རང་རྒྱལ་གྱིས་ལས་འཁྱུར་ངལ་གསོའི་ལོ་ཚོད་ཕྱིར་འགྱངས་བྱ་རྒྱུ་རེད།
| 2024-09-13 来源:ཤམ་བྷ་ལ་ཆ་འཕྲིན། | 分享: |

ཚེས༡༣ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐོག་རིམ་བགྲོད་རྣམ་པའི་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་ཕྱིར་འགྱངས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། གཏན་འབེབས་ལྟར་ན། ༢༠༢༥ལོའི་ཟླ༡ཚེས༡ཉིན་ནས་བཟུང་རང་རྒྱལ་གྱིས་ལོ༡༥སྤྱད་ནས་རིམ་བཞིན་སྐྱེས་པ་ལས་བཟོ་པའི་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་དེ་སྔ་མའི་ལོ་༦༠་ནས་ལོ་༦༣ལ་ཕྱིར་འགྱངས་བྱ་རྒྱུ་དང་།བུད་མེད་ལས་བཟོ་པའི་ཁྲིམས་བཀོད་ལས་འགྱུར་ངལ་གསོའི་ལོ་ཚོད་དེ་སྔ་མའི་ལོ༥༠དང་ལོ་༥༥་ནས་སོ་སོར་ལོ་༥༥དང་ལོ༥༨ལ་ཕྱིར་འགྱངས་བྱ་རྒྱུ་གཏན་འཁེལ་བྱས།
འདི་ནི་ལས་བཟོ་བའི་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་དེ་དུས་རབས་གོང་མའི་ལོ་རབས༥༠པར་གཏན་འཁེལ་བྱས་རྗེས་ལོ ༧༠ལྷག་ཙམ་རིང་ཐོག་མར་ལེགས་སྒྲིག་བྱས་པ་རེད།
ཁྲིམས་བཀོད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་ཕྱིར་འགྱངས་བྱ་རྒྱུ་ཕུད། ལས་བཟོ་པར་ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་མ་དངུལ་ལེན་པའི་དངུལ་སྤྲོད་ལོ་ཚོད་དམའ་ཤོས་ལེགས་སྒྲིག་བྱ་རྒྱུ་དང་། ༢༠༣༠ལོ་ནས་བཟུང་ལོ༡༥ནས་ལོ༢༠བར་རིམ་བཞིན་མཐོ་རུ་གཏོང་རྒྱུ་དང་། ལོ་རེར་ཟླ༦མཐོ་རུ་གཏོང་རྒྱུ་ཐག་བཅད་ཡོད།
གཅིག་གྱུར་གྱིས་ལས་འཁྱུར་ངལ་གསོ་ཕྱིར་འགྱངས་བྱས་པའི་རྨང་གཞིའི་ཐོག་ལས་བཟོ་པས་གྲོན་དངུལ་སྤྲོད་པའི་ལོ་ཚོད་དམའ་ཤོས་སུ་སླེབས་ན་རང་མོས་ཀྱིས་སྔོན་ལ་ལས་འཁྱུར་ངལ་གསོ་བྱ་ཆོག་པ་དང་། སྔོན་ནས་ལས་འཁྱུར་ངལ་གསོ་བྱ་དགོས་ཚེ་ཆེས་མང་ན་ལོ་༣ལས་བརྒལ་མི་ཆོག་པར་མ་ཟད། ལས་འཁྱུར་ངལ་གསོའི་ལོ་ཚོད་དེ་སྔ་མའི་ཁྲིམས་བཀོད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་ལས་དམའ་མི་རུང་། ཡང་ལས་ཁུངས་དང་ལས་བཟོ་པས་གྲོས་མཐུན་བྱུང་རྗེས་ལས་འཁྱུར་ངལ་གསོ་ཕྱིར་འགྱངས་བྱ་ཆོག་པ་དང་། ཕྱིར་འགྱངས་བྱེད་པའི་དུས་ཚོད་དེ་ལོ་གསུམ་ལས་བརྒལ་མི་ཆོག་པ་གཏན་འཁེལ་བྱས་ཡོད།




