ཁ་པར་འདི་རིགས་འབྱོར་ན་འཕྲལ་དུ་འགོག་དགོས།
| 2026-01-21 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཕྱི་འབྲེལ་པུའི་དོན་གཅོད་སྲུང་སྐྱོབ་ལྟེ་གནས་ནས་ཟླ་དང་པོའི་ཚེས་19ཉིན་དྲན་སྐུལ་བཏང་བར། ཁྲིམས་འགལ་ཉེས་གསོག་བྱེད་མཁན་ཚོས་12308ཞེས་པའི་དོན་གཅོད་སྲུང་སྐྱོབ་ཀྱི་ཁ་པར་ཨང་གྲངས་ལད་ཟློས་བྱས་ཏེ་མགོ་སྐོར་དང་བརྐུས་ཁྱེར་བྱས་པར་དོགས་ཟོན་བྱ་དགོས་ཞེས་བརྗོད་ཡོད། ཉེ་ཆར་ཕྱི་འབྲེལ་པུའི་རྒྱལ་སྤྱིའི་དོན་གཅོད་སྲུང་སྐྱོབ་དང་ཞབས་ཞུའི་ཛ་དྲག་ཁ་པར་ཨང་གྲངས་(12308དོན་གཅོད་སྲུང་སྐྱོབ་ཀྱི་ཁ་པར་ཨང་གྲངས་)དང་ཀྲུང་གོའི་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཁང་ཁག་གཅིག་ལ་བསམ་འཆར་འབྱོར་བར། ཁྲིམས་འགལ་ཉེས་གསོག་བྱེད་མཁན་ཚོས་འཕྲུལ་རིག་བྱེད་ཐབས་བརྒྱུད་དེ་12308དོན་གཅོད་སྲུང་སྐྱོབ་ཀྱི་ཁ་པར་ཨང་གྲངས་ལད་ཟློས་བྱས་ནས་ཁ་པར་བརྒྱབ་སྟེ། མི་སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་བ་དང་། ཁྲིམས་འགལ་གྱི་ཆ་འཕྲིན་ཁྱབ་སྤེལ་བྱས་པར་དོགས་པ་ཡོད་པ། ཁྲིམས་འགལ་ཉེས་གསོག་བྱས་པར་དོགས་པ་ཡོད་པ་སོགས་ཀྱི་རྒྱུ་མཚན་བགྲངས་ནས། ཁ་པར་ལེན་མཁན་ལ་མི་སྒེར་གྱི་ཆ་འཕྲིན་དང་། ཞིབ་འཇུག་དང་ལེན། འགན་སྲུང་དངུལ་སྤྲོད་པ་སོགས་ཀྱི་ཁ་གཡར་ནས་མགོ་སྐོར་བརྐུས་ཁྱེར་བྱས་འདུག ཕྱི་འབྲེལ་པུའི་དོན་གཅོད་སྲུང་སྐྱོབ་ལྟེ་གནས་ནས་གཟབ་ནན་གྱིས་དྲན་སྐུལ་བྱ་རྒྱུར། 12308དོན་གཅོད་སྲུང་སྐྱོབ་ཀྱི་ཁ་པར་ཨང་གྲངས་ཀྱི་ལས་འགན་གཙོ་བོ་ནི་ཁ་པར་གཏོང་མཁན་གྱི་དོན་གཅོད་སྲུང་སྐྱོབ་ཐད་ཀྱི་རོགས་སྐྱོར་ཞུ་དོན་ཐོ་འགོད་བྱེད་པ་དང་། ཛ་དྲག་གི་བློ་འདྲི་དང་མཛུབ་ཁྲིད་བྱེད་པ། དགོས་པ་བྱུང་ཚེ་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཁང་དང་དོན་གཅོད་ཁང་ལ་མཐུན་སྦྱོར་བྱས་ཏེ་ལས་དོན་གཉེར་སྐྱོང་བྱེད་པ་སོགས་ཡིན། ཁ་པར་ཨང་གྲངས་འདིས་སྤྱི་དམངས་ལ་སྒེར་གྱི་ལས་དོན་ནམ་ཁྲིམས་འགལ་ཉེས་གསོག་གི་གནས་ཚུལ་ཐག་གཅོད་བྱེད་རྒྱུ་ཡོད་པའི་བརྡ་ཁྱབ་སྔོན་ལ་མི་གཏོང་ལ། ཁ་པར་གྱི་བརྡ་འཕྲིན་སྡེ་ཚན་གཞན་ལ་སྤོ་མི་སྲིད། དེ་བཞིན་ཁ་པར་བརྒྱབ་པའི་བརྒྱུད་རིམ་ནང་ཁ་པར་གཏོང་མཁན་གྱིས་གཏན་འཁེལ་བྱས་པའི་རྩིས་ཁང་དུ་དངུལ་བརྗེ་བའམ་དངུལ་སྐྱེལ་དགོས་པའི་བླང་བྱ་མི་འདོན། དོན་གཅོད་སྲུང་སྐྱོབ་ལྟེ་གནས་ནས་དྲན་སྐུལ་བྱ་རྒྱུར། གལ་ཏེ་མགོ་སྐོར་ཐེབས་ཚེ། དང་ཐོག་ས་གནས་དེའི་ཉེན་རྟོག་པར་སྙན་ཞུ་འབུལ་དགོས། གལ་ཏེ་དངུལ་ནི་རྒྱལ་ནང་གི་དངུལ་ཁང་བརྒྱུད་དེ་བརྗེ་སྤྲོད་བྱས་པ་ཡིན་ཚེ། དུས་མཚུངས་སུ་རང་ཉིད་ཀྱི་རྒྱལ་ནང་དུ་ཐོ་འགོད་བྱས་པའི་སྡོད་གནས་ཀྱི་སྤྱི་བདེ་ལས་ཁུངས་ལ་ཡང་སྙན་ཞུ་འབུལ་ཆོག ཕྱི་འབྲེལ་པུའི་རྒྱལ་སྤྱིའི་དོན་གཅོད་སྲུང་སྐྱོབ་དང་ཞབས་ཞུའི་ཛ་དྲག་ཁ་པར་ཨང་གྲངས་(ཆུ་ཚོད་24)




