ཤྭ་ར་སོགས་ལྐོག་ནས་ཁྱེར་བ་དེ་་་
| 2026-01-25 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཉེ་ཆར། ཧའེ་ཁོའུ་འགག་སྒོའི་ཁོངས་གཏོགས་སན་ཡ་གནམ་ཐང་གི་འགག་སྒོའི་ལས་དོན་མི་སྣས་རྒྱལ་མཚམས་ནས་ཕྱིར་ཐོན་པའི་དུས་གཏན་གནམ་གྲུ་ག་གེ་མོ་ཞིག་ལ་ལྟ་སྐུལ་དོ་དམ་བྱེད་སྐབས། ལྗང་མདོག་བགྲོད་ལམ་བདམས་ནས་འགག་སྒོ་སྒྲོལ་བའི་འགྲུལ་པ་ཞིག་གི་རྡོག་ཁྲེས་འཕྲུལ་ཆས་ཞིབ་བཤེར་གྱི་པར་རིས་རྒྱུན་ལྡན་མིན་པ་ཤེས་རྟོགས་བྱུང་བ་རེད། སྒམ་ཁ་ཕྱེ་ནས་ཞིབ་བཤེར་བྱས་པ་བརྒྱུད། ཤྭ་རྭའི་གྲུབ་ཆ་དང་ནེ་ཙོའི་བྱ་སྒྲོའི་ཐོན་རྫས་སོགས་དངོས་པོ་27རྩད་ཆོད་པ་དང་། སྤྱིའི་ལྗིད་ཚད་ཁེ་746ཡོད་པ་རེད།

གསལ་འབྱེད་བྱས་པ་བརྒྱུད། གོང་གསལ་དངོས་རྫས་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཤྭ་བའི་རྭ་ཅོའི་གྲུབ་ཆ་དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ནེ་ཙོ་དམར་ལྗང་དང་། ནེ་ཙོ་སྔོ་སེར་གྱི་བྱ་སྒྲོའི་ཐོན་རྫས། དེ་བཞིན་ཤྭ་བ་སེར་ཆེན་གྱི་རྭ་ཅོའི་གྲུབ་ཆ་བཅས་ཡིན་པ་རེད། མིག་སྔར་ཡུལ་དངོས་འགག་སྒོ་ལས་ཁུངས་ཀྱིས་ཁྲིམས་ལྟར་འབྲེལ་ཡོད་སྡེ་ཁག་ལ་རྩིས་སྤྲོད་བྱས་ནས་ཐག་གཅོད་བྱས་ཡོད་པ་རེད།




