དགོངས་པ་གསར་པས་རྒྱང་སྐྱོད་གསར་པར་སྣེ་ཁྲིད།
| 2026-01-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ནི་ཏང་ཀྲུང་དབྱང་གིས་མི་དམངས་ལ་ཡིད་ཆེས་འཇུག་པའི་བྱེད་ཐབས་ཡིན་ལ། དུས་རབས་གསར་པའི་ནང་ཏང་གིས་ཏང་དོ་དམ་དང་བཅོས་སྐྱོང་བྱེད་པའི་མཚོན་བྱེད་བྱེད་ཐབས་ཡིན་ཞེས་གསུངས་པ་རེད། ༢༠༢༥ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དེ་སྒྲིག་ལམ་བཙན་པོ་རུ་བཟུང་ནས། འགག་སྒྲོལ་ལས་ཀ་དང་ཡུན་རིང་གི་ལས་ཀ་སྒྲུབ་པའི་ཆོད་སེམས་བརྟན་པོ་ཡིན་པས། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་སྤྱོད་ངན་བཞི་དག་ཐེར་ལེགས་བཅོས་བྱས་ཏེ། མུ་མཐུད་དུ་གཏན་འབེབས་བརྒྱད་ཀྱི་གསེར་གྱི་མེ་ལོང་ཇེ་གཙང་བཏང་ནས། སྤྱོད་ལམ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པས་ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་སྲུང་ཐོབ་ནས། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགན་སྲུང་ཆེན་པོ་བྱས་ཡོད།
ཀྲུང་དབྱང་གཏན་འབེབས་བརྒྱད་ཀྱི་སྙིང་དོན་སློབ་སྦྱོང་སློབ་གསོ་དོན་འཁྱོལ་ཟབ་སྤེལ་གཏོང་རྒྱུ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་༢༠༢༥ལོར་སྐུ་དངོས་སུ་འཆར་འགོད་བྱས་པའི་ཏང་འཛུགས་ལས་ཀའི་ལས་འགན་གལ་ཆེན་ཡིན། ཁོང་གིས་སྤྱོད་ངན་བཞིའི་སྡོང་པོ་ལོག་ཡོད་ཀྱང་རྩ་བ་རྒྱས་ས་ད་རུང་ལྷག་ཡོད་པས། སྤྱོད་ངན་དང་རུལ་སུངས་ཀྱི་སྣང་ཚུལ་ཚར་གཅོད་ཐུབ་མེད་ལ་དེ་བས་ཇེ་མང་འབྱུང་སླ་བས། ཀྲུང་དབྱང་གཏན་འབེབས་བརྒྱད་ཀྱི་སྙིང་དོན་དོན་འཁྱོལ་དང་སྤྱོད་གཙང་སྒྲིག་ལམ་ནན་མོས་རུལ་སུངས་ལ་རྒོལ་བ་ཡུན་རིང་པོ་བྱེད་དགོས་ཞེས་གསུངས།
འདི་ནི་སྤྱོད་ལམ་ངན་པར་དག་ཐེར་བྱེད་ཐེངས་ཤིག་ཡིན་པས། ཏང་གི་རང་ཉིད་གསར་བརྗེ་གང་ཐུབ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་པའི་ཆ་ནས། སྒྲིག་བཤེར་ལྟ་བཤེར་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ལམ་འཛུགས་སྐྱོང་སྐོར་གྱི་བརྗོད་པ་གལ་ཆེན་སློབ་སྦྱོང་ནན་མོ་བྱས་ནས། རང་གི་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པའི་དུས་མཚུངས་སུ། འགན་ནུས་ལས་འགན་ལ་རྐང་བཙུགས་ཏེ། མི་སྣ་མངགས་ནས་རིམ་པ་མཉམ་པའི་ཏང་ཨུ་དང་ཏང་ཙུའུ་ཡིས་སློབ་སྦྱོང་སློབ་གསོའི་ལས་ཀའི་ཆེད་དོན་འཛིན་གྲྭར་ཞུགས་ནས། སྲིད་ཇུས་ཀྱི་ཀློག་འགྲེལ་དང་གནད་དོན་དག་ཐེར། མཛུབ་སྟོན་སྐུལ་ཁྲིད་སོགས་ཀྱི་ལས་ཀ་ཡག་པོ་བསྒྲུབས་ཡོད།དེ་དང་དུས་མཚུངས་སུ་ལྟ་སྐུལ་སྒྲིག་བསྟར་ནན་གྱིས་སྐྱོང་བ་དང་། གཞུང་དངུལ་མི་བཀོལ་ཡང་ཚོང་བདག་གི་མགྲོན་འབོད་དང་ལེན་བྱེད་པ། གཞི་རིམ་དུ་རྒྱས་ཟས་བྱས་པ། ལས་ཁུངས་ཀྱི་ཟ་ཁང་ནང་ཧམ་ཟ་ཧམ་འཐུང་བྱེད་པ། གཞུང་ལ་ཁ་གཡར་ནས་ཚད་གཞི་མཐོ་བའི་སྣེ་ལེན་བྱེད་པ། འགོ་ཁྲིད་ལས་བྱེད་པས་སྒྲིལ་འགལ་གྱིས་ཚོ་ཆུང་མགྲོན་འབོད་སོགས་ཀྱི་ལོངས་སྤྱོད་རིང་ལུགས་དང་སྤྱོད་ངན་གནད་དོན་ལ་གཅིག་ཏུ་དག་ཐེར་བྱས་པ། དངོས་ཡོད་གནས་ཚུལ་དང་བྲལ་བའི་ཐབས་ཇུས་དང་། རྣམ་གྲངས་མང་འཇོག་དང་སྣང་ཚུལ་ལས་གཞི། སྲིད་འགན་ལག་རྗེས། སྡོམ་རྩིས་རྫུན་བཟོ། མགོ་བསྐོར་རྫུན་གཏོང་སོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅས་རྦད་དེ་ཡོ་བསྲང་བྱས་ནས། ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་འགན་ལག་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་བསྐུལ་སྤེལ་བྱས་ཡོད།
སློབ་སྦྱོང་སློབ་གསོའི་སྐབས་སུ་ཀྲུང་དབྱང་གི་ངོས་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་ཀའི་ཆེད་དོན་འཛིན་གྲྭ་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་གཞུང་ལས་ཐིང་གིས་ཁག་གསུམ་གྱི་སྒྲིག་འགལ་གྱིས་བཟའ་བཏུང་ལ་རོལ་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་དང་འགལ་བའི་གནད་དོན་བཞི་སྤྱི་བསྒྲགས་བྱས་པར་མ་ཟད། ཟིལ་གནོན་ཆེན་པོ་ཐེབས་ཡོད།
ཀུན་སྤྱོད་འཛུགས་སྐྱོང་ནི་གནས་སྐབས་ཙམ་ཞིག་མ་ཡིན་པར་ངེས་པར་དུ་ལག་བསྟར་དོན་འཁྱོལ་དང་མཐའ་འཁྱོལ་བྱེད་དགོས། ཉིས་སྟོང་ཉེར་ལྔ་ལོར་རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱོད་ངན་བཞིའི་སྐུང་འགྱུར་གྱི་སྣང་ཚུལ་ལ་དམིགས་ནས། མགྱོགས་སྐྱེལ་བརྒྱུད་ནས་ལེགས་སྐྱེས་བསྐུར་བ་དང་གསོ་སྦྱོང་དང་རྟོག་ཞིབ་སོགས་ལ་ཁ་གཡར་ནས་གཞུང་དངུལ་ཡུལ་སྐོར་སོགས་ཀྱི་གནད་དོན་ཡོ་བསྲང་ནན་མོ་བྱེད་པ། ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་གཏོང་བའི་གཏན་འབེབས་དུ་མ་ལག་བསྟར་བྱས་པའི་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ཇེ་དྲག་བཏང་ནས། ཚོགས་འདུ་དང་ཡིག་ཆ་མང་དྲགས་པ་དང་ལྟ་སྐུལ་ཞིབ་བཤེར་མང་དྲགས་པ་སོགས་ཀྱི་གནད་དོན་རྩད་གཅོད་ནན་མོ་བྱས་ནས། མུ་མཐུད་དེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་བཏང་ཡོད། ཀུན་སྤྱོད་ལེགས་པོ་དང་རུལ་སུངས་ལ་རྒོལ་བར་གཅིག་གྱུར་ཟབ་སྤེལ་གཏོང་བ་དང་། ཀུན་སྤྱོད་རུལ་སུངས་མཉམ་དུ་ཞིབ་བཤེར་དང་མཉམ་དུ་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་ཚུལ་ཡང་དག་མིན་པའི་རྒྱབ་ལོགས་ཀྱི་ལས་དོན་སྒྲུབ་རོགས་བྱས་པ་དང་ཁེ་ཕན་གཉེར་བ།རྒྱུ་དབང་བརྗེ་རེས་སོགས་ཀྱི་སུལ་རུངས་ཀྱི་གནད་དོན་སྔོག་འདོན་བྱེད་པ། སུལ་རུངས་ཀྱི་གྱོད་དོན་ལས་བྱུང་བའི་ས་ཁུལ་རང་བཞིན་དང་ལས་རིགས་རང་བཞིན། ཁྱབ་ཁོངས་རང་བཞིན་བཅས་ཀྱི་ཀུན་སྤྱོད་ངན་པར་རྩད་ཞིབ་ནན་མོ་བྱེད་པ། གྱོད་དོན་ལ་བརྟེན་ནས་དག་ཐེར་དང་བཅོས་སྐྱོང་ལ་སྐུལ་བ་དང་། སྒྲིག་གཞིའི་ལམ་ལུགས་འཛུགས་པ་དང་མི་འདང་ས་ཁ་གསབ། ཐུན་མོང་གྱུར་བའི་སྤྱོད་ངན་འབྱུང་ཁུངས་རྩ་མེད་བཏང་ནས། རྒྱུན་ཆད་མེད་པར་ཀུན་སྤྱོད་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་འཛིང་གི་བཅོས་སྐྱོང་ཕན་ནུས་མཐོར་འདེགས་བཏང་ཡོད།
༢༠༢༥ལོའི་ཟླ་བ་དང་པོ་ནས་ཟླ་བ་བཅུ་གཅིག་པའི་བར། རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལ་འགལ་བའི་གནད་དོན་ཉིས་འབུམ་ལྔ་ཁྲི་ཉིས་སྟོང་ལ་རྩད་གཅོད་བྱས་ཤིང་། མི་སུམ་འབུམ་ཉིས་ཁྲི་བདུན་སྟོང་ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད། དོ་དམ་ནན་མོ་དང་དོ་དམ་ཕོད་པ། དོ་དམ་ཡུན་རིང་བྱེད་པའི་ཁོར་ཡུག་ཡག་པོ་བསྐྲུན་ཡོད།
ཀུན་སྤྱོད་ལེགས་ན་མི་སེམས་མཐུན། མི་སེམས་མཐུན་ན་བྱ་བ་དར་ཞིང་རྒྱས། ད་ལོ་ནི་ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པའི་འགོ་རྩོམ་པའི་ལོ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་དཀའ་སྤྱད་འབད་བརྩོན་དང་ཐོག་མའི་དམ་བཅའ་ཡིད་ལ་བཟུང་ནས། རྒྱུན་འཁྱོངས་ལྷོད་མེད་དང་བྱས་རྗེས་འཇོག་གང་ཐུབ། མུ་མཐུད་དེ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས། རང་ཉིད་གསར་བརྗེའི་སྙིང་དོན་གྱིས་ཀུན་སྤྱོད་འཛུགས་སྐྱོང་ཟབ་སྤེལ་གཏོང་བ་བཅས་བྱས་ན། ཀུན་སྤྱོད་གཙང་མས་ལས་སྒྲུབ་ལས་གཏོད་ཀྱི་སྟོབས་ཤུགས་དྲག་པོ་གཅིག་ཏུ་བསྡུས་ནས། ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པའི་འགོ་ཡག་པོ་རྩོམ་པར་ཀུན་སྤྱོད་འགན་སྲུང་བརྟན་པོ་ཞིག་མཁོ་འདོན་ཐུབ་ངེས་རེད།




