英文藏文APP W020161009565839193236.jpg | 微信 111111111.jpg

མཚན་སྙན་ཐོབ་ཅིང་རྒྱལ་ཁའི་ངང་ཕྱིར་ལོག་པའི་ཆོས་དབྱིངས་སྐྱིད་ཀྱི་གདོང་ལ་དྲོད་སྐྱིད་ཀྱི་འཛུམ་མདངས་ཀྱིས་ཁེངས་ཡོད།

2023-10-08 来源:ཀྲུང་གོ་བོད་ཀྱི་དྲ་བ། 作者: 分享:

ccb74785-64fe-45ad-aebd-993329ac4e75.jpg

མཚན་སྙན་ཐོབ་ཅིང་རྒྱལ་ཁའི་ངང་ཕྱིར་ལོག་པའི་ཆོས་དབྱིངས་སྐྱིད་ཀྱི་གདོང་ལ་དྲོད་སྐྱིད་ཀྱི་འཛུམ་མདངས་ཀྱིས་ཁེངས་ཡོད།

      མེ་ཏོག་དང་ཁ་བཏགས། དགའ་བསུ་དང་འཐམ་འཁྱུད་སོགས། ཟླ10པའི་ཚེས6ཉིན་གྱི་ཆུ་ཚོད19དང་སྐར་མ40ཡི་སྟེང་།    ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་རྒྱལ་ཁའི་ངང་ཕྱིར་ཕ་ཡུལ་མཚོ་སྔོན་དུ་ལོག་བྱུང་།  མཚོ་སྔོན་ནས་འཛམ་གླིང་གར་སྟགས་སུ་སྐྱོད་པའི་ལུས་རྩལ་པ་ཁོ་མོས་སྨག་ནག་པའི་ཟི་ལིང་གི་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་ཐང་ལ་བཀྲག་མདངས་བསྣན།  

       ཨོ་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་ལེན་མཁན་ཏེ་ཆོས་དབྱིངས་སྐྱིད་རྒྱལ་ཁའི་ངང་ཕྱིར་ལོག་པར་དགའ་བསུ་བྱེད་དགའ་བསུའི་ཐལ་མོའི་རྡེབ་སྒྲ་སོགས་དང་འཕྲེད་བྱང་རེ་རེ་ཡིས་ཚང་མའི་རེ་སྒུག་ཡོད་ཚད་མངོན་མི་ནུས།  མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་ཐོན་པའི་མགོ་ཁྲིད་གཙོ་བོ། དེ་མིན་ཞིང་ཆེན་ཡོངས་ཀྱི་སྨྱན་སྦྱོར་སྡེ་ཁག་གི་མིག་དབང་ཡོངས་སུ་སྐབས་ཐོག་དེར་ཕྱོགས་ཡོད།  

     ཀྲུང་གོར་ཐུགས་རྗེ་ཆེ། མཚོ་སྔོན་ལ་ཐུགས་རྗེ་ཆེ། རང་ཉིད་ཀྱིས་ཚང་མའི་རེ་བ་སྟོང་ཟད་དུ་མ་བཏང་བར་ཐུགས་རྗེ་ཆེ། ཕ་ཡུལ་དུ་ཕྱིར་ལོག་ཆོས་དབྱིངས་སྐྱིད་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་དང་བསྡུར་ན་སྔར་བས་ལྷོད་ལ་བབས་ཡོད་ཅིང་ཁོ་མོའི་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཕྱུག་ཡོད།  

       ཀྲུང་གོར་གཟི་བརྗིད་བརྩོན་ལེན་བྱས་ཤིང་།  མཚོ་སྔོན་ལ་ངོ་མཚར་བསྣན།  

     སྔ་དྲོར་རུ་མི་དང་མཉམ་དུ་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ35ཡི་ཚོགས་སྤྱིའི་འགྲོ་རྩལ་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་བླངས་པ་དང་། དགོང་མོར2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ20ཡི་འགྲོ་རྩལ་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་བླངས། ཉིན་གཅིག་ལ་ལྗིད་ཏིག་ཏིག་གི་གསེར་གྱི་རྟགས་མ་གཉིས་བླངས་པས།  སྤྱིར་བཏང་གི་ཟླ10པའི་ཚེས4ཉིན་དེ་སྤྱིར་བཏང་མ་ཡིན་པ་ཞིག་ཏུ་བསྒྱུར།  ཡིན་ཏེ།  ཉིན་དེ་ནི་ཆོས་དབྱིངས་སྐྱིད་ལ་དབང་བའི་ཉིན་མོ་ཞིག་རེད།  

     ཉིན་འདི་འགར།  བྱ་དགའ་ཐོབ་པའི་མྱོང་ཚོར་གླེང་སྐབས་ཐུགས་རྗེ་ཆེ་ཞེས་པ་ནི་ཆོས་དབྱིངས་སྐྱིད་ཀྱིས་གླེང་རྒྱུ་ཆེས་མང་བའི་སྐད་ཆ་དེ་རེད། བགྲང་བྱ་མང་པོའི་རིང་དུ། ཁོ་མོའི་སེམས་སུ་བཀའ་དྲིན་དྲན་ཞིང་ཁེངས་སྐྱུང་དང་ཞི་འཇམ་གྱིས་མདུན་དུ་སྐྱོད་ཅིང་བློ་བརྟན་འགྱུར་མེད་ངང་འགྲོ་རྩལ་ནི་དོན་དག་སྐྱིད་པོ་ཞིག་ཏུ་སྒོམ་ཡོད།  

       དགུན་གསུམ་གྱི་གྲང་ངར་དང་དབྱར་གསུམ་གྱི་ཚ་སྡུག   ལོ་ངོ་བཅུ་གྲངས་ཁ་ཤས་རིང་འབད་འབུངས་ཧུར་བརྩོན་བྱས་ཤིང་།  མཆོང་རྒྱུག་ར་བ་ནས་སྤྱི་ལེ་ཁྲི་བཅུ་ལས་བརྒལ་བ་སོང་མྱོང་།  ཆོས་དབྱངས་སྐྱིད་ཀྱི་འགྲོ་རྩལ་བགྲོད་ལམ་སྟེང་གཟི་བརྗིད་དང་རྨས་སྐྱོན། ཐེ་ཚོམ།  རུ་ཁག་ལས་ཕྱིར་ལོག་རྒྱུ་སོགས་ཀྱི་ཚོར་སྣང་བྱུང་མྱོང་ལ། རྒྱུན་དུ་རང་ཉིད་ལ་ཡིད་ཆེས་ཉམས་པའི་ཚོར་སྣང་ཡང་བྱུང་ཡོད། འོན་ཀྱང་ཁོ་མོའི་དཀའ་སྤྱད་འབད་བརྩོན་དང་རང་གཅུན་རང་སྡོམ་ནི་མིག་མཐོང་ལག་ཟིན་རེད། 

      ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཁེ་ཕན་སྔོན་ལ་བཞག   ཁོ་མོའི་ལུས་རྩལ་བགྲོད་ལམ་ལའང་ཀྱག་ཀྱོག་ལྡན་ཞིང་། ཁོ་མོས་མྱོང་བའི་དཀའ་སྡུག་དང་རྨས་སྐྱོན་གྱིས་ང་ཚོར་སེམས་འགུལ་ཐེབས་སུ་བཅུག་ཡོད།  འདི་ལྟ་བུའི་རྒྱལ་ཁ་དང་གྲུབ་འབྲས་ནི་ཐོབ་འོས་པ་ཞིག་རེད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་སྨན་པ་ཞའོ་ཡུས་ཅུན་འགན་སྲུང་བ་ཞིག་ཡིན་པའི་ངོས་ནས་ཆོས་དབྱིངས་སྐྱིད་ཀྱི་འཚར་ལོངས་ལ་བདེན་དཔང་བྱས་ཡོད།  

       ལོ་ཟླ་ནི་གཙང་པོ་བཞིན་དལ་གྱིས་བཞུར་སོང་། འདས་སོང་ལ་ཕྱིར་མིག་འཕངས་ཚེ།  ཆོས་དབྱིངས་སྐྱིད་རང་ཉིད་ཀྱི་བརྒྱུད་རིམ་རེ་རེར་བག་ལྷོད་དང་ཞི་འཇམ་གྱིས་ཁེངས་ཤིང་། མྱོང་བ་དང་ཚོར་བ་སྣ་ཚོགས་འགྲོ་རྩལ་ལུས་རྩལ་པ་རྙིང་བ་འདིའི་ཀྱག་ཀྱོག་གི་ལུས་རྩལ་བརྒྱུད་རིམ་དུ་འཐིམས་ཡོད། ཁོ་མོས“བརྒྱུད་རིམ་རེ་རེ་ནི་བརྗེད་དཀའ་བ་ཞིག་རེད། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྟེང་གི་གསེར་གྱི་རྟགས་མ་ནི་ཚོགས་པ་ཐུན་མོང་གི་འབད་བརྩོན་གྲུབ་འབྲས་ཡིན། འདི་ལས་བདག་ལ་ཡང་བསྐྱར་ཡིད་ཆེས་བསྩལ་བྱུང་།  དུས་ཚོད་ངེས་ཅན་ཞིག་ལ་ངལ་གསོ་དང་སྦྱོང་བ་བྱས་རྗེས་རྣམ་པ་ལེགས་པོའི་སྒོ་ནས་ཡང་བསྐྱར་རུ་ཁག་ནང་ཞུགས་ཤིང་སྔར་བས་ཟུར་མང་པོའི་སྒོ་ནས་རང་ཉིད་ཀྱི་ནུས་པ་མངོན་ཐུབ་རྒྱུའི་རེ་བ་བཅངས་ཡོད་ཟེར།  

     ཀྲུང་གོའི་ལུས་རྩལ་ལོ་རྒྱུས་སྟེང་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཞུགས་མྱོང་བའི་བོད་རིགས་ལུས་རྩལ་པ་དང་པོ་དང་།  ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའ་སྤྲོད་པའི་སྟེགས་བུའི་ཐོག་ལངས་མྱོང་བའི་བོད་རིགས་ལུས་རྩལ་པ་དང་པོ།  ཨོ་རྩལ་འགྲན་ཚོགས་ཁྲོད་ཐེངས་གསུམ་ལ་ཞུགས་པའི་བོད་རིགས་ལུས་རྩལ་པ་དང་པོ།  རྒྱལ་ནང་གི་བུད་མེད་འགྲོ་རྩལ་གྱི་སྣེ་ཁྲིད་པའི་གྲས་ཤིག་ཡིན་པའི་ཆོས་དབྱིངས་སྐྱིད་ལ་མཚོན་ན།  ཀྲུང་གོའི་ལུས་རྩལ་དང་ཀྲུང་གོའི་འགྲོ་རྩལ་གྱི་དོན་སྙིང་དང་རིན་ཐང་དེ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་གཉིས་ཀྱི་དོན་སྙིང་ལས་བརྒལ་ཡོད། གཟེངས་བསྟོད་རྟགས་མ་ལས་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མངོན་ཡོད་མོད།  འོན་ཀྱང་ནམ་ཡང་ཡལ་བ་དང་དོར་བ་མེད་པའི་དཀའ་སྤྱད་སྡུག་རུས་དང་འབད་འབུངས་ཧུར་བརྩོན། དཔའ་ངར་མདུན་སྐྱོད་ཀྱི་ལུས་རྩལ་སྟོབས་ཤུགས་དེ་གཟེངས་བསྟོད་རྟགས་མ་ལས་བརྒལ་ཡོད།   འགྲན་རའི་སྟེང་གི་གཟི་མདངས་ནི་གཟེངས་བསྟོད་རྟགས་མ་ཁོ་ན་ལས་མ་འདས་ཤིང་།  དེ་བས་ཀྱང་འབད་བརྩོན་ལྷོད་མེད་དང་། ཕུགས་འདུན་དོན་གཉེར། རང་ཉིད་ལས་བརྒལ་བའི་སྙིང་སྟོབས་དེ་དག་རེད། 

    ད་ལྟ།  ལུས་རྩལ་པ་རེ་རེ་གཟེངས་བསྟོད་སྟེགས་བུའི་ཐོག་ལངས་པའི་སྐབས་སུ་གདོང་ལ་མི་རིགས་ཡིད་ཆེས་ཀྱི་རྣམ་འགྱུར་གྱིས་ཁེངས་ཡོད་པ་དེས་སྔར་ལས་མགྱོགས་ཤིང་སྔར་ལས་མཐོ་བ། སྔར་ལས་སྟོབས་ལྡན། སྔར་ལས་མཐུན་སྒྲིལ་བཅས་ཀྱི་ཨོ་རྩལ་སྙིང་སྟོབས་མངོན་ཡོད། ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ལེན་པར་ལོ་བཅུ་གཅིག་རྗེས་སུ་ལུས་པ་དེ་ནི་འབད་བརྩོན་བྱེད་འོས་པའི་ལུས་རྩལ་སྟོབས་ལྡན་པ་ཞིག་ལ་མཚོན་ན།  འགྱོད་པ་དང་ཡིད་ཕམ་ག་འདྲ་ཡོད་སྲིད་དམ།  གོ་སྐབས་ག་ཚོད་ཤོར་ཡོད་དམ།  ཚང་མས་བློ་བརྟན་འགྱུར་མེད་ཀྱི་བུ་མོ་དེར་ཕངས་སེམས་ཆེན་པོ་སྐྱེས་བཞིན་པའི་སྐབས་སུ་ཆོས་དབྱིངས་སྐྱིད་ལ་རང་ཉིད་ཀྱི་བསམ་ཚུལ་ཡོད། 

     ཆོས་དབྱིངས་སྐྱིད་ཀྱིས“ལོ་ངོ་བཅུ་གཅིག་འདས་སོང་། ང་རང་ཉིད་ལ་མཚོན་ན།  ཨོ་རྩལ་འགྲན་ཚོགས་སྟེང་ཨང་དང་པོ་ཐོབ་པར་དོན་སྙིང་དེ་འདྲ་ཆེན་པོ་མེད། འོན་ཀྱང་མཚོ་སྔོན་ལ་མཚོན་ན་འདི་ནི་མཐོ་ཚད་གསར་པ་ཞིག་ཡིན་པས་ང་ཚོར་སྔར་ལས་མང་བའི་རེ་བ་མཐོང་དུ་བཅུག་ཡོད།  འོན་ཀྱང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དེ་བདག་ལ་མཚོན་ན། སྒུལ་ཤུགས་གསར་བ་ཞིག་ཡིན་པས་ང་ལ་ཡུན་རིང་མ་བྱུང་བའི་གདེང་ཚོད་ཅིག་སྦྱིན་ཡོད།  གསེར་གྱི་རྟགས་མ་གཉིས་ཐོབ་པ་འདིས་སྔར་ལས་མང་བའི་གཞོན་ནུ་མང་པོར་སྒུལ་ཤུགས་ཐོབ་པའི་རེ་བ་ཡོད་ལ།  ངས་ཀྱང་རང་ཉིད་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁོང་ཚོར་ཁ་ཕྱོགས་འཚོལ་རོགས་བྱ་རྒྱུ་ཡིན།  ན་གཞོན་ལུས་རྩལ་པ་ཚོས་ད་ལྟའི་གོ་སྐབས་དམ་འཛིན་བྱེད་པར་སྨོན། རྒྱུ་མཚན་ལུས་རྩལ་པ་རེ་རེའི་གྲུབ་འབྲས་ནི་རིམ་པ་སོ་སོའི་མགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་ཆེན་པོ་དང་ཁ་འབྲལ་ཐབས་མེད་ཟེར།

     ང་དང་ང་ཚོ། མི་སྒེར་དང་ཁྱོན་ཡོངས། མཚོ་སྔོན་གྱི་ལུས་རྩལ་ལ་དོ་ཁུར་དང་མཚོ་སྔོན་གྱི་འགྲོ་རྩལ་ལ་དོ་ཁུར་བྱེད་པའི་བར།  ཆོས་དབྱིངས་སྐྱིད་ཀྱི་ཕྲག་སྟེང་དུ་རང་ཉིད་ཀྱིས་ལས་གནས་བརྟན་སྲུང་བྱེད་པའི་འགན་འཁྲི་ཡོད། 

       ཆོས་དབྱིངས་སྐྱིད་ཀྱིས་ན་གཞོན་ལུས་རྩལ་པར་ཐུགས་ཁུར་བྱེད་པའི་སྐད་ཆ་གོ་རྗེས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་འགྲོ་རྩལ་ལུས་རྩལ་པ་ཀུའོ་ཁུའེ་ཀྲི་ཅ་ལ་ཡིད་ཆེས་ཀྱིས་ཁེངས་བཞིན།   ཆོས་དབྱིངས་སྐྱིད་ནི་ནམ་ཡང་ང་ཚོའི་དགེ་རྒན་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན་ལ། ང་ཚོའི་མིག་དཔེ་བཟང་བོའང་ཡིན་པས་ང་ཚོས་ཁོང་ལ་སློབ་སྦྱོང་བྱས་ནས། དཀའ་སྤྱད་སྡུག་རུས་ཀྱིས་སྦྱོང་བརྡར་བྱས་ཏེ་གོམ་སྟབས་རེ་རེ་བཞིན་སྔར་ལས་རྒྱ་ཆེ་བའི་གར་སྟེགས་སུ་བསྐྱོད་པ་དང་། ངེས་པ་དོན་གྱིས་ཁོ་མོས་བཤད་པ་དང་འདྲ་བར་ཁོ་མོའི་གོམ་སྟབས་ཀྱི་རྗེས་སུ་སྙེག་དགོས་ཟེར། 

      མཚན་མོ་སྔར་བས་སྨག་ནག་ཏུ་གྱུར་ཅིང་ཚང་མ་ཁ་འབྲལ་མི་འདོད་པའི་ཁྲོད་ནས་ཆོས་དབྱིངས་སྐྱིད་དང་མོའི་ཁྱིམ་མི་ཚོ་ཁྱིམ་དུ་ལོག་མགོ་བརྩམས། 

     མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་མི་ཤུགས་ཐོན་ཁུངས་པུའི་པུའུ་ཀྲང་གཞོན་པ་ཡའོ་ཅིན་ཀྲུའུ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས།  ཆོས་དབྱིངས་སྐྱིད་ཀྱི་བློ་བརྟན་འགྱུར་མེད་དང་དཀའ་སྤྱད་འབད་བརྩོན་གྱི་དཔེ་སྟོན་སྣེ་ཁྲིད་འོག་མཚོ་སྔོན་དུ་ཕུལ་བྱུང་ལུས་རྩལ་པ་དེ་བས་མང་པོ་བྱུང་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་བྱ་གཞག་སྔར་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་སྨོན།  ང་ཚོའི་ཆོས་དབྱིངས་སྐྱིད་ཀྱང་སྔར་བས་ཇེ་ལེགས་ཇེ་བཟང་དུ་འགྱུར་བར་སྨོན་ཟེར།  །

关键词 >>
分享:

相关阅读

网站地图 新闻 专题 晚会活动 康巴卫视节目 视频 娱乐 图说 文化 旅游
国内国际
涉藏新闻
岗日杂塘
启米时间
法治明镜
向巴聊天
康巴讲坛
康巴欢乐汇
雪域高原
欢乐星播客
快乐汉藏语
周末大舞台
藏歌金曲
云丹科普苑
格桑花开
翁姆报天气
央视新闻联播
康巴卫视新闻
纪录片
微视频
专题片
电影
电视剧
动画片
藏歌藏舞
晚会活动
文化动态
藏传佛教
名家专栏
艺术
旅游资讯
景点推荐
风土人情
旅游宝典
加载更多 >>
涉藏各地
甘南武威天祝玉树果洛海南海北海东海西黄南迪庆州昌都那曲林芝拉萨日喀则山南阿里甘孜州阿坝州凉山木里
合作媒体
关于我们卫视动态播出时间表广告刊例用户协议举报制度

蜀ICP备 15032686号

新闻信息服务资质备案号:川新备14-000059

川公网安备 51019002000121号


中国互联网举报中心

四川省互联网不良与违法信息举报中心


违法及不良信息举报电话:028-8598 1942