚད་མེད་རྒྱས་སོང་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་དེ་མི་དམངས་དང་མ་འོངས་པའི་ན་གཞོན་ལ་རག་ལས་ཡོད། ལོ་ངོ་ལྔའི་རིང་ཨ་རིའི་ལོ་ཆུང་གཞོན་ནུ་ཁྲི་ལྔ་ལྷག་ཀྲུང་གོ་རུ་གདན་འདྲེན་ཞུས་ནས་སྤེལ་རེས་སློབ་སྦྱོང་བྱེད་པའི་འབོད་སྐུལ་འགོ་ཚུགས་པའི་ཚུན་དུ། ཨ་རིའི་ལོ་ཆུང་གཞོན་ནུ་ཁྲི་བཞི་ལྷག་དེའི་ནང་ཞུགས་ནས། ཁོ་ཚོར་ཀྲུང་གོར་རྒྱུས་ལོན་པའི་སྒོ་མོ་ཕྱེ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་འབྲེལ་ཟམ་ཞིག་བཙུགས་ཡོད།
དེ་ལས་མཛའ་མཐུན་སྤེལ་རེས་མཉམ་ལས་བྱེད་པ་ནི་ཀྲུང་གོ་དང་ཨ་རིའི་རྒྱལ་ཁབ་གཉིས་ཀྱི་དམངས་ཀྱི་འདོད་བློ་རེད། ཨ་རིའི་ལོ་ཆུང་གཞོན་ནུ་སྔར་ལས་མང་པོ་ཀྲུང་གོ་དང་ཨ་རིའི་མཛའ་མཐུན་བྱ་གཞག་ཁྲོད་ཞུགས་པ་དང་། རྒྱལ་ཁབ་གཉིས་མཛའ་མཐུན་ཡོང་བའི་རབས་གསར་པའི་ཕོ་ཉ་བྱས་ནས། ཀྲུང་གོ་དང་ཨ་རིའི་མི་ཆོས་རིག་གནས་སྤེལ་རེས་དང་ཕྱོགས་གཉིས་འབྲེལ་བ་འཕེལ་རྒྱས་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཉེ་ཆར། ཨ་རིའི་ལོ་ཆུང་གཞོན་ནུའི་སློབ་གསོ་སྤེལ་རེས་ཚོགས་པའི་ཀྲུང་གོར་འཚམས་འདྲི་ཞུ་བའི་དགེ་སློབ་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ༢༠༢༥ལོའི་ཟླ་བ་བཅུ་པར་ཀྲུང་གོར་འཚམས་འདྲི་ཞུས་པའི་བརྒྱུད་རིམ་བཤད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་ལྔར་གཞོན་ནུ་ཁྲི་ལྔ་གདན་འདྲེན་ཞུ་བའི་འབོད་སྐུལ་ལས། རྒྱལ་ཁབ་གཉིས་ཀྱི་གཞོན་ནུས་ཕན་ཚུན་བསམ་ཤེས་ལ་གོ་སྐབས་རྩ་ཆེན་བསྐྲུན་བར་བཀའ་དྲིན་ཆེ་ཞུས་པ་རེད།




