英文藏文APP W020161009565839193236.jpg | 微信 111111111.jpg

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་ཐོག་གི་གསུང་བཤད་གལ་ཆེན་ལ་དགའ་བསུ་ཆེན་པོ་ཐོབ།

2026-01-26 来源:ཤམ་བྷ་ལ་ཆ་འཕྲིན། 作者:措拉 分享:

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་འགོ་ཚུགས་མཛད་སྒོ་ཐོག་གི་གསུང་བཤད་གལ་ཆེན་ལ་རྒྱལ་ཡོངས་ས་གནས་ཁག་ཏུ་དགའ་བསུ་ཆེན་པོ་ཐོབ་པ་རེད། 

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལོ་ལྔ་ཚན་གྱི་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱེད་པ་ནི་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་གལ་ཆེན་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ལེགས་ཆ་གལ་ཆེན་ཞིག་ཡིན་ཞེས་གསུངས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས། གནས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས། ཉམས་མྱོང་རྩ་ཆེན་ཡག་པོ་སྤྱོད་པ། ལམ་ལུགས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ནུས་པར་བསྒྱུར་བ། འཐབ་ཇུས་བཀོད་སྒྲིག་བྱ་སྤྱོད་དངོས་ནས་ལག་ལེན་བྱེད་དགོས་ཞེས་བཤད། 

  པེ་ཅིན་གྲོང་ཁྱེར་ཧྥང་ཐའེ་ཆུས་ཏང་ཨུའི་ཧྲུའུ་ཅི་ཝང་ཧྲའོ་ཧྥང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕན་པ་བཞིས་ལོ་ལྔ་ཚན་གྱི་འཆར་འགོད་གཏན་འབེབས་དང་ལག་བསྟར་གྱི་ཆབ་སྲིད་ལེགས་ཆ་ལ་ཕྱོགས་བསྡུས་ཟབ་མོ་བྱེད་པ་དང་། རྒྱུན་འཁྱོངས་ལྔ་ལས་དུས་ཡུན་རིང་པོའི་ལག་བསྟར་ནང་དུ་བྱུང་བའི་ཕུན་སུམ་ཚོགས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཡོད། ང་ཚོའི་ཏང་གིས་ལོ་ལྔའི་འཆར་འགོད་གཏན་འབེབས་དང་ལག་བསྟར་གྱི་་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་བཞིན་མངོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། ཏང་གི་གསར་གཏོད་རིགས་གཞུང་གིས་བསམ་བློ་གཅིག་གྱུར་དང་བསམ་བློ་ལ་དྲག་སྤྲས་བྱེད་པ། འགྲན་བརྩོན་དྲག་པོ་ལྡན་པའི་དེང་རབས་ཅན་ཐོན་ལས་མ་ལག་མགྱོགས་མྱུར་དུ་བཀོད་སྒྲིག་བྱེད་ཅིང་།  གསར་གཏོད་གསོན་ཤུགས་འདོན་སྤེལ་ཡག་པོ་བྱེད་པ། དོན་དངོས་བསྒྲུབས་ནས་གཏན་འཁེལ་གཉིས་སྲུང་སྐྱོང་དང་རྦད་དེ་སྲུང་སྐྱོང་གཉིས་བྱེད་དགོས་ཞེས་བཤད།

  ཀོང་ཏུང་ཞིང་ཆེན་གྱིས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོའི་འཛུགས་སྐྲུན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཆེད་གཉེར་ཀྲུའུ་རེན་གཞོན་པ་ཀྲུའུ་ཡུང་ཧུའེ་ཡིས། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་དུས་སྐབས་སུ། རང་རྒྱལ་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་སྐས་རིམ་གསར་པར་སྤོས་ཤིང་། གྲུབ་འབྲས་དེ་དག་ཐོབ་པ་དེ་རྩ་བའི་ཆ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལམ་སྟོན་སྣེ་ཁྲིད་ལ་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་གི་ཁྲིད་སྟོན་དང་རག་ལས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ་དང་། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་ཞེས་བཤད།

  ལིའོ་ཉིང་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་ཝང་ཞའེ་ལེ་ཡིས། ལག་ལེན་གྱི་ཐོག་ནས། གཏན་འཁེལ་གཉིས་ནི་དཀའ་ཁག་དང་བཀག་འགག་ཡོད་ཚད་ལས་རྣམ་པར་རྒྱལ་བ་དང་། ངེས་མེད་ཀུན་ལ་ཁ་གཏད་གཅོག་པའི་ཆེས་ཆེ་བའི་ངེས་གཏན་རང་བཞིན་དང་ཆེས་ཆེ་བའི་སྤོབས་པ་དང་། ཆེས་ཆེ་བའི་འགན་སྲུང་ཡིན་པར་ར་སྤྲོད་བྱས་ཡོད། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འགོ་འཛུགས་ས་གསར་པའི་ཐོག ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་གཏན་འཁེལ་གཉིས་ལ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་བསྟུན་ནས། ཚན་རྩལ་གསར་གཏོད་ཀྱིས་སྤུས་མཐོའི་འཕེལ་རྒྱས་ལ་རྒྱབ་རྟེན་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་ཡིན་ཞེས་བཤད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འཐབ་ཇུས་བཀོད་སྒྲིག་གོ་བ་ཡང་དག་དང་དམ་འཛིན་བྱེད་པ་སོགས་གནད་དོན་ཆེན་པོའི་འགྲེལ་བརྗོད་ཟབ་མོ་གནང་ཞིང་བླང་བྱ་གསལ་པོ་བཏོན་ཡོད་པས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་བདེ་བླག་ངང་འཕེལ་རྒྱས་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་ཡག་པོ་བྱས་ཏེ། དོན་གཉེར་ནུས་པ་ཇེ་དྲག་དང་། འབད་པ་ལྷོད་མེད་ཀྱིས་འཆར་གཞི་དོན་འཁྱོལ་བྱེད་དགོས་ཞེས་བཤད།

  ནང་སོག་ཧུའུ་ཧོ་ཧོ་ཐེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་པའོ་ལི་ཀོ་ཡིས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ཡང་དག་དང་དམ་འཛིན་ཟབ་མོ་བྱས་ཏེ། སྤུས་ཚད་མཐོན་པོས་ལས་ཞུགས་གང་ཐུབ་དང་། སྤྱི་ཚོགས་འགན་སྲུང་དམངས་འཚོའི་དྲ་བ་དམ་སྦྲེལ། མང་ཚོགས་ཀྱི་ཡོང་འབབ་སྤར་བ་སོགས་ཤུགས་གནད་ལ་ཕོག་སྟེ། དམངས་འཚོའི་མ་ཐིག་བརྟན་སྲུང་དང་དམངས་འཚོའི་ཕན་བདེ་ཇེ་ལེགས་གཏོང་རྒྱུ་ཡིན་ཞེས་བཤད།

  ཐེན་ཅིན་པིང་ཧེ་སྤེལ་ཁུལ་གསར་པའི་ཏང་ཨུའི་ཧྲུའུ་ཅི་དབྱང་ལིའུ་ཡིས། ང་ཚོས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ལེན་པ། སྲུང་སྐྱོང་གཉིས་ཡག་མོ་སྒྲུབ་པ། རང་རྟོགས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། རིག་ནུས་ཅན་དང་འབག་མེད་ཅན། ཟུང་འབྲེལ་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཐོན་ལས་གསར་གཏོད་དང་ཤེས་འཇོན་གཅིག་བསྡུ་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་དོན་དངོས་སྒྲུབ་འབྲས་བུ་དངོས་སྨིན་ལ་བསྒྱུར་དགོས་ཞེས་བཤད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་དམངས་གཙོའི་ཐབས་ཇུས། ཁྲིམས་ལྟར་ཐབས་ཇུས་བཅས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་དང་ས་གནས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་རྩ་གནད་དང་ཆེད་དོན་འཆར་འགོད་སྒྲིག་བཟོ་ཡག་མོ་བྱེད་དགོས་ཞེས་གསུངས། ཚང་མས་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དམིགས་འབེན་ལས་འགན་དམིགས་ནས་ཡུལ་བབ་དང་བསྟུན་པ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་ནས། ཁྱོན་ཡོངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་སྐྱོད་གསར་པའི་ཐོག་འགན་འཁྲི་གསར་པ་ཁུར་བ་དང་བྱས་རྗེས་གསར་པ་འཇོག་དགོས་ཞེས་བཤད།

  མཚོ་སྔོན་ཞིང་ཆེན་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་དངུལ་གཏོང་ཡར་སྐུལ་ཅུས་ཀྱི་འགོ་འཛིན་ཝང་ཡན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་སྐྲུན། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་སོགས་གཞུང་ལུགས་གལ་ཆེན་དང་ལག་ལེན་གནད་དོན་འགྲེལ་བརྗོད་གསལ་པོར་གནང་བས། ང་ཚོས་སྔར་ལས་ལྷག་པར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ཐབས་ལམ་གསལ་པོར་གོ་སོང་། ང་ཚོས་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་བཀོད་སྒྲིག་དེ་ལ་གཞི་རིམ་ནས་ཕན་འབྲས་ཐོན་པར་ཁག་ཐེག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་གང་ཐུབ་བྱེད་གོས་ཞེས་བཤད།

  ཅི་ལིན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གི་འགོ་འཛིན་གཞོན་པ་ལིའུ་ཧུའེ་ཡིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཆེན་མོའི་ཇུས་ཆེན་སེམས་ལ་བཞག་ནས། ཅི་ལིན་གྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དེང་རབས་ཅན་གྱི་ཞིང་ལས་ཆེན་མོ་དང་ཞིང་སྡེ་འཕེལ་རྒྱས་གཏོང་བའི་ཆེད་དོན་འཆར་གཞི་སྒྲིག་བཟོ་བྱས་ཏེ། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་གཏོང་བ་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། སྔར་ལས་ཞིང་འབྲེལ་དང་ཞིང་སྐུལ་གྱི་ནང་རྐྱེན་འཛུགས་སྐྱོང་ཟབ་མོ་བྱས་ནས། ཞིང་པ་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་འཇུག་དགོས་ཞེས་བཤད།

  ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲུའུ་རུའུ་པོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཏང་ཡོན་ལས་བྱེད་ཀྱིས་ཡང་དག་པའི་ཆབ་སྲིད་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན། ང་ཚོས་ལག་ལེན་དངོས་དང་འཇོན་ཐང་ཇེ་དྲག་དང་དོན་དངོས་ལ་རྐང་ཚུགས་ཤིང་ཆོས་ཉིད་ལྟར་ལས་ཀ་བསྒྲུབས་ནས། བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞི་ཇེ་བརྟན་དང་། ཚན་རིག་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་སྔོག་འདོན་བྱས་ནས། གོམ་པ་རེ་རེས་འཆར་འགོད་དེ་དོན་དངོས་ལ་བསྒྱུར་དགོས་ཞེས་བཤད།

  ཞུང་ཨན་སྤེལ་ཁུལ་གསར་པའི་བཟོ་ལས་དང་ཆ་འཕྲིན་ཚན་རྩལ་གཞི་གྲངས་ཅུས་ཀྱི་འགོ་འཛིན་གཞོན་པ་ཝང་ཧུའེ་ཞིན་གྱིས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཡི་བླང་བྱ་ལྟར། ཁ་ཕྱོགས་ཡག་པོ་རྙེད་པ་དང་། པེ་ཅིན་རྒྱལ་ས་མིན་པའི་བྱེད་ནུས་ཀྱིས་གཅིག་བསྡུས་ཐེག་ཚད་གནས་ལྷོད་པའི་བལྟས་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ།ཤེས་འཇོན་པ་དང་ཚན་རྩལ། ཞབས་ཞུའི་རྒྱུ་ཆ་བཅས་གཅིག་བསྡུས་ཇེ་མགྱོགས་སུ་བཏང་ནས། ཐོན་ལས་རྩེ་གྲས་ཞུང་ཨན་གྱི་ས་གཞིར་གཅིག་འབྲེལ་བྱེད་དེ། མ་བཅོས་རྒྱུ་ཆ་དང་ལྷུ་ལག་བཟོས་སྐྲུན་ཐོན་སྐྱེད་ཐོན་ལས་ཕན་ཚུན་འབྲེལ་མཐུད་དང་རང་གི་འཇོན་ཐང་མངོན་པ། ཁ་ཕྱོགས་གཅིག་ཏུ་ཤུགས་རྒྱག་པའི་རྣམ་པ་ཆགས་པར་བྱེད་དགོས་ཞེས་བཤད།

  སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་བྱ་གཞག་རླབས་ཆེན་གཏོད། དཀའ་སྤྱད་སྡུག་རུས་ཀྱིས་འགྲུལ་བཞུད་གསར་པར་སྤྱོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་བྱས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དེ་གཏིང་ཇེ་ཟབ་གཏོང་བ་དང་། བསམ་བློ་སྔར་བས་གཅིག་གྱུར་དང་སེམས་ཤུགས་གཅིག་ཏུ་བསྡུས་པ་བཅས་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་་རླབས་པོ་ཆེའི་ལེའུ་གསར་པ་གཏོད་གང་ཐུབ་བྱེད་དགོས་ཞེས་བཤད།

  ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཕྱོགས་བསྡུས་ལས་སྒོ་ཁྲུའུ་ཡི་འགོ་འཛིན་ལིའུ་དབྱང་གིས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་ལ་མཐུན་སྒྲིལ་དམ་པོ་བྱས་ནས། ཏང་ཀྲུང་དབྱང་གི་གྲོས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། རྒྱལ་ཁབ་འཁོར་རེས་ཆེན་པོ་མཐོར་འདེགས་ཇེ་དྲག་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་རང་བདག་རང་བཞིན་དང་། རྒྱལ་སྤྱིའི་འཁོར་རེས་རྒྱ་བསྐྱེད་ཀྱིས་རྒྱལ་ནང་བཅོས་སྒྱུར་འཕེལ་རྒྱས་ཇེ་དྲག་གཏོང་བའི་གསོན་ཤུགས་ཀྱིས་ཀྲུང་གོ་རུ་ཅ་ལག་ཉོ་བ་དང་། ཀྲུང་གོར་ཕྱིར་གཏོང་། ཀྲུང་གོར་དངུལ་གཏོང་བཅས་ཀོང་ཞི་རུ་དོན་ཐོག་འཁྱོལ་བར་ཞབས་ཞུ་ཡག་པོ་སྒྲུབ་པ། སྲིད་ཇུས་ལེགས་ཆ་དང་ཐོན་ཁུངས་ལེགས་ཆ། ཁྱབ་ཁོངས་ལེགས་ཆ་བཅས་འགྲན་རྩོད་ནུས་པ་དངོས་ལ་བསྒྱུར་ཇེ་མགྱོགས་གཏོང་དགོས་ཞེས་བཤད།

  ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཨན་ཉིང་ནུབ་ལམ་སྲང་ལམ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥེ་ཅིན་ཁྲེན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དེ་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གཙོ་གནད་བྱེད་དགོས་ཞེས་ནན་གསུང་གནང་ཡོད་པས།ང་ཚོས་གཞི་རིམ་བཅོས་སྐྱོང་ཇེ་དྲག་གཏོང་བ་དང་། དམངས་འཚོ་དོན་དངོས་ཡག་མོ་སྒྲུབ་པར་བྱ་སྤྱོད་ཀྱི་མཛུབ་སྟོན་བཏོན་ཡོད། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་སྐབས་སུ། ང་ཚོས་འདུས་ཁུལ་རྙིང་པ་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་པ་དང་། མི་དམངས་ལ་ཞབས་ཞུ་སྒྲུབ་པའི་དྲྭ་བ་ཇེ་མང་བཏང་ནས་སྡོད་དམངས་ལ་མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་སྐྲུན་པ་ཡིན་ཞེས་བཤད།

  ཞིན་ཅང་ཧོ་ཐེན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཆེད་བསྐོས་པ་མ་ཧོ་མུའུ་ཐི་ཝུའུ་མའེ་ཨེར་ཅང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མིའི་སེམས་ལ་སྐུལ་མ་དང་ཧུར་སེམས་ཆེན་པོ་སྐྱེད་བཅུག་ཡོད། ང་ཚོས་འཐབ་ཇུས་ངར་ཤུགས་རྒྱུན་འཁྱོངས་དང་། རྒྱལ་ངེས་ཆོད་སེམས་ཇེ་དྲག་གཏོང་བ། ཐོན་ཁུངས་ལེགས་ཆ་དང་ཐོན་ལས་ལེགས་ཆ་ལ་བརྟེན་ནས་སྐྱེ་ལྡན་སིལ་ཏོག་དང་སྔོ་ཚལ། ནུས་ཁུངས་གསར་པ། བྱེ་འགོག་བྱེ་བཅོས་དང་ཁོངས་ཡོངས་ཡུལ་སྐོར་སོགས་ཐོན་ལས་ཇེ་རྒྱས་གཏོང་བ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དུས་མཚུངས་སུ་མི་དམངས་ཀྱི་འཚོ་བའི་སྤུས་ཀ་ཇེ་ལེགས་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞིན་ཅང་གི་ལག་བསྟར་ལ་བྱས་རྗེས་སྟོབས་ཤུགས་འབུལ་དགོས་ཞེས་བཤད་པ་བཅས་རེད།


关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942