བོད་ལྗོངས་ཀྱིས་སྒྲིག་འགལ་གྱི་གནད་དོན་ཁག་3བརྡ་ཁྱབ་བཏང་འདུག
2022-11-23 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་ཏན་ཏིག་རྒྱག་པ། དཔེ་མཚོན་གྱོད་དཔེར་གཞིགས་ནས་ཉེན་བརྡ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་སྤྱོད་ཚུལ་བཞིའི་གནད་དོན་བསྐྱར་དུ་ཐོན་པ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།ཉེ་དུས་ཞིབ་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་གསུམ་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།
བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རིག་གནས་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་གཞོན་པ་ཝང་ཞའོ་སུང་གིས་སྒྲིག་འགལ་ངང་ཁ་གསབ་སྤྲད་དེ་དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་ལག་རྟགས་སོགས་དང་ལེན་བྱས་པའི་གནད་དོན་ཐད་ལ་བརྟག་དཔྱད་བྱས་པ་བརྒྱུད། ཝང་ཞའོ་སུང་གིས་ཉིང་ཁྲི་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པའི་འགན་འཁུར་རིང་། གྲོང་ཁྱེར་རིག་གནས་ཅུས་ཀྱི་ཏང་ཙུའི་ཚོགས་འདུ་འཚོགས་ནས་ས་ཁུལ་གསུམ་གྱི་རིག་གནས་ཆེད་དོན་གྲོན་དངུལ་ཁྲོད་ནས་སྒྲིག་འགལ་ངང་གྲོང་ཚོར་བཅའ་སྡོད་ལས་དོན་མི་སྣར་ཁྱོན་ཁ་གསབ་སྒོར་ཁྲི་17.6སྤྲད་པ་རེད། 2018ལོའི་ཟླ་9པར། ཝང་ཞའོ་སུང་གི་ཆོག་བཀོད་མོས་མཐུན་ཐོབ་པ་བརྒྱུད། གྲོང་ཁྱེར་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ཞིབ་དཔྱད་ལས་དོན་ནང་ཞུགས་མཁན་གྲོང་ཁྱེར་དང་རྫོང(ཆུས)གི་རིག་གནས་ཁོངས་གཏོགས་ཀྱི་གཞུང་གི་ལས་བྱེད་པ་4ལ་ཁྱོན་སྒོར་ཁྲི་0.2ཀྱི་ཁ་གསབ་སྤྲད་པ་རེད། 2019ལོའི་ཟླ་6པར། ཝང་ཞའོ་སུང་གིས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲུང་ཆེའི་འགན་འཁུར་རིང་། སྒེར་གཉེར་ཁེ་ལས་ཀྱི་བདག་པོས་སྤྲད་པའི་ལག་རྟགས་བླངས་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་0.36ཟིན་ཡོད་པ་རེད། ཝང་ཞའོ་སུང་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་གཞན་དག་གནས་ཡོད། 2022ལོའི་ཟླ་9པར། ཝང་ཞའོ་སུང་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་སྲིད་དོན་གནས་དབྱུང་གི་ཆད་པ་ཕོག་པ་དང་། རིམ་པ་དང་པོའི་ཁོའོ་ཡོན་ལ་གཞིགས་ནས་ལས་དོན་བཀོད་སྒྲིག་བྱས་ཐོག་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ་རེད།
བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་དེ་སྔའི་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ལིའུ་ཞའོ་ཕིང་གིས་གཏན་འབེབས་ལས་འགལ་ནས་ལག་རྟགས་བླངས་པ་དང་དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་ཡུལ་སྐོར་བཀོད་སྒྲིག་དང་ལེན་བྱས་པ་སོགས་ཀྱི་གནད་དོན་ཐད་ལ་ཞིབ་བཤེར་བྱས་པ་བརྒྱུད། ལིའུ་ཞའོ་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་སྲིད་དོན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་དང་། གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ། སྤོ་བོ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་སོགས་ཀྱི་ལས་འགན་འཁུར་རིང་། སྒྲིག་འགལ་ངང་གཞུང་དོན་དྲང་གཞག་བྱ་རྒྱུར་ཤུགས་རྐྱེན་ཐེབས་པའི་ལག་རྟགས་དང་སྐྱེས་དངུལ་ཐེངས་མང་བླངས་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་7.18ཟིན་པ་དང་། ནང་མི་དང་མཉམ་དུ་སྒེར་གཉེར་ཁེ་ལས་ཀྱི་བདག་པོས་བཀོད་སྒྲིག་བྱས་པའི་གསོལ་སྟོན་དང་ཡུལ་སྐོར་བྱེད་སྒོ་དང་ལེན་བྱས་པ་དེ་ཁྱོན་སྒོར་ཁྲི་0.36ཟིན། ལིའུ་ཞའོ་ཕིང་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་གཞན་དག་གནས་ཡོད། 2022ལོའི་ཟླ་9པར།ལིའུ་ཞའོ་ཕིང་ལ་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཅིག་དང་སྲིད་དོན་གནས་དབྱུང་གི་ཆད་པ་ཕོག་པ་དང་། རིམ་པ་གསུམ་པའི་ཀྲུའུ་རེན་ཁོའོ་ཡོན་ལ་གཞིགས་ནས་ལས་ཀ་བཀོད་སྒྲིག་བྱས་ཐོག་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ་རེད།
བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་དེ་སྔའི་རྫ་ཡུལ་ཞིང་རའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་རའི་འགོ་འཛིན་དགེ་ལེགས་ཀྱིས་སྒྲིག་འགལ་ངང་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་ལག་རྟགས་དང་སྐྱེས་དངུལ། རོལ་རྩེད་བྱེད་སྒོ་བཀོད་སྒྲིག་དང་ལེན་བྱེད་པ་སོགས་ཀྱི་གནད་དོན་ཐད་ལ་ཞིབ་བཤེར་བྱས་པ་བརྒྱུད། དགེ་ལེགས་ཀྱིས་རྫ་ཡུལ་ཞིང་རའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཞིང་རའི་འགོ་འཛིན། ཉིང་ཁྲིའི་ས་རྒོད་གསར་སྦོལ་ཡིད་འོང་ཇ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཅིང་ལི་སོགས་ཀྱིས་འགན་འཁུར་རིང་། རྫ་ཡུལ་ཞིང་རའི་རྣམ་གྲངས་ཀྱི་སྒེར་གཉེར་ཁེ་ལས་ཀྱི་བདག་པོས་སྤྲད་པའི་ལག་རྟགས་དང་། རིན་མེད་ངང་སྡོད་ཁང་མཛེས་བཟོའི་ཞབས་ཞུ་མཁོ་འདོན། རོལ་རྩེད་བྱེད་སྒོ་བཀོད་སྒྲིག་བཅས་དང་ལེན་བྱས་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་11.94ཟིན་ཡོད། སྒྲིག་འགལ་ངང་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་ཏ་ཀྲུང་རྟགས་ཅན་གྱི་(Volkswagen )རླངས་འཁོར་ཞིག་ཡུན་རིང་གཡར་ནས་བཏང་བ་རེད། དགེ་ལེགས་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་གཞན་དག་གནས་ཡོད། 2022ལོའི་ཟླ་10པར། དགེ་ལེགས་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་ཕོག་པ་དང་། དེའི་ཉེས་གསོག་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད།
གོང་གི་དཔེ་མཚོན་གྱོད་དཔེ་གསུམ་ནི་ཉིང་ཁྲི་གྲོང་ཁྱེར་དུ་ཐོན་སླ་ཞིང་ཐོན་མང་བའི་སྤྱོད་ཚུལ་བཞིའི་གནད་དོན་ཡིན་པས། འབྲེལ་ཡོད་མི་སྣར་ཐག་གཅོད་ནན་པོ་བྱས་པ་དེའི་ཐོག་ནས་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྒྲིག་ཨུད་ཀྱིས་སྤྱོད་ཚུལ་བཞི་ཡོ་བསྲང་དང་བཅོས་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་དང་རྣམ་འགྱུར་གསལ་པོ་གང་ལེགས་མཚོན་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་དེའི་ཁྲོད་ནས་བསླབ་བྱ་གཏིང་ཟབ་བླངས་ཏེ་སྒྲིག་ཁྲིམས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས།