
ཟླ1པོའི་ཚེས19ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་དུ་མགོ་འཛིན་མཛད་དེ་ཆེད་མཁས་པ་དང་ཁེ་ལས་པ། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས《སྲིད་གཞུང་བྱ་བའི་སྙན་ཞུ》དང《ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད(འཆར་ཟིན)》ཀྱི་བསམ་འཆར་དང་བསམ་ཚུལ་ལ་གསན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས19ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་དུ་མགོ་འཛིན་མཛད་དེ་ཆེད་མཁས་པ་དང་ཁེ་ལས་པ། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས《སྲིད་གཞུང་བྱ་བའི་སྙན་ཞུ》དང《ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད(འཆར་ཟིན)》ཀྱི་བསམ་འཆར་དང་བསམ་ཚུལ་ལ་གསན།
བཞུགས་མོལ་ཚོགས་འདུའི་སྟེང་། མིན་མིན་དང་ཧི་ཅ། ཡན་ཅུན་ཅེ། ཀྲང་ཀྲི་ཀང་། ཀུང་ཆི་ཧོང་། ཡུས་ཞའོ་ཧུས། ཝང་ཡུང་ཅུན། ཀྲོའུ་ལི་ཡ། ཧྲི་ཡུས་ཆི་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མས་ན་ནིང་ནི་སྤྱིར་བཏང་མིན་པའི་ལོ་གཅིག་སྟེ། རྙོག་འཛིང་ཟང་ཟིང་གི་ཕྱི་ཕྱོགས་གནས་བབ་ལ་ཁ་གཏད་དེ། ང་ཚོའི་རྒྱལ་ཁབ་ཀྱིས་དུས་འཁོར་ལྡོག་མའི་སྙོམས་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་ནས། འཕར་ཚད་བརྟན་པ་དང་སྒྲིག་གཞི་ལེགས་བཅོས། དམངས་འཚོར་ཕན་ཁེ་སོགས་ཀྱི་ཐད་དངོས་སྒྲུབ་ཀྱི་བྱེད་ཐབས་མང་པོ་བཏོན་ལ། འཕེལ་རྒྱས་ཁྲོད་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མུ་མཐུད་དུ་ཇེ་མང་དུ་སོང་ནས་རྒྱུ་རྐྱེན་འཁོར་རྒྱུག་ལ་རྒྱུན་མཐུད་ངང་གསོན་ཤུགས་འཕེལ་ཞིང་། ཚོང་རའི་ཡིད་རྟོན་མངོན་གསལ་གྱིས་ཇེ་ཆེར་སོང་བས་གྲུབ་འབྲས་ཐོབ་པ་ནི་དངོས་གནས་ལས་སླ་བོ་ཞིག་མིན་པར་འདོད། ཚང་མས་རང་སོ་སོའི་ཁྱབ་ཁོངས་དང་འབྲེལ་ནས། ད་ལོ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་བསམ་འཆར་དང་བསམ་ཚུལ་བཏོན།
ཚང་མའི་གཏམ་བཤད་ལ་གསན་རྗེས། ལི་ཆང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་འོག ང་ཚོས་སྔར་བས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ནས་ཕྱི་ཕྱོགས་ཀྱི་རྡེབ་ཤུགས་ལ་ཁ་གཏད་ནས། རང་རྒྱལ་གྱི་དཔལ་འབྱོར་གནོན་ཤུགས་ཐེག་ནས་མདུན་སྐྱོད་བྱེད་པ་དང་། གསར་དར་ཐོན་ལས་མགྱོགས་མྱུར་ངང་གསོ་སྐྱོང་དང་སྟོབས་ཆེར་བཏང་སྟེ། ཁྲོམ་རའི་དགོས་མཁོ་རྒྱུན་མཐུད་ངང་རྒྱ་བསྐྱེད་དང་སྤུས་ཚད་ཇེ་ལེགས་སུ་བཏང་བས་མཉེན་ཆ་དང་གསོན་ཤུགས་ཆེན་པོ་མངོན་ཡོད། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཚུགས་པའི་ལོ་ཡིན་པས། ཕྱི་ཕྱོགས་ཀྱི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བ་དང་། ངེས་གཏན་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་པས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲོད་གནད་དོན་རྙིང་པ་དང་འགྲན་སློང་གསར་པ་ད་དུང་མི་ཉུང་བ་ཞིག་ཡོད། འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལ་ཇེ་ལེགས་སུ་འགྲོ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་པ་མཐོང་དགོས། ང་ཚོས་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། གནད་དོན་ལ་ཐད་ཀར་གདོང་གཏོད་པ། སྟོབས་ཤུགས་གཅིག་སྡུད་བྱས་ནས་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ་བཅས་བྱས་ན། དཔལ་འབྱོར་བརྟན་ལྷིང་ཁྲོད་ཇེ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་བསྐྱེད་ཐུབ་པ་དང་། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་འཛིན་བརྟན་པོ་བྱེད་ཐུབ་ངེས་རེད།
ལི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་གྲོས་གཞི་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་འཕེལ་རྒྱས་ཁོར་ཡུག་གི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་སྣེ་ཁྲིད་འབུར་དུ་བཏོད་དེ། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷོད་གཡེང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ནས། སྲིད་ཇུས་སྣ་ཚོགས་སྡེབ་སྒྲིག་བྱས་ནས་ནུས་ཤུགས་འདོན་རྒྱུར་མཐོང་ཆེན་བྱེད་པ་དང་། བསྒྱུར་བཅོས་བྱེད་ཐབས་དང་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བའི་ཐད་ཚད་བརྒལ་སྔར་ལས་ཆེ་བ་ཡོང་བར་བྱ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། གསར་གཏོད་ཀྱི་སྒུལ་ཤུགས་ཇེ་ཆེར་གཏོང་བ། བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་འཐབ་ཇུས་གཞི་རྩ་དེ་ནང་མཁོ་རྒྱ་བསྐྱེད་པའི་ཐོག་བཞག་ནས། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དམངས་འཚོར་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ཏེ། དམངས་འཚོར་ཕན་པ་ཐོབ་པ་དང་འཛད་སྤྱོད་ལ་སྐུལ་འདེད། དངོས་པོའི་ཐད་མ་འཇོག་བྱེད་པ་དང་མི་སྐྱེད་སྲིང་ཐད་མ་འཇོག་བྱེད་པ་ཟུང་འབྲེལ་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཕར་སྣོན་ཡོང་བའི་གནས་གསར་པ་གསོ་སྐྱོང་བྱས་ནས། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།
ལི་ཆང་གིས་ཚང་མས་རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ཏེ། སྔར་ལས་ཆེ་བའི་ཁག་ཁུར་མངོན་ནས་ཧུར་ཐག་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་མངོན་པའི་གནས་ཚུལ་ངོ་མ་བཤད་དེ། བསམ་འཆར་དང་བསམ་ཚུལ་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་མང་བའི་བྱས་རྗེས་འཇོག་རྒྱུའི་རེ་བ་བཏོན།
ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས།
《སྲིད་གཞུང་བྱ་བའི་སྙན་ཞུ》དང《“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད(འཆར་ཟིན)》ཀྱི་བསམ་འཆར་བསྡུ་ལེན་མ་ཟིན་གཉིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་བཏང་ནས་དུས་མཉམ་དུ་བསམ་འཆར་དང་བསམ་ཚུལ་བསྡུ་ལེན་བྱས་ཡོད། །




