༢༠༢༦ལོའི་སྲིད་གཞུང་ལས་ཀའི་ལས་འགན་ཆེན་པོ་བཅུ།
| 2026-03-05 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
༢༠༢༦ལོའི་སྲིད་གཞུང་ལས་ཀའི་ལས་འགན་ཆེན་པོ་བཅུ། ༢༠༢༦ལོའི་སྲིད་གཞུང་ལས་ཀའི་སྙན་ཞུ་ལས། 1 རྒྱལ་ནང་གི་ཚོང་ར་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་པ། ● འཛད་སྤྱོད་ཇེ་ཆེར་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། ● ཕན་ནུས་ལྡན་པའི་དངུལ་གཏོང་གཏིང་ཤུགས་སྔོག་འདོན་གང་ལེགས་བྱེད་པ། 2 སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་དམ་འཛིན་བྱེད་པ། ● སྲོལ་རྒྱུན་གྱི་ཐོན་ལས་ལེགས་སྒྱུར་དང་མཐོར་འདེགས་གཏོང་བ། ● གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ། ● ཞབས་ཞུའི་ལས་རིགས་ཀྱི་ནུས་ཁུངས་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས་གཏོང་བ། ● རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་པ་སྐྲུན་པ། 3 ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མགྱོགས་སུ་གཏོང་བ། ● ཐོག་མའི་གསར་གཏོད་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ● ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ● སློབ་གསོ་དང་ཚན་རྩལ་གྱི་འཇོན་མི་འཕེལ་རྒྱས་གཏོང་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། 4 གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ● རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་གཏིང་ཟབ་གཏོང་བ། ● ནོར་ཁྲལ་དང་དངུལ་རྩའི་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་བ། ● རིགས་སོ་སོའི་ཚོང་གཉེར་མཁན་གྱི་གསོན་ཤུགས་ལ་སྐུལ་སློང་གང་ལེགས་བྱེད་པ། 5 ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་ཆེ་རུ་གཏོང་བ། ● རང་བརྟེན་སྒོ་འབྱེད་ཧུར་ཐག་གིས་རྒྱ་ཆེ་རུ་གཏོང་བ། ● ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་བརྟན་པོ་དང་གྲུབ་ཚུལ་ལེགས་པོ་ཡོང་བར་སྐུལ་འདེད་གཏོང་བ། ● ཕྱོགས་གཉིས་ཀར་དངུལ་གཏོང་མཉམ་ལས་བྱེད་ཤུགས་རྒྱ་ཆེ་རུ་གཏོང་བ། ● སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ། 6 གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བྱེད་པ། ● འབྲུ་རིགས་ཐོན་སྐྱེད་དམ་འཛིན་ལྷོད་མེད་བྱེད་པ། ● རྒྱུན་རྣམ་ཅན་གྱི་གནད་འཁེལ་རོགས་སྐྱོར་ལག་བསྟར་བྱེད་པ། ● གྲོང་གསེབ་ཀྱི་བསྒྱུར་བཅོས་དང་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། 7 གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ● མི་གཙོ་བོར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ● ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། 8 དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། ● སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ། ● སློབ་གསོ་འདྲ་མཉམ་དང་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་གཏོང་བ། ● གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་རྒྱག་པ། ● སྤྱི་ཚོགས་འགན་སྲུང་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ། ● མི་དམངས་མང་ཚོགས་ཀྱི་བསམ་བློའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་བ། 9 ཕྱོགས་ཡོངས་ནས་འབག་མེད་ལུགས་བསྒྱུར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། ● སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ● འབག་མེད་ཐཱན་ཉུང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་གཏོང་བ། ● ཐཱན་རྩེར་སོན་དང་ཐཱན་དོ་མཉམ་ཧུར་ཐག་གིས་བརྟན་པོར་གཏོང་བ། 10 གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་དང་བདེ་འཇགས་ནུས་པ་འཛུགས་སྐྲུན་བྱེད་པ། ● ས་ཁང་བདག་ཁོངས་ཀྱི་ཚོང་ར་བརྟན་པོ་ཡོང་བར་ཤུགས་རྒྱག་པ། ● ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ཧུར་ཐག་གིས་གོ་རིམ་ལྡན་པའི་སྒོ་ནས་སེལ་བ། ● དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་བརྟན་པོའི་ངང་ཐག་གཅོད་གང་ལེགས་བྱེད་པ། ● རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ། 来源:新华社 原标题:2026年政府工作十大任务 རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས། ཞུ་ཆེན། མགོན་པོ་ཚེ་རིང་། གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་། ལྟ་སྐུལ་པ། འཆི་མེད་དབང་མོ།
















































