ཞི་ཅིན་ཕིང་གིས་རྒན་རྒོན་ལས་ཀར་མཛུབ་སྟོན་གལ་ཆེན་གནང་།
| 2021-10-14 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་ཏེ་རྒན་བཀུར་དུས་ཆེན་ཤར་རན་པའི་དུས་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒན་རྒོན་ལས་ཀར་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རྒན་རྒོན་རྣམས་ཀྱི་ལུས་པོ་གསལ་ཐང་དང་འཚོ་བ་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུས།
ཞི་ཅིན་ཕིང་གིས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒན་རྒོན་ལས་ཀར་གཙིགས་ཆེན་བྱས་པ་མ་ཟད་ལས་ཀ་དངོས་སུ་ཡག་པོར་སྒྲུབ་དགོས། མི་གྲངས་རྒས་འགྱུར་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་འཐབ་ཇུས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། དགེ་མཚན་ལྡན་པའི་རྒས་འགྱུར་ལྟ་བ་དང་སྐྱོན་བྲལ་གྱི་རྒས་འགྱུར་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཡོངས་སུ་ཁྱབ་པ། ལམ་ལུགས་གསར་གཏོད་དང་། སྲིད་ཇུས་མཁོ་འདོན། ནོར་སྲིད་གཏོང་འཇོག་ནུས་ཤུགས་བཅས་ཇེ་དྲག་ཏུ་བཏང་ནས། རྒས་འགྱུར་ལས་ཀའི་མ་ལག་འཐུས་ཚང་གཏོང་བ་དང་། གཞི་རིམ་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་འགན་སྲུང་མ་ལག་དང་རྒན་གསོ་ཞབས་ཞུ་མ་ལག བདེ་ཐང་རྒྱབ་སྐྱོར་མ་ལག་བཅས་འཐུས་ཚང་ཇེ་མགྱོགསུ་གཏོང་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་གཉེན་བརྩི་རྒན་སྐྱོང་གི་སྲོལ་རྒྱུན་སྤྱོད་བཟང་པོ་འཛིན་སྐྱོང་སྤེལ་གསུམ་དང་། རྒན་རྒོན་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ། རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། རྒན་རྒོན་གྱི་ནུས་པ་གལ་ཆེ་འདོན་པ་བཅས་བྱས་ནས། རྒན་རྒོན་གྱིས་བཅོས་བསྒྱུར་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་དང་བདེ་སྐྱིད་ཀྱི་ཚེ་སྨད་གཏོང་ཐུབ་པར་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།







