ཞི་ཅིན་ཕིང་གིས་༢༠༢༦ལོ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ལོ་རྒྱུས་རང་བཞིན་ལྡན་པ་དང་རྟགས་མཚན་རང་བཞིན་ལྡན་པའི་ལོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས།
| 2026-05-14 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་༥པའི་ཚེས་༡༤ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཆེན་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་གྲོས་མོལ་གནང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་བར་གྱི་ཐུན་མོང་ཁེ་ཕན་ནི་འགལ་ཟླ་ལས་ཆེ་ལ། ཀྲུང་གོ་དང་ཨ་རི་གཉིས་ཀའི་རང་རང་གི་འཕེལ་རྒྱས་ནི་ཕན་ཚུན་གྱི་གོ་སྐབས་ཡིན། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོ་ཡོང་བ་ནི་འཛམ་གླིང་ཡོངས་ལ་ཕན། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་ཟླ་གྲོགས་སུ་འཛིན་པ་ལས་འགྲན་ཡ་རུ་མི་འཛིན་པ་དང་། ཕན་ཚུན་བར་གྲུབ་འབྲས་ཐོབ་པར་རོགས་རེས་དང་མཉམ་དུ་དར་རྒྱས་ཡོང་བར་བྱས་ནས། དུས་རབས་གསར་པའི་ནང་སྟོབས་ལྡན་རྒྱལ་ཁབ་ཡང་དག་པར་མཉམ་གནས་ཡོང་བའི་བགྲོད་ལམ་དུ་བསྐྱོད་དགོས། ངས་ཙུང་ཐུང་ཐེ་རོན་ཕུའུ་དང་མཉམ་དུ་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་གནད་དོན་ཆེན་པོའི་སྐོར་ལ་དགོངས་ཚུལ་བརྗེ་རེས་གནང་རྒྱུར་རེ་སྒུག་བྱས་ཡོད་ལ། མཉམ་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདིའི་ཁ་ཕྱོགས་ལེགས་པར་ཁྲིད་པ་དང་ལེགས་པར་དམ་འཛིན་བྱས་ནས་༢༠༢༦ལོ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ལོ་རྒྱུས་རང་བཞིན་ལྡན་པ་དང་རྟགས་མཚན་རང་བཞིན་ལྡན་པའི་ལོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།




