ལྷ་གྲུ་ཨང་རྟགས་བཅུ་གསུམ་པའི་འཕུར་གྲུ་སྒྲིག་ཆས་འཕེན་གཏོང་གྲ་སྒྲིག་བྱེད།
| 2021-10-08 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |
ཅོའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་ཀྱི་མི་སྡོད་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བ་རུ། ལྷ་གྲུ་ཨང་རྟགས་བཅུ་གསུམ་པའི་མི་སྡོད་འཕུར་གྲུ་སྒྲིག་ཆས་འཕེན་གཏོང་སྟེགས་བུའི་འདེགས་བཀྱག་འོག སྤྱིའི་ཚོད་ལྟ་བཟོ་གྲྭ་ནས་ཕྱིར་ཐོན་ཏེ། འཕེན་གཏོང་སྒྲོམ་གཞིའི་ཕྱོགས་སུ་བསྐྱལ་བཞིན་ཡོད།

སྤྱི་ལེ་གཅིག་ཚེག་ལྔ་ཡོད་པའི་འཁོར་རྒྱུག་བརྟན་པོ་བརྒྱུད། ཚེས་བདུན་ཉིན་གྱི་སྔ་དྲོར། ལྷ་གྲུ་ཨང་རྟགས་བཅུ་གསུམ་པའི་མི་སྡོད་འཕུར་གྲུ་དང་རྒྱང་སྐྱོད་ཨང་རྟགས་གཉིས་པའི་རྒྱང་ཚོར་ཨང་རྟགས་བཅུ་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་གཉིས་ཆ་སྒྲིག་ཏེ། འཕེལ་གཏོང་ཁུལ་དུ་བསྐྱལ་བ་རེད། ཉེ་དུས་གོ་སྐབས་བདམས་ནས་འཕེན་གཏོང་བྱ་རྒྱུ་རེད།

ཐེངས་འདིའི་ལས་འགན་ནི་བར་སྣང་ས་ཚུགས་དུས་རིམ་གྱི་མི་སྡོད་འཕུར་སྐྱོད་ཐེངས་གཉིས་པ་རེད། འཇིག་རྟེན་འཕུར་སྐྱོད་པ་གསུམ་ལྷ་གྲུ་ཨང་རྟགས་བཅུ་གསུམ་པའི་མི་སྡོད་འཕུར་གྲུར་བསྡད་དེ་བར་སྣང་ས་ཚུགས་ལ་འཕུར་ནས། ཟླ་བ་དྲུག་རིང་བར་སྣང་ལས་ཀ་ལས་རྒྱུ་རེད།







