ཀྲུང་གོའི་གསར་འགྱུར་བྱ་དགའ་དང་ཁྲང་ཅང་ཐའོ་ཧྥུན་བྱ་དགའ་སྤྲོད་པའི་སྙན་ཞུ་ཚོགས་འདུ་པེ་ཅིན་དུ་བསྡུས།
| 2023-11-23 来源:ཞིན་ཧྭ་དྲ་བ། | 分享: |
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་གསར་འགྱུར་བྱ་དགའ་སྐབས་སོ་གཉིས་པ་དང་སོ་གསུམ་པ། ཁྲང་ཅང་ཐའོ་ཧྥུན་བྱ་དགའ་སྐབས་བཅུ་བདུན་པ་བཅས་ཀྱི་བྱ་དགའ་སྤྲོད་པའི་སྙན་ཞུ་ཚོགས་འདུ་ཚེས21ཉིན་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་བྱ་དགའ་ཐོབ་པའི་མཐུས་མིར་ཐུག་འཕྲད་གནང་།
ཟླ11པའི་ཚེས21ཉིན། ཀྲུང་གོའི་གསར་འགྱུར་བྱ་དགའ་སྐབས་སོ་གཉིས་དང་སོ་གསུམ་པ། ཁྲང་ཅང་ཐའོ་ཧྥུན་བྱ་དགའ་སྐབས་བཅུ་བདུན་པ་བཅས་ཀྱི་བྱ་དགའ་སྤྲོད་པའི་སྙན་ཞུ་ཚོགས་འདུ་པེ་ཅིན་དུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་བྱ་དགའ་ཐོབ་པའི་མཐུས་མིར་ཐུག་འཕྲད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལའེ་ཐུག་འཕྲད་ནང་ཞུགས་པ་མ་ཟད། སྙན་ཞུ་ཚོགས་འདུ་ནང་ཞུགས་ཏེ་གསུང་བཤད་གནང་།
སྔ་དྲོའི་ཆུ་ཚོད9དང་སྐར་མ30སྟེང་། ཚའེ་ཆི་མི་དམངས་ཚོགས་ཁང་ཆེན་མོའི་བྱང་གི་ཚོམས་ཆེན་དུ་ཕེབས་ནས་བྱ་དགའ་ཐོབ་པའི་འཐུས་མི་རྣམས་ལ་རྟེན་འབྲེལ་ཞུས་ཤིང་། འཐུས་མི་རྣམས་དང་མཉམ་དུ་རྗེས་དྲན་གྱི་མཉམ་པར་བསྐྱོན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལའེ་ཐུག་འཕྲད་ནང་ཞུགས་པ་མ་ཟད། སྙན་ཞུ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།
ཚོགས་ཐོག་ཏུ། རྒྱ་ཆེ་བའི་གསར་འགྱུར་ལས་དོན་པས་ཞི་ཅིན་ཕིང་གི་རིག་གནས་བསམ་བློར་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱ་རྒྱུ་དེ་ངེས་སྦྱོང་གི་བསླབ་ཚན་དུ་བཞག་ནས། བསམ་བློའི་དགོངས་པ་གལ་ཆེན་འདིའི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་ཟབ་མོ་བླངས་ཏེ། རང་འགུལ་སྒོས་གསར་འགྱུར་ལངས་ཕྱོགས་ཀྱི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོར་ཁྱབ་པར་བྱ་རྒྱུ་དང་། ཧུར་ཐག་སྒོས་བརྩེ་སེམས་ལྡན་པ་དང་ནུས་པ་ལྡན་པ། འགན་འཁྲི་ལྡན་པ་བཅས་ཀྱི་དུས་རབས་གསར་བའི་གསར་འགྱུར་ལས་དོན་པ་ཞིག་བྱ་དགོས་ཞེས་བླང་བྱ་བཏོན།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གསར་འགྱུར་འཐབ་ཕྱོགས་ཀྱིས་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ། དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཆེད་དུ་ཤུགས་བསྣན་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་གི་འདུ་ཤེས་གསར་བ་དང་ཁྱབ་ཁོངས་གསར་བ། མཚོན་ཐབས་གསར་བ་བཅས་ཀྱིས་ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། དུས་རབས་གསར་བའི་གཏམ་རྒྱུད་བཅས་ལེགས་པོ་བརྗོད་དེ། ལག་རྩལ་གསར་བ་དང་ལས་སྟེགས་གསར་བ། ཐབས་རྩལ་གསར་བ་བཅས་བཀོལ་ནས་ཀུན་འདུས་མཉམ་སྦྱོར་གྱི་རྒྱུད་སྒྲོག་མ་ལག་འཛུགས་སྐྲུན་བྱེད་པ་དང་མུ་མཐུད་ནས་གསར་འགྱུར་གྱི་ལངས་ཕྱོགས་བྱ་བའི་རྣམ་པ་གསར་བ་གསར་དུ་གཏོད་དགོས།
ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧི་ཕིང་གིས་ཚོགས་ཐོག་ཏུ་ཤིས་ཚིག་ཕུལ། མི་དམངས་མཚོ་དམག་ཚགས་པར་ཁང་དང་བཟོ་བའི་ཉིན་རེའི་ཚགས་པར་ཁང་། མི་དམངས་ཉིན་རེའི་ཚགས་པར་ཁང་། ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀྲེ་ཅང་རླུང་འཕྲིན་བརྙན་འཕྲིན་སྡེ་ཚོགས། ཧ་ཨར་ཕིན་ཉིན་རེའི་ཚགས་པར་ཁང་བཅས་ཀྱི་འཐུམ་མིས་གཏམ་བཤད། ཀྲུང་དབྱང་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་གྲས་ཀྱི་འགན་ཁུར་བློ་མཐུན། གསར་འགྱུར་ལས་དོན་པའི་འཐུས་མི་སོགས་མི310ལྷག་ཚོགས་འདུར་ཞུགས། །




