2026ལོའི་ Outopia སྐབས་བདུན་པའི་གསེར་མཚོ་མཐའ་ཚད་བཟོད་ཤུགས་འགྲན་བསྡུར་ཕུན་སུམ་ཚོགས་པའི་ངང་མཇུག་བསྒྲིལ།
| 2026-06-29 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཟླ་6ཚེས་ 28ཉིན། 2026ལོའི་ Outopia སྐབས་བདུན་པའི་གསེར་མཚོ་མཐའ་ཚད་བཟོད་ཤུགས་འགྲན་བསྡུར་དེ་ཟུང་ཆུའི་གནའ་མཁར་དུ་མཇུག་ལེགས་པར་བསྒྲིལ།འགྲན་བསྡུར་དེ་ཚེས་26ཉིན་ནས་མགོ་བརྩམས་པ་དང་ཁྱོན་ཉིན་གསུམ་འགོར་ཡོད། འཛམ་གླིང་གི་ས་ཆ་ནས་འོངས་པའི་འགྲན་ཞུགས་པ་1800ལྷག་གིས་ཉིན་གསུམ་ལ་འགྲན་བསྡུར་བྱས་ཏེ། མི་ཡུལ་གྱི་ཞིང་ཁམས”དང“ལོ་ངོ་སྟོང་ཕྲག་འདས་པའི་མཁར་གྲོང”དུ་སྤེལ་བའི་མཐའ་ཚད་ཀྱི་མཛད་སྒོ་འདི་ལ་བཀྲག་མདངས་གསར་བ་བྱིན་ཅིང་འགྲན་ཞུགས་ཚོགས་ཆུང་སོ་སོར་གཟི་བརྗིད་ལྡན་པའི་རྒྱལ་ཁ་ཐོབ།

ཚེས་28ཉིན་གྱི་ཞོགས་པའི་དུས་ཚོད་7པར། གསེར་མཚོ་སྤྱི་ལེ་50ཡི་ཚོགས་ཆུང་དང་ཉིན་མང་འགྲན་བསྡུར་གྱི་འགྲན་ཞུགས་པ་དག་གསེར་མཚོ་མཛེས་ལྗོངས་ཁུལ་གྱི་ལྗོངས་སྐོར་ལྟེ་གནས་ནས་རྒྱུག་མགོ་བརྩམས། སྤྱི་ལེ་50ཡི་འགྲན་ལམ་དེ་གསེར་མཚོ་མཛེས་ལྗོངས་ཁུལ་དང་ཤར་དུང་རིའི་རྐང་ཐང་ལམ་ཐིག། ཟུང་ཆུའི་གནའ་མཁར་བཅས་དང་སྦྲེལ་ཡོད། ལམ་ནས་ཐའོ་ཅིན་ལུང་པ་དང་ཁྲང་ཧའེ་ཙི་བརྒྱུད་ཅིག་མཚོ་འཕགས་སྨི་4400ཡི་ཉག་ཁ་བརྒལ་ནས་ཟུང་ཆུའི་གནའ་མཁར་དུ་རྒྱུག་མཇུག་གཏད་ཡོད། རྒྱུག་ལམ་གྱི་རྣམ་པ་ཕུན་སུམ་ཚོགས་པའི་ཁར། རྒྱུག་རིམ་ཕྱེད་ཕྱི་མར་རྒྱུག་ཆོག་པའི་རང་བཞིན་ཅུང་མཐོ་བས། འགྲན་ཞུགས་པ་དག་གི་ལུས་སྟོབས་དང་ལག་རྩལ།འདུན་མའི་སྟོབས་བཅས་ལ་སྣ་འཛོམས་ལྡན་པའི་ཚོད་བགམ་ཞིག་རེད།


དེ་དང་ཆབས་ཅིག་ཏུ། གསེར་མཚོ་ཐིག་གསུམ་T3དང་གསེར་མཚོ་ལྗོངས་གཉིས་T2ཀྱི་ཉིན་མང་འགྲན་བསྡུར་གྱི་འགྲན་ཞུགས་པ་དག་གིས་ཆེས་མཐའ་མའི་ཉིན་གྱི་འགྲན་སློང་ཆེས་མཐའ་མ་གདོང་གིས་བསུས། ཉི་མ་རེ་ལ་ལྗོངས་ཁམས་རེ་རེ་བརྒྱུད་ནས་བརྒྱུགས་པ་སྟེ། བྲག་དཀར་རྦབ་ཆུའི་ཆལ་ཆིལ་གྱི་རང་སྒྲ་ནས་ཇ་རྟའི་ཚོང་ལམ་གྱི་འདས་པའི་ལོ་རྒྱུས་ཀྱི་ཕྱིར་དྲན། དེ་ནས་ཤར་དུང་རི་ཡི་ངོ་མཚར་བའི་གཟི་བརྗིད་དེ། རྒྱུག་མགོ་གཟུང་ས་ནས་རྒྱུག་མཇུག་གཏད་པའི་ཡུལ་གྱི་ལྗོངས་ཁམས་ཐམས་ཅད་ངོ་མཚར་ལྟ་བས་ཆོག་མི་ཤེས་པ་ལྟ་བུར་ཡོད་དོ།། འགྲན་ཞུགས་པ་དག་གིས་ཉིན་གསུམ་གྱི་དུས་ཚོད་སྤྱད་དེ་རང་རང་གི་བཟོད་ཤུགས་ལ་འགྲན་སློང་དང་ལྗོངས་ཁམས་ཉམས་སུ་མྱོང་བའི་ལྟད་མོ་ལེགས་པར་བསྒྲུབས་སོ།།

གསེར་མཚོ་སྤྱི་ལེ་50ཡི་འགྲན་བསྡུར་ཚོགས་ཆུང་དུ། དབྱང་ཡུས་ཀྱིས་ཆུ་ཚོད་7དང་སྐར་མ་22དང་སྐར་ཆ་53གྱིས་བུད་མེད་རིགས་ཀྱི་ཨང་དང་པོ་བླངས། ལུའོ་ཕིང་གིས་ཆུ་ཚོད་6དང་སྐར་མ་29དང་སྐར་ཆ་34ཡིས་སྐྱེས་པའི་རིགས་ཀྱི་ཨང་དང་པོ་བླངས་སོ།།

འགྲན་བསྡུར་ལ་བརྟེན་ལྗོངས་དར་བར་བྱེད། ད་ཐེངས་ཀྱི་འགྲན་བསྡུར་འདི་ནི་ཟུང་ཆུ་རྫོང་གི“རིག་གནས་ལྗོངས་སྐོར་མཉམ་འདྲེས”གཏིང་ཟབ་ཏུ་གཏོང་བ་དང“ལུས་རྩལ+འགྲན་བསྡུར”གྱི་རྣམ་པ་གསར་གཏོད་ལག་ལེན་བྱེད་པའི་དཔེ་མཚོན་གསོན་པོ་ཞིག་ཡིན། ཆུ་ཚད་མཐོན་པོ་ཅན་གྱི་ལུས་རྩལ་འགྲན་བསྡུར་གྱི་སྒེའུ་ཁུང་ལ་བརྟེན་ནས་གསེར་མཚོ་ཡི་འཛམ་གླིང་རིམ་པའི་རང་བྱུང་གི་ཤུལ་བཞག་དང་ཟུང་ཆུའི་གནའ་མཁར་གྱི་ངོ་མཚར་བའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་ཀྱི་རྨང་རྐང་ཟབ་མོ་འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ལ་མངོན་པར་བྱས་ནས“འཛམ་གླིང་རིམ་པའི་ལྗོངས་སྐོར་བྱ་ཡུལ་བསྐྲུན་པར”སྟོབས་ཤུགས་ཆེན་པོ་འབུལ་དགོས་སོ།།
ཟུང་ཆུ་རྫོང་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས། གསར་འགོད་པ་ཚུལ་ཁྲིམས་རྡོ་རྗེ།






