རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ཞི་ཨན་དུ་མཇུག་སྒྲིལ།
| 2021-09-28 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཚེས་27ཉིན་གྱི་དགོང་མོར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་མཇུག་སྒྲིལ་མཛད་སྒོ་ཞི་ཨན་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་མཇུག་སྒྲིལ་བའི་ཁྱབ་བསྒྲགས་གནང་བ་རེད།

སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། དམངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་དང་སེམས་པ་གཅིག་མཐུན་གྱིས་མདུན་དུ་སྐྱོད་ཅེས་པ་བརྗོད་དོན་གཙོ་བོ་བྱས་ཡོད། ལུས་རྩལ་པ་ཚོས་དཀའ་སྤྱད་འབད་འབུངས་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། འགན་འཁྲི་ཕྲག་ཏུ་འཁུར་ནས་འབད་བརྩོན་ལྷོད་མེད་བྱེད་པའི་འགན་འཁྲི་མངོན་ཡོད། སྐབས་གོང་མའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་བཅོས་བསྒྱུར་དང་གསར་གཏོད་ཀྱི་ཉམས་མྱོང་ལ་གཞིར་ནས། མང་ཚོགས་ཀྱི་འགྲན་བསྡུར་མུ་མཐུད་ནས་བཙུགས་ཡོད། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཟླ་9པའི་ཚེས་15ཉིན་ཞི་ཨན་དུ་འགོ་ཚུགས་ཤིང་། འགྲན་བསྡུར་རྣམ་གྲངས་སོ་ལྔ་དང་མང་ཚོགས་ཀྱི་འགྲན་བསྡུར་བྱེད་སྒོ་བཅུ་དགུ་བཙུགས་པ། བསྡོམས་པས་འགྲན་ཚན་ཆུང་གྲས་ལྔ་བརྒྱ་གོ་ལྔ་ཡོད་པ་དང་། ལུས་རྩལ་པ་ཆིག་ཁྲི་ཉིས་སྟོང་ལྷག་དང་མང་ཚོགས་ལུས་རྩལ་པ་ཆིག་ཁྲི་ལྷག་ཙམ་ཞུགས་ཡོད་པ་རེད།

རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་ནི་2025ལོར་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་སུ་འཚོག་རྒྱུ་ཡིན་པ་རེད། མཇུག་སྒྲིལ་མཛད་སྒོའི་ཐོག་ད་དུང་ཕུགས་འདུན་གྲུབ་ཆེད་འབད་པ་བྱེད་ཅེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། སུན་ཁྲུན་ལན་དང་། ཀྲང་ཁྲུན་ཞན། ཞའོ་ཅེ། ཀུའུ་ཧྲེང་ཙུའུ། མའོ་ཧྭ་མཇུག་སྒྲིལ་མཛད་སྒོའི་ནང་ཞུགས་པ་རེད།







