英文藏文APP W020161009565839193236.jpg | 微信 111111111.jpg

ཤིན་ཅང་དང་བོད་ལྗོངས་སྐོར་གྱི་གཏམ་འཆལ་ལ་དགག་པ་འདི་ལྟར་བརྒྱབ་འདུག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》དེ་ད་ལོའི་ཟླ་7ཚེས་1ཉིན་དངོས་སུ་ལག་ལེན་བསྟར་རྒྱུ་རེད།

2026-06-25 来源:ཤམ་བྷ་ལ་ཆ་འཕྲིན། 作者:措拉 分享:

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》དེ་ད་ལོའི་ཟླ་7ཚེས་1ཉིན་དངོས་སུ་ལག་ལེན་བསྟར་རྒྱུ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཟླ་6ཚེས་24ཉིན་གྱི་སྔ་དྲོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》དང་རང་རྒྱལ་མི་རིགས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ་ཡོད།

图片

འདི་ནི་ལོ་ངོ་30ལྷག་ཙམ་རིང་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་ཞིབ་འཇུག་བྱས་པའི་ཁྲིམས་གཞི་ཐོག་མ་དེ་ཡིན།

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་གཏན་འབེབས་བྱེད་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་ལས་འགན་དང་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། 2023ལོའི་ཟླ་8པར། ཏང་ཀྲུང་དབྱང་གིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་ལ་ཆོག་མཆན་སྤྲད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དེ་སྐབས་འདིའི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་རྣམ་གྲངས་ནང་བཅུག་ཡོད། 2024ལོའི་ཟླ་7པར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ཁ་གསལ་བཏོན་ཡོད། 2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་ཞིབ་འཇུག་བྱས་ཡོད། འདི་ནི་ལོ་ངོ་30ལྷག་ཙམ་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་ཞིབ་འཇུག་བྱས་པའི་ཁྲིམས་གཞི་ཐོག་མ་དེ་ཡིན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་དེ་ཁྲིམས་འཛུགས་ཀྱི་རྣམ་གྲངས་འཛུགས་པ་དང་། འཆར་ཟིན་འགོད་པ། གྲོས་ཞིབ་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནི་ལོ་ངོ་30ལྷག་ཙམ་རིང་གླེང་གཞི་བཀོད་པའི་བཅའ་ཁྲིམས་ཐོག་མ་དེ་ཡིན།

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནི་དུས་རབས་གསར་པར་རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་ལེན་བསྟར་བ་དང་། མི་རིགས་བྱ་དོན་ཐག་གཅོད་བྱེད་པ། མི་རིགས་ལས་དོན་སྤེལ་བ་བཅས་ཀྱི་གཞི་རྩའི་བཅའ་ཁྲིམས་ཤིག་རེད། རྣམ་བཤད་དབྱེ་སྐབས་ཆེད་མངགས་གླེང་གཞི་བཟོས་ཡོད་པ་དང་། ལོ་ངོ་30ལྷག་ཙམ་རིང་གླེང་གཞི་བཀོད་པའི་བཅའ་ཁྲིམས་ཐོག་མ་དེ་ཡིན་པས། བཅའ་ཁྲིམས་དེའི་ཆབ་སྲིད་རང་བཞིན་དང་། རྩ་དོན་རང་བཞིན། གསལ་སྟོན་རང་བཞིན། ཁྲིད་སྟོན་རང་བཞིན་བཅས་མངོན་ཡོད།

2025ལོར་རང་སྐྱོང་ལྗོངས་ལྔའི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་8.66ཟིན་པ།

2012ལོ་ནས་2025ལོའི་བར། ནང་སོག་དང་། ཀོང་ཞི། བོད་ལྗོངས། ཉིང་ཞ། ཤིན་ཅང་བཅས་རང་སྐྱོངས་ལྗོངས་ལྔའི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་3.25ནས་སྒོར་དུང་ཕྱུར་ཁྲི་8.66བར་འཕར་བ་དང་། མི་རིགས་ཁག་གི་མི་དམངས་མཉམ་དུ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་ལམ་གསར་པར་བསྐྱོད་ཡོད།

ཤིན་ཅང་དུ“བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག”གི་ཡོད་ཟེར་བར་ལན་ཆ་བྱས་པ།

གསར་འགོད་པས། ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཁག་གཅིག་གིས། ཀྲུང་གོས་ཤིན་ཅང་གི་གྲངས་ཉུང་མི་རིགས་ལ“བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག”གི་ཡོད་ཟེར་བ་དང་། “བཙན་ཐབས་ཀྱིས་གནས་སྤོ་རུ་འཇུག”གི་ཡོད་ཟེར་བའི་གནས་ཚུལ་སྤེལ་ཡོད། འོན་ཀྱང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་དོན་ཚན་ནང་། ས་ཁོངས་ལས་བརྒལ་བའི་ལས་ཞུགས་དང་ལས་གཏོད་བྱེད་མཁན་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱ་རྒྱུ་ཁ་གསལ་བཀོད་ཡོད། འོ་ན་འདི་ལྟ་བུའི་མི་རིགས་ཁག་ཐུན་མོང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་དང“བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག”གི་ཡོད་ཟེར་བའི་གཏམ་བཤད་ལ་དཔྱད་བརྗོད་གང་འདྲ་སྤེལ་ལམ། ཀྲུང་གོའི་ཁྲིམས་ལུགས་ཀྱིས་མི་རིགས་ཁག་གི་ངལ་རྩོལ་པའི་འགུལ་རྣམ་ལས་ཞུགས་ཁྲོད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཇི་ལྟར་བྱས་ནས་བཙན་གནོད་མི་ཕོག་པ་བྱེད་ཀྱི་ཡོད་དམ་ཞེས་པའི་དྲི་བ་བཏོན་ཡོད།

ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲེན་རུས་ཧྥེང་གིས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནང་། ས་ཁོངས་ལས་བརྒལ་བའི་ལས་ཞུགས་དང་ལས་གཏོད་བྱེད་པའི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་དགོས་པ་ཁ་གསལ་བཏོན་ཡོད་ཅིང་། ཁྲིམས་ལུགས་ཀྱི་གཏན་འབེབས་འདི་དག་དོན་ཚན་ཉེར་ལྔ་པའི་ནང་གཅིག་བསྡུས་ཐོག་མངོན་པར་བྱས་ཡོད་པ་དང་། གཏན་འབེབས་འདི་ལྟ་བུ་བྱེད་པའི་དམིགས་ཡུལ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་འདྲ་མཉམ་གོང་འཕེལ་གྱི་ཁེ་དབང་ལ་སྲུང་སྐྱོང་དང་། འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་ཡིན་པས། ཐོག་མཐའ་བར་གསུམ་དུ་རྦད་དེ་རང་མོས་དང་། ཕྱོགས་གཉིས་གདམ་ཁ། ཁྲིམས་མཐུན་ལུགས་མཐུན། འགྲོ་འོང་རང་མོས་བཅས་ཀྱི་ལྟེ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད།

ཤིན་ཅང་གི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་བྱེད་པ་དེ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་འདོད་མོས་ལ་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཐོག་དོན་འཁྱོལ་བྱེད་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མི་རིགས་ཁག་གི་མང་ཚོགས་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་མང་དུ་གཏོང་རོགས་དང་། དཔལ་འབྱོར་གྱི་ཡོང་འབབ་མཐོ་རུ་གཏོང་ཆེད་ཡིན་པས། དེ་ནི་རྦད་དེ་ཤིན་ཅང་གི་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ་ཞིག་རེད། ཕྱིར་ལས་ཞུགས་བྱེད་པའི་ཤིན་ཅང་གི་མང་ཚོགས་ཆ་ཚང་ནི་ཁྱིམ་ཚང་གི་འཚོ་བ་ལེགས་སུ་གཏོང་བ་དང་། རང་སོའི་རྩལ་ནུས་མཐོ་རུ་གཏོང་ཆེད་མི་སྒེར་གྱི་འདོད་མོས་ལྟར་རང་བདག་ཐོ་འགོད་བྱས་པ་ཞིག་ཡིན་པ་ལས།“བཙན་ཐབས་ཀྱིས་གནས་སྤོ་བྱེད་དུ་འཇུག་པ”དང“བཙན་ཤེད་ཀྱིས་ངལ་རྩོལ་བྱེད་དུ་འཇུག་པ”ཟེར་བ་རྩ་བ་ནས་མེད། ཤོད་སྟངས་འདི་རིགས་ནི་ཁུངས་ལུང་གང་ཡང་མེད་པ་ཞིག་དང་ཧ་ཅང་དགོད་བྲོ་བ་ཞིག་རེད་ཅེས་བསྟན་ཡོད།

ཕྱི་རྒྱལ་གྱི་སྒྲིག་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཟོ་བའི་དམིགས་ཡུལ་ནི“གྲངས་ཉུང་མི་རིགས་གཅིག་འདྲར་སྒྱུར་ཆེད་རེད”ཟེར་བར་ལན་ཆ་བྱས་པ།

གསར་འགོད་པས། ཉེ་དུས་ཕྱི་རྒྱལ་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་སྤེལ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་དམིགས་ཡུལ་ནི། “གྲངས་ཉུང་མི་རིགས་གཅིག་འདྲར་སྒྱུར་ཆེད་རེད”ཅེས་བརྗོད་ནས། ཀྲུང་གོར་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་བཀག་སྡོམ་ལག་བསྟར་བྱ་རྒྱུའི་འབོད་སྐུལ་བྱས་ཡོད། ཤོད་སྟངས་འདི་ལྟ་བུར་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་དམ་ཞེས་དྲིས་པར།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་པ་དབྱིན་ཁྲའོ་ལུའུ་ཡིས། བཅའ་ཁྲིམས་དེར་གྲོས་འཆམ་བྱུང་རྗེས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚད་མཐོའི་ཁས་ལེན་ཐོབ་པ་དང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་བཞིན་ཡོད། འོན་ཀྱང་ནུབ་ཕྱོགས་ཀྱི་ཚན་པ་དང་མངའ་ཁོངས་ཕྱི་རོལ་གྱི་སྟོབས་ཤུགས་ཁག་གཅིག་གིས་སྔར་བཞིན་མི་རིགས་གནད་དོན་ཐད་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་དམའ་འབེབས་གཏོང་བ་དང་། འཆལ་གཏམ་ཁྱབ་སྤེལ་བྱེད་པ། ཀྲུང་གོར་ཤེས་རྟོགས་མེད་པ་དང་ཕྱོགས་ཞེན་ལྟ་ཚུལ་གྱིས་ཁེངས་ཡོད། འབྲེལ་ཡོད་སྒྲིག་འཛུགས་ཀྱིས་སྤེལ་བའི་གསལ་བསྒྲགས་ཟེར་བ་དེས་རང་རྒྱལ་གྱི་མི་རིགས་ས་ཁུལ་དང་མི་རིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་སྣང་མེད་དུ་འཇོག་པ་དང་། ཀྲུང་གོའི་མི་རིགས་སྲིད་ཇུས་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཇུས་མེད་ཇུས་གཏོགས་དང་དོན་མེད་སྐྱོན་འཛུགས་བྱས་པ་དེ་ནི་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ངང་ཐེ་ཇུས་བྱས་པ་ཞིག་ཡིན་པས། ང་ཚོས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

འདི་གར་ངས་ཕྱོགས་གཉིས་ཀྱི་ཐད་ནས་དཔེར་བརྗོད་འཇོག་རྒྱུ་ཡིན། གཅིག་ནི་དཔལ་འབྱོར་ཐད། རྒྱལ་ཡོངས་མི་རིགས་རང་སྐྱོང་ས་གནས་ཀྱི་དབུལ་ཕོངས་རྫོང་420དང་། རང་སྐྱོང་ལྗོངས་5 ཀུའེ་ཀྲོའུ། ཡུན་ནན། མཚོ་སྔོན་བཅས་ཀྱི་དབུལ་ཕོངས་མི་འབོར་ཁྲི་3121ཚང་མ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ཐུབ་པར་བྱས་ཡོད། དབུལ་སྒྲོལ་འགག་གཏོར་ལམ་བུའི་ཐོག་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ཐད་ང་ཚོའི་མི་རིགས་གཅིག་ཀྱང་རྗེས་སུ་ལུས་མེད་ལ་མི་གཅིག་ཀྱང་ལུས་མེད། ད་ལྟ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་སྐབས་ཀྱང་མི་རིགས་གཅིག་ཀྱང་ལུས་མི་རུང་ལ་མི་གཅིག་ཀྱང་ལུས་མི་རུང་། གྲུབ་འབྲས་དེ་ལྟ་བུ་ནི་རྒྱལ་ཁབ་གང་ཞིག་དང་སྲིད་ཏང་ཅི་ཞིག་གིས་སྒྲུབ་ཐུབ་བམ། ལྷག་པར་དུ་མི་རིགས་ས་ཁུལ་གྱི་སློབ་གསོ་དང་། སྨན་བཅོས། འགྲིམ་འགྲུལ། ཆུ་གློག་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་ལས་འཐུས་སྒོ་ཚང་བ་དང་། ཐག་རིང་ལུང་ཁུག་གི་ས་གནས་དང་མཐའ་མཚམས་ས་ཁུལ་ཚུད་པའི་ས་ཆ་ཚང་མར་ཆ་འཕྲིན་དྲ་རྒྱ་ཁྱབ་ཡོད་པས། གྲུབ་འབྲས་འདི་དག་ཚང་མ་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད། ཚང་མས་མང་ཙམ་འགྲོ་བ་དང་། མང་ཙམ་བལྟ་དགོས།  མིག་གིས་མཐོང་བའི་བདེན་པ་དང་། དོན་དངོས་རྨང་གཞིར་བྱེད་དགོས། ཡང་དཔེར་ན། རིག་གནས་ཐད། རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། ནོར་བུ་གླིང་ཁ་སོགས་རིག་གནས་ཤུལ་བཞག་འབོར་ཆེན་ཞིག་ལ་སྲུང་སྐྱོང་བྱས་ཡོད་པ་དང་། རྒྱ་ཡིག་དང་ཡུ་གུར་ཡི་གེའི་ཐོག་ནས་རྒྱུན་ཆད་ལ་ཉེ་བའི《བདེ་སྐྱིད་ཀྱི་བློ་གྲོས》ཞེས་པ་དང《དྲུ་གུའི་ཡི་གེའི་ཚིག་མཛོད་ཆེན་མོ》ཞེས་པ་སོགས་གནའ་དཔེ་ཡིག་སྒྱུར་དང་། ལེགས་སྒྲིག དཔེ་སྐྲུན་བཅས་བྱས་ཤིང་། རྩ་ཆེའི་རིག་དངོས་3000ལྷག་ཙམ་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་ཉམས་གསོ་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་པའི་ཀྲུང་གོའི་རྣམ་གྲངས་45ཡི་ནང་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་འབྲེལ་བ་ཡོད་པ་གསུམ་ཆ་གཅིག་ལས་བརྒལ་ཡོད། ལོ་རྒྱུས་དང་དོན་དངོས་དེ་དག་གིས་ཀྱང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ནི་རྦད་དེ་ཡང་དག་པ་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་གསུངས་ཡོད།

བོད་ལྗོངས་ཀྱི་ཞག་སྡོད་སློབ་གྲྭར“བཙན་ཐབས་ཀྱིས་གཅིག་འདྲར་སྒྱུར་བ”དང་། “བཙན་ཤེད་ཀྱིས་ཞག་སྡོད་བྱེད་དུ་འཇུག་པ” “འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱེད་པ”ཟེར་བ་བཅས་ཀྱི་ཤོད་སྟངས་ལ་ལན་ཆ་བྱས་པ།

གསར་འགོད་པས། ཕྱི་རྒྱལ་གྱི་སྨྱན་སྦྱོར་འགའ་ཤས་ཀྱིས་བོད་ལྗོངས་ཀྱི་ཞག་སྡོད་སློབ་གྲྭར“བཙན་ཐབས་ཀྱིས་གཅིག་འདྲར་སྒྱུར་བ”དང་།  “བཙན་ཤེད་ཀྱིས་ཞག་སྡོད་བྱེད་དུ་འཇུག་པ” “འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱེད་པ”བཅས་ཟེར་གྱི་ཡོད་པས། སློབ་གསོའི་རོགས་སྐྱོར་བྱེད་ཐབས་དང“བཙན་ཐབས་ཀྱིས་གཅིག་འདྲར་སྒྱུར་བ”ཟེར་བའི་གཏམ་བརྗོད་དེ་རིགས་ལ་དཔྱད་གླེང་གང་འདྲ་ཞིག་སྤེལ་རྒྱུ་ཡིན། ཀྲུང་གོས་བོད་ལྗོངས་སུ་ཞག་སྡོད་སློབ་གྲྭ་བཙུགས་པའི་རྒྱུ་མཚན་གང་ཡིན་པ་དང་དེར་ཕན་འབྲས་གང་འདྲ་ཐོན་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱིས་མི་རིགས་ཁག་གི་མང་ཚོགས་ནས་སློབ་གསོ་མྱོང་བའི་ཁེ་དབང་ལ་འགན་སྲུང་གང་འདྲ་བྱེད་ཀྱི་ཡོད་དམ་ཅེས་དྲི་བ་བཏོན་པར།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཏོན་དབྱི་ཅུན་གྱིས། གོང་དུ་གསར་འགོད་པ་ཁོང་གིས་གླེང་བའི་ཕྱི་རྒྱལ་སྨྱན་སྦྱོར་གྱིས་སྤེལ་བའི་གསར་འགྱུར་དེ་དག་ནི་དོན་དངོས་གནས་ཚུལ་དང་ཡོངས་སུ་མི་མཐུན་པ་ཞིག་རེད།

གཅིག་ནས། ཞག་སྡོད་ལམ་ལུགས་ཀྱི་ཐོག་ནས་ཀྲུང་གོས་མི་རིགས་འདྲ་མཉམ་དང་སློབ་གསོ་འདྲ་མཉམ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་ཏག་ཏག་མངོན་ཡོད། ཀྲུང་གོའི་འོས་འགན་སློབ་གསོའི་བཅའ་ཁྲིམས་ནང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་དགོས་མཁོར་བསྟུན་ནས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་བཙུགས་ཡོད་ཅིང་། ཁྲིམས་ལུགས་དོན་ཚན་དེའི་ནང་ད་དུང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་པའི་དམིགས་ཡུལ་ནི། སྡོད་གནས་ཁ་ཐོར་ཡིན་པའི་སློབ་ལོ་ལོན་པའི་བྱིས་པ་དང་ན་ཆུང་གིས་སློབ་གྲྭར་ཞུགས་ནས་འོས་འགན་སློབ་གསོ་དང་ལེན་བྱེད་པར་འགན་སྲུང་བྱ་ཆེད་ཡིན་པ་ནན་སྟོན་བྱས་ཡོད། དེ་ནི་ཀྲུང་གོ་སྲིད་གཞུང་གིས་ཞིབ་ཕྲའི་རྒྱལ་ཚུལ་ལ་གཞིགས་ཏེ། དམིགས་བསལ་གྱི་མི་རིགས་རང་ག་བ་ཞིག་མིན་པར། རང་རྒྱལ་གྱི་མི་རིགས་ཁག་ཚང་མས་འདྲ་མཉམ་སློབ་གསོའི་དབང་ཆ་ལོངས་སུ་སྤྱོད་པར་འགན་ལེན་བྱ་ཆེད་བཏོན་པའི་སྲིད་ཇུས་ཤིག་ཡིན།

གཉིས་ནས། ཀྲུང་གོའི་ཞག་སྡོད་ལམ་ལུགས་ནི་སློབ་གྲྭས་སློབ་མར་སྡོད་གནས་དང་ཟ་མ་སོགས་ཀྱི་འགན་ལེན་ཞབས་ཞུ་མཁོ་འདོན་བྱེད་པ་ལས་སྒོ་བཀག་རྣམ་པའི་སློབ་གྲྭ་མིན་ལ། དམག་དོན་ཅན་གྱི་དོ་དམ་དེ་བས་ཀྱང་མིན། སློབ་མ་ཞག་སྡོད་བྱེད་མིན་ནི་སློབ་མ་རང་ཉིད་དང་ཁྱིམ་བདག་གིས་རང་ཉིད་ཀྱི་ཁྱིམ་ཚང་དང་སློབ་གསོའི་དགོས་མཁོར་གཞིགས་ནས་རང་མོས་ཀྱིས་གདམ་ག་བྱེད་ཆོག་གི་ཡོད། དོན་དངོས་ཐོག་ཞག་སྡོད་སློབ་མའི་གྲངས་འབོར་ཡང་གཏན་ཁེལ་བྱས་པ་ཞིག་མིན་པས། མི་སྒེར་གྱི་དགོས་མཁོར་གཞིགས་ནས་གདམ་ག་བྱེད་ཆོག སློབ་མ་ལ་ལ་ཞག་སྡོད་ནས་འགྲོ་སྦྱོང་བྱེད་པར་བསྒྱུར་བ་དང་། སློབ་མ་ལ་ལ་འགྲོ་སྦྱོང་ནས་ཞག་སྡོད་བྱེད་པར་བསྒྱུར་བ་ནི་རྦད་དེ་སློབ་མ་དང་ཁྱིམ་བདག་རང་ཉིད་ཀྱི་གདམ་གར་རག་ལུས་ཡོད། ཞག་སྡོད་སློབ་མ་རྣམས་གཟའ་མཇུག་དང་། དུས་ཆེན་དང་གུང་གསེང་། དགུན་གསེང་དང་དབྱར་གསེང་བཅས་ཚང་མར་ཁྱིམ་དུ་ལོག་ཆོག་པ་དང་། ཁྱིམ་བདག་གིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་སློབ་གྲྭར་རང་གི་ཕྲུ་གུར་བལྟ་རུ་ཡོང་ཆོག་པ་མ་ཟད། དགོས་མཁོ་ལྟར་དུས་དང་རྣམ་པ་ཀུན་ཏུ་ཕྲུ་གུ་ཁྱིམ་དུ་བསུས་ཆོག

གསུམ་ནས། སྲིད་ཇུས་ལག་བསྟར་བྱས་པའི་ཕན་འབྲས་ཐོག་ནས་བལྟས་ན། བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་བུ་ཕྲུག་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭར་སྐྱེལ་འདོད་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཚང་མས་ཤེས་གསལ་ལྟར། བོད་རང་སྐྱོང་ལྗོངས་ཀྱི་ས་ཁོངས་རྒྱ་ཆེ་ལ་སྡོད་གནས་ཧ་ཅང་ཁ་ཐོར་ཡིན་པས། ཞིང་འབྲོག་མང་ཚོགས་ཀྱིས་བུ་ཕྲུག་སློབ་གྲྭར་སྐྱེལ་བའི་མ་གནས་ཧ་ཅང་མཐོ་བ་དང་ཁྱིམ་བདག་གིས་ཕྲུ་གུ་སློབ་གྲྭར་བསུ་སྐྱེལ་བྱེད་པའི་ཁུར་པོ་ཧ་ཅང་ལྗིད་པོ་ཡོད། ས་མཐོའི་མི་རིགས་ཁག་གི་བྱིས་པར་སྤུས་ཚད་མཐོ་བའི་སློབ་གསོ་འདྲ་མཉམ་ངང་ལོངས་སྤྱོད་བྱེད་པའི་དབང་ཆར་འགན་སྲུང་བྱེད་པ་དང་མང་ཚོགས་ཀྱི་འདོད་བློ་དང་བསྟུན་ཆེད། སྲིད་གཞུང་གིས་ཞིང་འབྲོག་ཁུལ་ཁག་གཅིག་ཏུ་ཞག་སྡོད་ལམ་ལུགས་ལག་ལེན་བསྟར་ནས་སློབ་མར་བདེ་འཇགས་དང་སྟབས་བདེའི་ཆ་རྐྱེན་དེ་བས་ལེགས་པ་བསྐྲུན་ཏེ། ཁྱིམ་བདག་དང་སློབ་མའི་དགོས་མཁོ་སྐོང་ཐུབ་པ་བྱེད་བཞིན་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942