ཟླ་བ་རེ་རེར་དུས་ཚིགས་ཁྱད་པར་ཅན་འདི་དག་འདུག
| 2026-01-02 来源:སེམས་ཀྱི་ཞིང་ཁམས། | 分享: |

ཀྲུང་ཧྭ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བོད་ལྗོངས་ཀྱི་དྲ་རྒྱའི་སྤུས་ལེགས་རིག་གནས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཀྱི་ཆེད། ——༢༠༢༦ལོར་ང་ཚོས《མཛེས་པའི་བོད་ལྗོངས། ཟླ་རེའི་དུས་ཚིགས》ཞེས་པའི་དྲ་རྒྱའི་རིག་གནས་བརྩམས་ཆོས་ཁག་ཇུས་འགོད་བྱས་ནས་བསྟན་རྒྱུ་ཡིན། མུ་འབྲེལ་བརྩམས་ཆོས་ཁག་ནི་སྲོལ་རྒྱུན་གྱི་དུས་ཚིགས་གཙོ་བོར་བྱས་ཏེ། བོད་ཚེས་དང་དུས་ཚིགས་འདི་ཉིད་དེང་རབས་ཚན་རིག་ཤེས་བྱ་དང་ཟུང་འབྲེལ་གྱིས་ཟླ་རེའི་སྲོལ་རྒྱུན་དུས་ཆེན་དང་ཁྲིམས་བཀོད་ངལ་གསོ། དམངས་སྲོལ་དུས་ཆེན། དེ་བཞིན་དམིགས་བསལ་དུས་སྐབས་བརྗོད་བྱ་གཙོ་བོར་བྱས་ཏེ། མཛེས་པའི་བོད་ལྗོངས་ཀྱི་དུས་རབས་ཁྱད་ཆོས་དང་མཛེས་སྡུག་ལྡན་པའི་ཕུགས་འདུན་བཤམས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་དུ་ཡོད་པའི་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུ་ཡིན།
སྤྱི་ཟླ་༡ཚེས་༡ཉིན་ནས་སྤྱི་ལོ་གསར་པ་ཚེས་པ་དང་། ང་ཚོས་གུང་གསེང་ཉིན་གསུམ་རིང་ངལ་གསོ་བྱས་ཆོག ཟླ་དང་པོའི་ནང་ད་དུང་གྲང་ངར་ཆེ་ཆུང་༼སྤྱི་ཟླ་༡ཚེས་༥དང་སྤྱི་ཟླ་༡ཚེས་༢༠ཉིན༽གཉིས་དང་ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་༼ཟླ་༡ཚེས་༢༦ཉིན༽ཀྱི་དུས་ཆེན་ཡོད།




