རྒྱལ་ཡོངས་དམངས་ཆེན་སྐབས་༡༤པའི་གྲོས་ཚོགས་ཐེངས་༤པ་གྲོལ།
| 2026-03-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཟླ་༣ཚེས་༡༢ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣པར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་མཇུག་བསྒྲིལ་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་མཇུག་བསྒྲིལ་ཚོགས་འདུར་ཞུགས།
གྲོས་ཚོགས་ཐོག་གཤམ་གྱི་གྲོས་ཆོད་དང་བཅའ་ཁྲིམས་དག་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
● སྲིད་གཞུང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།
● རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རྩ་གནད་སྐོར་གྱི་གྲོས་ཆོད།
●《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་།》
●《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བཅའ་ཁྲིམས།》
●《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕེལ་རྒྱས་འཆར་གཞིའི་བཅའ་ཁྲིམས།》
●༢༠༢༥ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་། ༢༠༢༦ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་གྲོས་ཆོད།
●༢༠༢༥ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་༢༠༢༦ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད།
●རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།
●ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།
●ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།
●རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་གཙང་བཅོས་ལས་ཀའི་གནས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཐག་གཅོད་པའི་བསམ་འཆར་གྱི་སྙན་ཞུར་ཆོག་མཆན་འགོད་པའི་སྐོར་གྱི་ཆོད་དོན་བཅས་རེད།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་དེ་གྲོས་རིམ་ཁག་བདེ་བླག་ངང་གྲུབ་རྗེས་གྲོལ་བ་རེད།




