ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་ལན་ཆ་ཆེན་པོ་བྱུང་བ།
| 2025-10-26 来源:ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། | 分享: |
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་ཐོག《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། དེས་རང་རྒྱལ་གྱི་འབྱུང་འགྱུར་ལོ་ལྔའི་རིང་གི་གོང་འཕེལ་འཆར་གཞི་བཀོད་ཡོད་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་གཙོ་བོ་བཏོན་ཡོད་ཅིང་། བབ་བསྟུན་འཕྲལ་སྒྲུབ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་གསལ་སྟོན་བྱས་ཡོད།
རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་ཆེད་ཐུན་མོང་འབད་འཐབ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་བརྗོད་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་རང་རྒྱལ་གྱི་གོང་འཕེལ་བརྒྱུད་རིམ་ནི་ཆེས་རྒྱུན་ལྡན་མིན་པ་དང་ཆེས་སྤྱིར་བཏང་མིན་པ་ཞིག་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་རང་རྒྱལ་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད།
ཚང་མས། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཐོག དཀའ་སྤྱད་མདུན་སྐྱོད་དང་འབད་འཐབ་ལྷུར་ལེན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་ཡོད། ནུབ་བྱང་བཟོ་ལས་སློབ་ཆེན་རྒྱུ་ཆ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲང་ལེ་ལེ་ཡིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་ལོ་ལྔ་ནི་རང་རེའི་རྒྱལ་ཁབ་གོང་འཕེལ་གྱི་འགག་རྩའི་ལོ་ལྔ་ཡིན། རྒྱལ་ཁབ་ཆེན་པོའི་མཆོར་ནོར་ཁག་རེ་རེ་བཞིན་འཆར་གཞི་ནས་དོན་དངོས་སུ་གྱུར་ཞིང་། ལྟེ་བའི་ལག་རྩལ་འགག་གཏོར་བྱུང་ཐེངས་རེ་རེས་ཕྱི་རྒྱལ་གྱི་སྒེར་སྡེམ་བྱེད་པའི་གནས་སྟངས་མེད་པར་བཟོས་ཡོད་པས། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་བརྗོད་ཡོད།
ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཨུད་ཧྲུའུ་ཅི་ཁྲེང་ཕེང་གིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་སུ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པའི་རྩ་བའི་རྒྱུ་རྐྱེན་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་སྟོན་སྣེ་ཁྲིད་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡོད་པས་ཡིན་ཞེས་བརྗོད་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་དང་། བབ་བསྟུན་འཕྲལ་སྒྲུབ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བར་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་བྱེད་ཐེངས་གཞན་ཞིག་ཡིན་ཞེས་བརྗོད་ཡོད།
ཚང་མས། ཚང་འཛོམས་གྲོས་ཚོགས་ཐོག་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བྱ་གཞག་རླབས་པོ་ཆེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་ཁ་ཕྱོགས་དང་ཐབས་ལམ་ཁ་གསལ་བཟོས་ཡོད་པས། མི་སེམས་ལ་སྐུལ་མ་ཐེབས་པ་དང་འབད་འབུངས་ཡར་བརྩོན་གྱི་ངར་ཤུགས་འཕེལ་བར་བྱས་ཡོད་ཅེས་བརྗོད་ཡོད།
ཀྲུང་གོ་ལྕི་བའི་འཕྲུལ་ཆས་བཟོ་གྲྭ་དང་པོ་ཚོགས་པ་ཚད་ཡོད་ཀུང་སིའི་རྒྱུ་ཆ་ཐོན་ལས་པུའུ་གློག་ཁང་གི་རྒྱུ་ལྕགས་བརྡུངས་མ་བཟོ་སྐྲུན་བཟོ་གྲྭའི་འགོ་འཛིན་གཞོན་པ་ཏོན་ཅུན་ཀང་གིས། ཚང་འཛོམས་གྲོས་ཚོགས་ཐོག་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ནས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས་ཞེས་བཏོན་པ་དེས་ང་ཚོའི་ཡིད་ཆེས་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་པ་དང་ངར་ཤུགས་དེ་བས་ཆེ་རུ་ཕྱིན་སོང་། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ཁེ་ལས་ཤིག་ཡིན་པའི་ངོས་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཁྲིད་སྟོན་ཁ་ཕྱོགས་གཞིར་བཟུང་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་ཅིང་། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཐོག ཐོན་ལས་ཀྱི་རྣམ་པ་བརྗེ་སྒྱུར་རིམ་སྤོར་ཧུར་ཐག་བྱས་ཏེ། བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཨན་ཧུའེ་ཞིང་ཆེན་ཁྲི་ཀྲོའུ་གྲོང་ཁྱེར་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཧུའེ་ཡིས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག གསར་གཏོད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་རིམ་སྤོར་བྱེད་པ། ཟམ་མི་ཆད་པར་སྦྲེལ་ཐག་སྲ་བརྟན་དང་སྦྲེལ་ཐག་སྣུར་སྲིང་། སྦྲེལ་ཐག་གསབ་མཐུད་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བཟོ་ལས་དཔལ་འབྱོར་གྱི་རྣམ་པ་བརྗེ་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བརྒྱུད། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྤུས་ཚད་དང་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།
ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་ཡུང་ཉིང་རྫོང་རྨིན་ཉིང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཁྲའོ་ཡིས། ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་བཏང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཏོན་ཡོད། ང་ཚོས་རྒུན་འབྲུམ་ཨ་རག་དང་ཁྱད་ལྡན་འདེབས་འཛུགས་གསོ་ཚགས། རིག་གནས་ཡུལ་སྐོར་སོགས་ཐོན་ལས་ལ་དམ་འཛིན་ཡག་པོ་བྱས་ཏེ། རྨིན་ཉིང་གྲོང་རྡལ་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།
ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ། ཚང་འཛོམས་གྲོས་ཚོགས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཀོད་སྒྲིག་བྱས་པར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
ཚང་མས། བསམ་བློ་དང་བྱ་སྤྱོད་གཉིས་ཀ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཐོག ཀུན་སེམས་གཅིག་སྒྲིལ་གྱིས་ཡར་རྒྱས་བརྩོན་ལེན་བྱས་ཏེ། མུ་མཐུད་འབད་འཐབ་བྱེད་པའི་ཁྲོད་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རྣམ་པ་གསར་རྐྱང་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་བརྗོད་ཡོད།
ནང་སོག་རང་སྐྱོང་ལྗོངས་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་ཝུན་ཁྲོན་གྱིས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་ཅིང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལས་འགན་ཨང་དང་པོ་དེར་དམ་པོར་དམིགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་གནད་དུ་བཟུང་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ནང་སོག་གི་ལེའུ་གསར་པ་འབད་པས་རྩོམ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཧྥུ་ཅན་ཞིང་ཆེན་རྒྱ་མཚོ་དང་ཉ་ལས་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཡན་ཀྲི་ཧོང་གིས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་དུས་མཚམས་གལ་ཆེན་འདིའི་སྐབས། ང་ཚོས་ཧྥུ་ཅན་ཞིང་ཆེན་གྱི་རྒྱ་མཚོའི་བཟང་ཆར་གཞི་ཚུགས་ནས་ཕྱོགས་གཅིག་ནས་རྒྱ་མཚོ་གོང་འཕེལ་གཏོང་རྒྱུར་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཕྱོགས་བསྡུས་བཅོས་སྐྱོང་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག སྐམ་མཚོ་གཅིག་གྱུར་འཆར་འགོད་དང་རི་མཚོ་མཉམ་འགུལ་གཏིང་ཟབ་ཏུ་བཏང་ནས། ཧྥུ་ཀྲོའུ་དང་ཞ་མོན་གྱི་རྒྱལ་ཡོངས་རྒྱ་མཚོའི་དཔལ་འབྱོར་གོང་འཕེལ་དཔེ་སྟོན་ཁུལ་འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོགས་སུ་གཏོང་བ་དང་། རྒྱ་མཚོའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གཅིག་སྡུད་སྐུལ་སྤེལ་བྱས་ཏེ། འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་རྒྱ་མཚོའི་ཐོན་ལས་མ་ལག་བསྐྲུན་རྒྱུ་ཡིན་ཞེས་བརྗོད་ཡོད།
པེ་ཅིང་གྲོང་ཁྱེར་འགྲིམ་འགྲུལ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཅུན་ཧུའེ་ཡིས། པེ་ཅིང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། པེ་ཅིང་དང་ཐེན་ཅིང་ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་གཏོང་བའི་ཁྲོད་ལམ་སྲོལ་སྔར་བས་གསར་གཏོད་དང་དྲ་རྒྱ་སྔར་བས་འཐུས་ཚང་དུ་གཏོང་བ། ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ཐོག ས་ཁོངས་གོང་འཕེལ་གྱི“འཕར་རྩ་ཆེན་པོ”མུ་མཐུད་དུ་སྦྲེལ་མཐུད་བྱས་ནས། ས་ཁོངས་ཀྱི་འགྲིམ་འགྲུལ་མཐུན་སྦྱོར་གོང་འཕེལ་གཏོང་བའི་ཚད་གཞི་གཏོད་རྒྱུ་ཡིན་ཞེས་བརྗོད་ཡོད།



