ལི་ཆང་༢༠༢༦ལོའི་ཏཱ་ཝོ་སིའི་དབྱར་དུས་གླེང་སྟེགས་མགོ་འཛུགས་མཛད་སྒོའི་ནང་ཞུགས་ཤིང་ཤིས་ཚིག་ཕུལ།
| 2026-06-25 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་བ་དྲུག་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཏཱ་ལེན་དུ་༢༠༢༦ལོའི་དབྱར་དུས་ཏཱ་ཝོ་སིའི་གླེང་སྟེགས་མགོ་འཛུགས་མཛད་སྒོའི་ནང་ཞུགས་ཤིང་ཤིས་ཚིག་ཕུལ།
ལི་ཆང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་པ་ནང་བཞིན། གསར་གཏོད་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཡིན་ལ། གསར་གཏོད་འཆར་འགོད་བྱེད་པ་ནི་མ་འོངས་འཆར་འགོད་བྱེད་པ་ཡིན་པས། ཐེངས་འདིའི་གླེང་སྟེགས་ཀྱིས་གཞི་ཁྱོན་ཅན་གྱི་གསར་གཏོད་ཅེས་པ་བརྗོད་བྱ་གཙོ་བོ་བྱས་ཤིང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ངས་ཚང་མར་ཀྲུང་གོའི་གསར་གཏོད་ཀྱི་གཏམ་རྒྱུད་དང་། འཛམ་གླིང་གསར་གཏོད་མཉམ་ལས་སྐོར་གྱི་དྲན་ཚུལ་ཁ་ཤས་མཉམ་རོལ་བྱ་རྒྱུ་ཡིན།
གཅིག་ནི། ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པ་མགོ་འཛུགས་ཤིང་། ཀྲུང་གོའི་དཔལ་འབྱོར་གྱིས་འགྱུར་ལྡོག་ལ་ཁ་གཏད་བཅལ་ནས་འགོ་གསར་པ་ཚུགས་ཡོད། རྒྱལ་སྤྱིའི་གནས་བབ་ཟིང་ཆ་ཆེན་མོའི་གནས་ཚུལ་འོག ཀྲུང་གོའི་དཔལ་འབྱོར་ནི་བརྟན་ཞིང་གསར་ལ། གསོན་ཤུགས་རྒྱས་ཤིང་འདྲེས་ཆེ་བའི་རྣམ་པ་མང་པོ་མངོན་ཡོད་པས། འཕེལ་རྒྱས་བརྟན་པོ་དང་། ཡར་རྒྱས་གོང་འཕེལ་གྱི་སྟོབས་ཤུགས་མངོན་ནས། ངེས་མེད་རང་བཞིན་ཇེ་མང་འགྲོ་བཞིན་པའི་འཛམ་གླིང་ལ་ངེས་གཏན་ནུས་པ་རྩ་ཆེན་བཏོན་ཡོད། ང་ཚོར་མུ་མཐུད་དེ་ཀྲུང་གོའི་སྤུས་ཀ་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་སྐྲུན་པའི་ཡིད་ཆེས་ཡོད།
གཉིས་ནི་གསར་གཏོད་སྒུལ་ཤུགས་ནི་ཀྲུང་གོའི་དཔལ་འབྱོར་ཡུན་རིང་ཇེ་ལེགས་དང་ཡུན་རིང་བརྟན་པོར་སྐྱོད་པའི་མན་ངག་གལ་ཆེན་ཞིག་ཡིན། ལོ་ངོ་མང་པོའི་རིང་ལ་ཀྲུང་གོའི་དཔལ་འབྱོར་དུས་ནམ་ཡང་བརྟན་པོ་དང་བདེ་ལེགས་ངང་འཕེལ་རྒྱས་འགྲོ་ཐུབ་པ་དེར་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་ཁོར་ཡུག་བརྟན་པོ་ཡིན་པ་དང་གཞན་ཞིག་ནི་གསར་གཏོད་སྒུལ་ཤུགས་ཆེན་པོ་ཡོད་པས་རེད། ཀྲུང་གོའི་གསར་གཏོད་ནི་རང་ཉིད་དཀའ་སྤྱད་འབད་བརྩོན་བྱེད་པ་དང་ལས་རིགས་བརྒྱ་སྟོང་བེད་སྤྱོད་ལས་བྱུང་བ་ཡིན་ལ། སྐྱེ་ཁམས་ཡག་མོ་གསོ་སྤེལ་ལས་བྱུང་བ་རེད། ཉེ་ཆར་རྒྱལ་སྤྱིའི་སྟེང་གི་ལས་ཁུངས་མང་པོ་དང་འཕྲིན་སྦྱོར་གྱིས་ཀྲུང་གོའི་གོ་སྐབས་གཉིས་ཚེག་ཐིག་བཏོན་པ་རེད། དོན་དངོས་ཐོག་ཀྲུང་གོའི་གསར་དར་ཁྱབ་ཁོངས་ཀྱི་ལག་རྩལ་དང་ཐོན་རྫས་ལས་འཛམ་གླིང་ལ་འགྲན་སློང་མ་ཡིན་ལ་གོ་སྐབས་ཡིན་པ་དང་། འཇིགས་སྐུལ་མ་ཡིན་ལ་ནུས་སྟོབས་སྤྲོད་བཞིན་ཡོད་པར་ར་སྤྲོད་ཐུབ།
གསུམ་ནི་གསར་གཏོད་མཉམ་ལས་ནི་འཛམ་གླིང་འཕེལ་རྒྱས་ལ་ཐེབས་པའི་གནད་དོན་དག་བསལ་བྱས་པའི་གདམ་ག་ཉག་ཅིག་རེད།དེར་བརྟེན་ང་ཚོས་འབྲེལ་མཐུད་མཐུན་སྦྱོར་ཇེ་དྲག་གཏོང་བ་དང་། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་མཉམ་དུ་བཙུགས་ནས་ཡོངས་ཁྱབ་ནས་གསར་གཏོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། ང་ཚོས་ཚན་རྩལ་ལེགས་བསྒྱུར་རྒྱུན་འཁྱོངས་བྱེད་པ་དང་། མི་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་འཛམ་གླིང་བཅོས་སྐྱོང་ལམ་ལུགས་ཀྱི་སྒྲིག་སྲོལ་འཐུས་ཚང་གཏོང་བ་དང་། མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་དགོས། ཁེ་ལས་ནི་གསར་གཏོད་ཀྱི་སྟོབས་ཤུགས་གཙོ་བོ་ཡིན་པས ཀྲུང་གོས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོར་ཡོང་ནས་དངུལ་གཏོང་ལས་གཉེར་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་མཉམ་སྤྱོད་བྱེད་པར་དགའ་བསུ་ཡོད་ཅེས་གསུངས།




