ལང་ཚོ་གཟི་དཔལ་ལ་བརྟེན་ནས་གངས་ལྗོངས་བྱིས་པར་རེ་བའི་འོད་སྣང་སྦྱིན་པ།
| 2026-01-22 来源:ཀྲུང་གོ་བོད་ཀྱི་དྲ་བ། | 分享: |
ཉིན་འགའི་སྔོན་གྱི་དངོས་སྦྱོང་སློབ་གསོ་རོགས་སྐྱོར་གླེང་དུས་ཧྲན་ཞི་དགེ་འོས་སློབ་ཆེན་རྩིས་རིག་དང་བསྡོམས་རྩིས་སློབ་གླིང་གི་སློབ་རིམ་བཞི་པའི་སློབ་མ་བསྟན་འཛིན་ཀླུ་སྒྲུབ་ཀྱིས་ཁོས་ཐེངས་དང་པོར་སློབ་མ་ཚོར་སློབ་ཁྲིད་བྱས་པའི་རྣམ་པ་དེ་ཡིད་ལ་དྲན། 2025ལོའི་ཟླ8པར་ཧྲན་ཞི་དགེ་འོས་སློབ་ཆེན་གྱི་སློབ་མ46གངས་ལྗོངས་མཐོ་སྒང་དུ་བསྐྱོད་དེ་ཟླ3རིང་གི་དངོས་སྦྱོང་སློབ་གསོ་རོགས་སྐྱོར་སྤེལ་མགོ་ཚུགས། ཁོ་ཚོ་ནང་མི་ལ་ལ་ཐེངས་དང་པོར་མཐོ་སྒང་དུ་བསྐྱོད་པ་དང་། ལ་ལ་རང་གི་ཆ་རྒྱུས་ཡོད་པའི་ཕ་ཡུལ་དུ་ལོག་པ་ཡིན།
མངའ་རིས་ནས་སྐྱེས་པའི་བསྟན་འཛིན་ཀླུ་སྒྲུབ་ཀྱིས་ཐེ་ཚོམ་གང་ཡང་མེད་པར་ལྷ་ས་མངའ་རིས་ས་ཁུལ་གྱི་མཐོ་འབྲིང་བདམས་ཏེ་རང་གི་དངོས་སྦྱོང་བྱེད་ས་བྱས། “སློབ་གྲྭ་འདི་ནང་གི་སློབ་མ་མང་ཆེ་ཤོས་མངའ་རིས་ནས་ཡོང་བ་ཡིན། ངས་རང་གི་སྟོབས་ཤུགས་ཆུང་ཆུང་བརྒྱུད་དེ་ཁོ་ཚོར་འགྱུར་བ་གཏོང་འདོད་པ་དང་། ཡང་ཁོ་ཚོ་ཕྱིར་བསྐྱོད་དེ་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ལ་རྒྱུས་ལོན་བྱེད་འཇུག་འདོད”ཅེས་བསྟན་འཛིན་ཀླུ་སྒྲུབ་ཀྱིས་དེ་ལྟར་བརྗོད།
འདྲ་མཚུངས་ཀྱི་འཚར་ལོངས་འབྱུང་ཚུལ་གྱིས་བསྟན་འཛིན་ཀླུ་སྒྲུབ་དང་སློབ་མ་ཚོ་བར་ནས་མྱུར་དུ་བརྩེ་བ་ཆགས། ཁོའི་སློབ་ཁྲིད་ནང་ནམ་ཡང“མངའ་རིས་ཁྱད་ཆོས”ལྡན་པ་རེད། རྟེན་འབྱུང་གྲངས་དང་ལངས་གཟུགས་དབྱིབས་རྩིས་སོགས་ཀྱི་ལྐོག་གྱུར་ལྡན་པའི་སློབ་ཁྲིད་ནང་དོན་ལ་ཁ་གཏད་དུས། ཁོས་མངའ་རིས་འབྲོག་ས་དང་རི་ལམ་གྱིས་སློབ་མ་ཚོ་ཆ་རྒྱུས་ཡོད་པའི་སྣང་ཚུལ་ནང་དུ་ཁྲིད་པས། སྤྲོ་བ་མེད་པའི་གོ་དོན་ཡང་གསོན་ཉམས་ལྡན་པར་གྱུར། བསྟན་འཛིན་ཀླུ་སྒྲུབ་ཀྱིས་བརྗོད་དོན། “སློབ་མ་ཚོའི་མིག་མདངས་མགོ་འཐོམ་པ་ནས་བསམ་བློ་གཏོང་རྒྱ་ཆེ་རུ་ཕྱིན་པས་ང་ལ་ལྷག་ཏུ་ཐོབ་ཚོར་ལྡན། མཐར་ཕྱིན་རྗེས་རང་གི་ཕ་ཡུལ་དུ་ཕྱིར་ལོག་རྒྱུའི་སེམས་ཐག་བཅད”ཅེས་བརྗོད།

པར་འདི་ནི2025ལོའི་ཟླ10པའི་ཚེས26ཉིན། བསྟན་འཛིན་ཀླུ་སྒྲུབ་ཀྱིས་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་ནས་དངོས་སྐྱོང་རོགས་སྐྱོར་སློབ་ཁྲིད་བཞིན་པའི་ཚུལ་རེད།
ཞིང་འབྲོག་ཁྱིམ་ཚང་དུ་སྐྱེས་པའི་རིན་ཆེན་དོན་གྲུབ་ཀྱིས་བསམ་ཚུལ་དེ་སྔོ་མོ་ནས་དོན་དངོས་ནང་སྤྱད་པ་ཡིན། 2024ལོར་རིན་ཆེན་དོན་གྲུབ་ཀྱིས་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་ནས་དངོས་སྦྱོང་སློབ་གསོ་རོགས་སྐྱོར་བྱས། མཐར་ཕྱིན་རྗེས་གཞིས་ཀ་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་བ་ནས་དགེ་རྒན་གྱི་ལས་འགན་ཁུར། “སློབ་མ་ཚོར་ང་རང་བརྒྱུད་དེ་དཔེ་ཀློག་གིས་ལས་དབང་སྒྱུར་ཐུབ་པ་བརྗོད་འདོད་པ་རེད”ཅེས་བརྗོད།
2010ལོ་ནས་བཟུང་། ཧྲན་ཞི་དགེ་འོས་སློབ་ཆེན་གྱིས་བསྟུད་མར་ལོ15རྒྱལ་ཁབ་གཞུང་གྲོན་དགེ་འོས་སློབ་མ་དང“ནུབ་མིན་ནུབ་གཏན”དགེ་འོས་སློབ་མ། རྒྱལ་ཁབ་ཀྱི“དགེ་རྒན་བཟང་པོ་འཆར་གཞི”དགེ་འོས་སློབ་མ་བོད་ལྗོངས་ཀྱི་སློབ་གྲྭ20རུ་དངོས་སྦྱོང་སློབ་གསོ་རོགས་སྐྱོར་སྤེལ་མགོ་ཚུགས། དེ་ནང80%ལས་བརྒལ་བའི་སློབ་མས་དངོས་སྦྱོང་སློབ་གསོ་རོགས་སྐྱོར་མཇུག་རྫོགས་རྗེས་བོད་ལྗོངས་ནས་ལས་གཉེར་བྱས་ཏེ་དགེ་རྒན་དཔང་ཁག་ནང་གི་སྟོབས་ཤུགས་གལ་ཆེན་དུ་གྱུར།

པར་འདི་ནི2025ལོའི་ཟླ8པའི་ཚེས23ཉིན། ཧྲན་ཞི་དགེ་འོས་སློབ་ཆེན་རྒྱལ་ཁབ་གཞུང་གྲོན་དགེ་འོས་སློབ་གསོ་དངོས་སྦྱོང་ཚན་ཆུང་གི་སློབ་ཆེན་སློབ་མ་ཚོ་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་ནས་སློབ་མ་ཚོ་དང་མཉམ་པར་ལེན་བཞིན་པའི་ཚུལ་རེད།
དངོས་སྦྱོང་རོགས་སྐྱོར་སློབ་གསོའི་སྣེ་ཁྲིད་དགེ་རྒན་ཡིན་པའི་ངོས་ནས། ལོ་མང་པོ་རིང་ཧྲན་ཞི་དགེ་འོས་སློབ་ཆེན་གྱི་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཕིང་ཝེ་ཡིས་དངོས་སྦྱོང་ནང་ཞུགས་པའི་སློབ་མ་ཚོ་དངོས་གནས་འཆད་སྟེགས་སྟེང་བསྐྱོད་པ་བདེན་དཔང་བྱས། “དུས་ཡུན་ཐུང་ངུའི་སློབ་གསོ་བོད་སྐྱོར་གྱིས་སློབ་མ་ཚོར་སྔར་ལས་ལྷག་པའི་ངང་བོད་ལྗོངས་སུ་ཁྱད་དུ་ཡོད་པའི་སློབ་གསོའི་བརྩེ་བ་མཐོང་འཇུག་ཐུབ། དེ་ནས་ཁོ་ཚོ་དང་བོད་ལྗོངས་བར་གྱི་བརྩེ་བ་ཆགས་པ་དང་། མཐར་ཕྱིན་རྗེས་བློ་བརྟན་འགྱུར་མེད་ཀྱིས་བོད་ལྗོངས་སུ་དགེ་རྒན་ཞིག་བྱེད་པའི་སེམས་ཐག་བཅད”ཅེས་ཕིང་ཝེ་ཡིས་དེ་ལྟར་བརྗོད།
2025ལོའི་ཟླ1པོར། ཧྲན་ཞི་དགེ་འོས་སློབ་ཆེན་གྱི་ལོ་རྒྱུས་རིག་གནས་སློབ་གླིང་གི་སྐབས2024པའི་མཐར་ཕྱིན་སློབ་མ་བསྟན་འཛིན་རྡོ་རྗེ་དངོས་སུ་ལྷོ་ཁ་གྲོང་ཁྱེར་ཆ་ཚང་སློབ་འབྲིང་གི་མཐོ་འབྲིང་ལོ་རྒྱུས་དགེ་རྒན་ཞིག་ཏུ་གྱུར། དངོས་སྦྱོང་རོགས་སྐྱོར་སློབ་གསོའི་ཉམས་མྱོང་ཡོད་པས་ཁོས་བོད་ལྗོངས་སློབ་མར་ལྷག་ཏུ་ཆ་རྒྱུས་ཡོད། “སྣོད་བསྟུན་སློབ་ཁྲིད་ཤིན་ཏུ་གལ་ཆེན་ཡིན། ལོ་གཅིག་གི་རིང་ལ་ངེད་འཛིན་གྲྭའི་ལོ་རྒྱུས་སྦྱངས་འབྲས་འཕེལ་རྒྱས་ཆེན་པོ་བྱུང”ཞེས་བརྗོད།
ལོ་ངོ15རིང་ལ། ཧྲན་ཞི་དགེ་འོས་སློབ་ཆེན་གྱི་དངོས་སྦྱོང་རོགས་སྐྱོར་སློབ་གསོ་རོགས་སྐྱོར་ནི་རྒྱུན་ཆད་མེད་པའི་ལང་ཚོའི་མུ་མཐུད་པ་ཞིག་ཏུ་གྱུར། དངོས་སྦྱོང་དགེ་རྒན་ཚོས་ཁྱེར་ཡོང་བ་ནི་སྤུས་ལེགས་ཀྱི་སློབ་གསོའི་འདུ་ཤེས་དང་སྔོན་ཐོན་གྱི་སློབ་ཁྲིད་བྱེད་ཐབས་ཡིན་པ་མ་ཟད། རེ་འདུན་དང་འཚར་ལོངས་དང་འབྲེལ་བའི་ས་བོན་ལྟ་བུ་ཡིན།
2023ལོར། ཧྲན་ཞི་སློབ་ཆེན་མཛེས་རྩལ་སློབ་གླིང་གི་ལོ་རིམ་བཞི་བའི་སློབ་མ་དབྱང་ཅིན་ཕིང་ལྷ་སར་དངོས་སྦྱོང་རོགས་སྐྱོར་སློབ་གསོ་བྱེད་དུ་ཡོང་། སྒྱུ་རྩལ་སློབ་མའི་སྦྱངས་འབྲས་ཇེ་བཟང་དུ་གཏོང་ཆེད། ཉིན་རྒྱུན་གྱི་སློབ་ཁྲིད་འགན་ཁུར་འགྲུབ་པ་མ་ཟད། དབྱང་ཅིན་ཕིང་ད་དུང་སློབ་གྲྭས་རྩ་འཛུགས་བྱས་པའི་མཚན་མོའི“མཛེས་རྩལ་ཆེད་སྦྱོང་འཛིན་གྲྭ”ནང་ཞུགས་པ་རེད། སློབ་མ་ཚོས་རྒྱུགས་གཞི་གྲ་སྒྲིག་བྱེད་པའི་བྲེལ་འཚུབ་རྣམ་པ་དེས་ཁོས་རང་ཉིད་ཀྱི་འདས་ཟིན་དྲན། “ངས་སློབ་མ་ཚོར་རང་གི་གཏམ་རྒྱུད་བརྗོད་སྐབས་ཉིན་དེའི་སློབ་ཁང་ནང་ལྷིང་འཇགས་དུ་གནས། ཁོ་ཚོའི་མིག་མདངས་ནང་མ་འོངས་པའི་རེ་བས་ཁེངས་པ་དང་། རེ་འདུན་ཆེད་དུ་རྒྱུན་འཁྱོངས་དང་བརྩོན་ལེན་བྱེད་པའི་གཏམ་རྒྱུད་ནི་ས་བོན་འབུས་པ་བཞིན་ཁོ་ཚོའི་སེམས་སུ་ཟུག་པ་རེད”ཅེས་བརྗོད།
ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་ཝའོ་ཕའོ་ཡིས་བརྗོད་དོན། “དངོས་སྦྱོང་དགེ་རྒན་ཚོས་བོད་ལྗོངས་བྱིས་པའི་མིག་རྒྱ་སྐྱེད་པ་དང་སློབ་སྦྱོང་གི་སྤྲོ་བ་ཡང་འཕེལ། སློབ་མ་ཚོའི་སློབ་སྦྱོང་འདུ་ཤེས་སྒྱུར་བ་མ་ཟད། ཁོ་ཚོར་སྔར་ལས་ཆེ་བའི་སྟེགས་བུ་རུ་སློབ་སྦྱོང་བྱེད་པར་སྐུལ”།
ཧྲན་ཞི་དགེ་འོས་སློབ་ཆེན་གྱི་སློབ་གཙོ་ཁྲེང་ཞིན་པིན་གྱིས་བརྗོད་དོན། སློབ་གྲྭས་རྒྱུན་མཐུད་ངང་སློབ་གསོ་བོད་སྐྱོར་ལག་ལེན་གཏིང་ཟབ་བཏང་ནས། དགེ་རྒན་གསོ་སྐྱོང་དང་ཐོན་ཁུངས་མཉམ་སྤྱོད། མཐུན་སྦྱོར་སློབ་གསོ་སོགས་ཀྱི་གནད་འགག་གཙོ་བོར་བཟུང་སྟེ། ལྷག་སེམས་རྣམ་དག་གིས་སློབ་གསོ་བོད་སྐྱོར་ལས་དོན་སྣ་ཚོགས་སྤེལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་ནས་བོད་ལྗོངས་ཡུན་རིང་བདེ་ཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་གསར་པ་འཇོག་རྒྱུ་རེད། །




