སི་ཁྲོན་བཙན་ལྷའི་འབབ་རྒྱུད་ཀྱི་ཆུ་འོད་གསོག་འཇོག་གཞི་གཅིག་ཅན་གྱི་འོད་ནུས་ལས་གཞིས་གློག་འདོན་མགོ་བརྩམས།
| 2026-01-30 来源:ཀྲུང་གོ་བོད་ཀྱི་དྲ་བ། | 分享: |
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས28ཉིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བཙན་ལྷའི་འབབ་རྒྱུད་འོད་ནུས་རྟེན་གཞི་ལས་གཞིའི་སྐོར་དང་པོའི་འོད་ནུས་དྲ་རིས་དྲ་སྦྲེལ་ཏེ་གློག་འདོན་མགོ་བརྩམས། དེས་ཆུ་འོད་གསོག་འཇོག་གཞི་གཅིག་ཅན་གྱི་འོད་ནུས་ལས་གཞི་དངོས་སུ་འཁོར་སྐྱོད་བྱེད་པ་མཚོན། རང་རྒྱལ་གྱི་ས་བབ་མཐོ་བའི་ས་ཁུལ་ནུས་མང་ཕན་ཚུན་ཁ་གསབ་གསར་སྤེལ་ལ་ཐོད་བརྒལ་མངོན་འགྱུར་བྱུང་།

འདི་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བཙན་ལྷའི་འབབ་རྒྱུད་ཀྱི་འོད་ནུས་རྟེན་གཞིའི་ལས་གཞི་རེད།
རྒྱུས་ལོན་ལྟར་ན། ལས་གཞི་དེ་ཆ་སྙོམས་མཚོ་འཕགས་སྨི3700ལ་སླེབས་པའི་སི་ཁྲོན་ནུབ་རྒྱུད་མཐོ་སྒང་ཁུལ་དུ་བསྐྲུན་ཡོད། ས་ཞིང་གཞི་ཁྱོན་མུའུ3700ཟིན་པ་དང་། སྒྲིག་སྦྱོར་འཕྲུལ་འཁོར་གཞི་ཁྱོན་སྟོང་ཝ་ཁྲི16ལ་སླེབས། ཁྲོན་ཁྲེང་རགས་འཐེན་གསོག་གློག་འདོན་ས་ཚིགས་དང་བཙན་ལྷའི་འབབ་རྒྱུད་ཀྱིས་སྐས་རིམ་ཆུ་གློག་ས་ཚིགས་གསུམ་འཛུགས་སྐྲུན་བྱས་པས་སྐས་རིམ་ཆུ་འོད་གསོག་འཇོག་ཕན་ཚུན་ཁ་གསབ་གློག་འདོན་ས་ཚིགས་གྲུབ། མཚོ་འཕགས་སྨི3800གནས་སུ་གློག་ཤུགས་འཕར་ཚིགས་དང་དུས་ཚོད་གཅིག་གི་ཀྲའོ་ཝ16/ཀྲའོ་ཝ32དྲ་གྲུབ་རང་བཞིན་གྱི་གསོག་ནུས་ཆ་འགྲིག་སྒྲིག་ཆས་སྐྲུན། དེས་ཆུ་འོད་གསོག་འཇོག་གཞི་གཅིག་ཅན་གྱི་ནུས་ཁུངས་མང་བའི་གློག་འདོན་ས་ཚིགས་ཚོགས་པ་ཆགས་པས་གཞི་གཅིག་ཅན་གྱིས་མཐུན་སྦྱོར་འཁོར་སྐྱོད་བྱས། ལས་གཞིའི་ལོ་རེའི་གློག་འདོན་ཚད་དུས་ཚོད་གཅིག་ལ་སྟོང་ཝ་དུང་ཕྱུར2.8ལ་སླེབས་པས། ཁྱིམ་ཚང་ཁྲི14ཡི་ལོ་གཅིག་གི་གློག་མཁོ་འདོན་བྱེད་ཐུབ་པ་མ་ཟད། ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི8.7གྲོན་ཆུང་བྱེད་པས་དབྱང་གཉིས་སོལ་འགྱུར་ཕྱིར་གཏོང་ཚད་ཏུན་ཁྲི26.25ཇེ་ཉུང་དུ་བཏང་།
ཀྲུང་གོ་གློག་སྐྲུན་ཆུ་གློག་གསར་སྤེལ་ཀུང་སི་རྔ་བ་ཡུག་ཁུལ་གྱིས་ཏང་ཨུ་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་ཞེ་ཡུས་ལིན་གྱིས་ངོ་སྤྲོད་ལྟར་ན། ལས་གཞིས“འབྲོག་འོད་ཁ་གསབ”སྐྱེ་ཁམས་དཔེ་དབྱིབས་བརྒྱུད། ཚན་རིག་དང་ལྡན་པའི་ངང་འོད་ནུས་དྲ་རིས་བཀོད་སྒྲིག་བྱས་པ་དང་ས་ངོས་དང་སྨི2.0བར་ཐག་ཅན་གྱི་བར་སྣང་ནས་འཆར་འགོད་བྱས་པས། “པང་ལེབ་སྟེང་གློག་འདོན་དང་། པང་ལེབ་བར་ནས་ཕྱུགས་འཚོ་བ། པང་ལེབ་འོག་ནས་སླར་གསོ”བྱེད་པའི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་དཔེ་དབྱིབས་བཀོལ། དེས་མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་སྲུང་པ་མ་ཟད་སྐྱེ་ཁམས་སླར་གསོ་དང་དེང་རབས་འབྲོག་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས།
རྒྱུས་ལོན་ལྟར་ན། ལས་གཞི་ཡིས་ལག་རྩལ་ཐད་འོད་ནུས་གཡོ་འགུལ་ཁྱད་ཆོས་རིམ་བཀར་གནད་ཁེལ་ཚོད་འཛིན་མངོན་འགྱུར་བྱུང་བས། མཐོ་སྒང་གི་ས་གཤིས་ངན་ཁུལ་གློག་དྲ་ཞན་པས་ནུས་ཁུངས་ཟད་གྲོན་དཀའ་བ་དང་གློག་ཤུགས་ཐོན་ཁུངས་མི་འདང་པ། འཕྲོ་བརླག་གཏོང་བའི་གནད་དོན། ཐེག་ཚད་ཆེ་ཞིང་གློག་དྲ་རྩེ་སྙོམ་སྒྲིག་གནོན་ཤུགས་འབུར་ཐོན་སོགས་ཀྱི་འགྲན་སློང་སེལ་པ་རེད། །




